ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གིས་ན་གཞོན་གྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་གི་རྐང་འཛིན་པའི་གསོ་སྦྱོང་འཛིན་གྲྭ་བསྒྲུབས།
2023.07.16 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 19

ཉེ་ལམ། ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གིས་ན་གཞོན་གྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་གི་རྐང་འཛིན་པའི་གསོ་སྦྱོང་འཛིན་གྲྭ་བསྒྲུབས་ཏེ་སྡེ་ཁག་སོ་སོའི་ན་གཞོན་ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་གི་ཆུ་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་བྱས།

གསོ་སྦྱོང་བྱེད་སྐབས་རིགས་པའི་གཞུང་ལུགས་སློབ་སྦྱོང་ལ་ཤུགས་སྣོན་བྱེད་པ་དང་མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་ཆུ་ཚད་མཐོ་རུ་གཏོང་བའི་གཙོ་ཐིག་དེར་དམ་པོར་དམིགས་ནས་སློབ་ཚན་བཀོད་སྒྲིག་ཞིབ་ཚགས་བྱེད་པར་ཤུགས་སྣོན་བརྒྱབ་སྟེ་སློབ་ཁང་དུ་སློབ་སྦྱོང་དང་ཡུལ་དངོས་སློབ་ཁྲིད་བྱས་པ་མ་ཟད། ན་གཞོན་གྱི་ཁྱད་ཆོས་མངོན་གསལ་ལྡན་པའི་ཕུལ་བྱུང་གི་དཔེ་སྟོན་སློབ་ཚན་ལྟ་སྦྱོང་བྱས་ཏེ་རིགས་པའི་གཞུང་ལུགས་ལ་བརྟེན་ནས་ཐོག་མའི་བསམ་འདུན་སྐྱེད་སྲིང་དང་རིགས་པའི་གཞུང་ལུགས་ལ་བརྟེན་ནས་འགན་འཁྲི་ཁྲིད་སྟོན་བྱེད་པ། ཞིབ་བསྡུར་སྤེལ་རེས་ལ་ཤུགས་སྣོན་བྱེད་པའི་ཐད་འབད་བརྩོན་བྱས་ཏེ་ཆབ་སྲིད་ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་བྱེད་པའི་བསམ་བློ་བརྗེ་རེས་ཐད་ཤུགས་སྣོན་བྱས་པ་མ་ཟད། ལང་ཚོའི་རྣམ་པ་མངོན་གསལ་ལྡན་པའི་སེམས་ཁམས་བརྗེ་རེས་ཀྱང་བྱས། སློབ་མའི་ཚོགས་པའི་མཉམ་ལས་འདུ་ཤེས་མཐོར་འདེགས་དང་། ན་གཞོན་གྱི་རིགས་པའི་གཞུང་ལུགས་ཀྱི་སློབ་སྦྱོང་དེ་ལས་ཁུངས་དང་སྡེ་ཁག་བརྒལ་ནས་མཉམ་འབྲེལ་སློབ་སྦྱོང་དང་མཉམ་སྐྲུན་བྱེད་པར་སྐུལ་འདེད་བཏང་། ན་གཞོན་གྱི་ཁྱད་ཆོས་མངོན་གསལ་ལྡན་པའི་ཐད་འབད་བརྩོན་བྱས་ནས་ཚན་ཆུང་གི་དཔེ་སྟོན་སློབ་ཚན་གསར་བཏོད་བྱས་ཡོད་པ་དང་། སློབ་སྦྱོང་སྤྱི་བསྡོམས་བྱེད་པའི་བརྙན་ཐུང་ཡང་བསྟན་པ་རེད། “ན་གཞོན་གྱི་སྐད་བརྡ”ལ་བརྟེན་ནས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་རྒྱས་བཤད་བྱས་ཏེ་ན་གཞོན་གྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་དེ“གསོན་ཤུགས་ལྡན་པར”བྱས་ནས་སྡེ་ཁག་སོ་སོའི་ན་གཞོན་གྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་བྱ་བའི་ཆེད་དུ་བསམ་ཕྱོགས་གསར་པ་མཁོ་འདོན་བྱས་ཡོད།

གསོ་སྦྱོང་གི་མཐར་ཕྱིན་མཛད་སྒོ་དང་ན་གཞོན་གྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་བྱ་བའི་བཀོད་གཏོང་ཚོགས་འདུའི་སྟེང་། ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་ན་གཞོན་གྱི་རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲོས་པར་སྔར་ལས་ཤུགས་སྣོན་བྱེད་པའི་བྱ་བར་བཀོད་སྒྲིག་བྱས། ལས་ཁུངས་ཀྱི་ན་གཞོན་རྣམས་ལ་“རྒྱལ་དོན་གྱི་ཆེ་ཕྱོགས་བསམ་པའི”བློ་རྒྱ་ལྡན་པར་བྱེད་པ་དང་། རིགས་པའི་གཞུང་ལུགས་སློབ་སྦྱོང་ལ་རང་རྟོགས་ཀྱིས་ཤུགས་སྣོན་རྒྱག་པ། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་གླེང་སྐབས་ན་གཞོན་གྱི་སྟོབས་ཤུགས་འདོན་པ་དང་། ན་གཞོན་ལས་བྱེད་པས་རིགས་པའི་གཞུང་ལུགས་སློབ་སྦྱོང་བྱེད་སྟངས་གསར་པ་འཚོལ་ཞིབ་བྱེད་པ། ན་གཞོན་གྱི་ཁྱད་ཆོས་འབུར་ཐོན་ཅན་གྱི་བརྗོད་དོན་སློབ་སྦྱོང་རྣམ་པ་སྣ་ཚོགས་སྤེལ་ཏེ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་དད་འདུན་བྱེད་མཁན་དང་། ལག་ལེན་ཟོལ་མེད་བྱེད་མཁན། ཁྱབ་སྤེལ་ཧུར་ཐག་བྱེད་མཁན་བཅས་བྱེད་དགོས་པའི་རེ་བ་བཏོན།


བསོད་ནམས་ཚེ་རིང་གིས་བསྒྱུར།