ཝུའུ་ཞའོ་ཅུན་གྱིས་སྔ་གཞུག་ཏུ་འགོ་འཛིན་བྱས་ཏེ་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་དང་རྒྱུན་ལས་གྲོས་ཚོགས་བསྡུས།
2023.07.17 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 17

ཟླ་བདུན་པའི་ཚེས་བཅུ་དྲུག་ཉིན།  ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི།  ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་སྔ་གཞུག་ཏུ་འགོ་འཛིན་བྱས་ཏེ་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་དང་རྒྱུན་ལས་གྲོས་ཚོགས་བསྡུས་ནས།    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན།    ཀྲུང་དབྱང་གི་གྲོས་ཚོགས་གལ་ཆེན་གྱི་དགོངས་དོན་བཅས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་།   ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་དོན་འཁྱོལ་བྱས་པར་མ་ཟད།  འབྲེལ་ཡོད་བྱ་བར་ཞིབ་འཇུག་བྱས།

གྲོས་ཚོགས་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་དབྱང་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པ་དང་ཅང་སུའུ་ལ་རྟོག་ཞིབ་དང་ཤར་ཕྱོགས་འཐབ་ཁུལ་སྡེ་ཁག་ལ་གཟིགས་ཞིབ་གནང་སྐབས།   དེ་མིན་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་བྱ་བ་དང་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་འགོ་གཙོའི་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་ཉེར་གསུམ་པར་ཞུགས་སྐབས་བཅས་སུ་གནང་བའི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས།    གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན།   བཅོས་སྒྱུར་བཀོད་སྒྲིག་གི་རྗེས་སུ་སྙེག་པ་དང་བཅོས་སྒྱུར་འགན་འཁྲི་བཟང་བོར་ཁུར་ཏེ་ཁྱབ་ཁོངས་གཙོ་བོའི་བཅོས་སྒྱུར་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་སྤེལ་ནས་གྲོན་ཟད་ཚོད་འཛིན་རིམ་བཞིན་ཐཱན་ཉུང་གཏོང་ཚོད་འཛིན་དུ་བསྒྱུར་བ་སོགས་ཕྱོགས་ནས་གྲུབ་འབྲས་གསར་པ་ལེན་པར་སྐུལ་འདེད་གཏོང་དགོས།  བསླབ་ནས་ལས་ལ་སྐུལ་བ་རྒྱུན་འཁྱོངས་བྱས་ཏེ་འགན་སྒྲུབ་ཀྱི་ཁྲིད་ཕྱོགས་ལེགས་བཅོས་དང་འགན་སྒྲུབ་ཀྱི་སྒུལ་ཤུགས་ཇེ་དྲག་ཏུ་གཏོང་བ།  འགན་སྒྲུབ་ཀྱི་མཉམ་ཤུགས་གྲུབ་པར་བྱེད་པ།   མི་དམངས་ལ་བདེ་སྐྱིད་བསྐྲུན་པའི་སྲིད་འབྲས་ལྟ་བ་འཛུགས་པ།  དོན་སྒྲུབ་ལས་གཏོད་ཀྱི་སྙིང་སྟོབས་སྐུལ་སློང་བྱེད་པ།   དོན་འཁྱོལ་དམ་འཛིན་བྱེད་པའི་རྣམ་པ་བཟང་བོ་གྲུབ་པར་བྱས་ཏེ་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་ལ་མགྱོགས་མྱུར་སྒོས་སྐུལ་འདེད་གཏོང་དགོས།   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དྲ་རྒྱའི་རྒྱལ་ཁབ་སྟོབས་ལྡན་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་ཟབ་མོ་དང་ལག་བསྟར་ནན་མོ་བྱེད་པ་དང་།    འགན་འཁྲི་ཡིད་ལ་དམ་པོར་འཛིན་པ།   བྱེད་ཐབས་ཇེ་ཞིབ་ཏུ་གཏོང་བ་བཅས་བྱས་ཏེ་དྲ་རྒྱ་དང་ཆ་འཕྲིན་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཤུགས་ཆེན་པོས་སྐུལ་འདེད་གཏོང་དགོས།

གྲོས་ཚོགས་སྟེང་ཟླ་དྲུག་པའི་ཚེས་ཉེར་དགུ་ཉིན་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས།    གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན།   ནམ་ཡང་ལྷོད་གཡེང་མི་བྱེད་པའི་འགན་འཁྲིའི་བསམ་པས་ཉེན་ཁ་སྔོན་འགོག་དང་མངོན་མེད་རྐྱེན་ངན་མེད་པར་བྱེད་པ།   མི་འདང་ས་ཁ་གསབ་བྱེད་པ།  བདེ་འཇགས་ལ་འགན་སྲུང་བྱེད་པ་བཅས་ཀྱི་བྱ་བ་སོ་སོ་ཏན་ཏིག་གིས་བཟང་བོར་སྒྲུབ་ནས་བདེ་འཇགས་ཚད་མཐའ་བརྟན་སྲུང་བྱེད་དགོས།    འདོན་སྤྲོད་སྤུས་ཚད་མཐོར་འདེགས་དང་འཛད་སྤྱོད་རྣམ་པ་གསར་གཏོད །   འཛད་སྤྱོད་ཆ་རྐྱེན་ བཅོས་སྐྱོང་།  འཛད་སྤྱོད་ཁོར་ཡུག་ལེགས་སྒྱུར་བཅས་བྱས་ཏེ་ཁྱིམ་ཚང་འཛད་སྤྱོད་ལ་སྐུལ་འདེད་གཏོང་དགོས།

གྲོས་ཚོགས་སྟེང་ཞིང་ཆེན་ཡོངས་ཀྱི་ད་ལོའི་ལོ་སྟོད་ཀྱི་དཔལ་འབྱོར་གནས་བབས་དབྱེ་ཞིབ་དང་ད་ལོའི་ལོ་སྨད་ཀྱི་བྱ་བ་བཟང་བོར་བསྒྲུབ་པའི་གྲོས་གཞིའི་སྐོར་གྱི་སྙན་ཞུ་ལ་ཉན།  གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན །  བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱེད་པ་དང་ཆ་ཚང་ཞིང་ཡང་དག་པ།  ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་རྒྱུན་འཁྱོངས་བྱེད་པ།   འཕེལ་རྒྱས་ཀྱི་རྣམ་པ་གསར་པར་ཞབས་འདེགས་ཞུ་བ་དང་དེའི་ཁྲོད་འདྲེས་པར་བྱེད་པ།   སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཤུགས་ཆེན་པོས་སྐུལ་འདེད་གཏོང་བ།  ཕྱི་རོལ་ཡུལ་གྱི་ཆོས་ཉིད་རྒྱུན་འཁྱོངས་བྱེད་པ།    ཐོག་མཐའ་བར་གསུམ་དུ་འཕར་སྣོན་བརྟན་འཇགས་དང་ལས་ཞུགས་བརྟན་འཇགས།   དངོས་གོང་བརྟན་འཇགས།   གཙོར་གཞིར་ཞབས་འདེགས་ཞུ་བ་དང་བཟོ་ལས་གཏན་འཇགས་སུ་གཏོང་བ།   དངུལ་གཏོང་རིམ་སྤོར་བཅས་དམ་འཛིན་བྱེད་པ།    སྐྱེ་ཁམས་ཁོར་ཡུག་དང་གཞི་རྩའི་དམངས་ཚིས།   བདེ་འཇགས་ཚད་མཐའ་བཅས་ལ་འགན་སྲུང་བྱེད་རྒྱུ་བཅས་རྒྱུན་འཁྱོངས་བྱས་ཏེ་དུས་ཚིགས་བཟང་བོར་གྲུབ་འབྲས་ཡག་པོ་ལེན་པར་འགན་སྲུང་བྱེད་དགོས་པ་དང་།   རྒྱུན་ཆད་མེད་པར་བཟང་ཕྱོགས་སུ་འཕེལ་བའི་རྣམ་པ་སྲ་བརྟན་དང་མཐོར་འདེགས་བཏང་ནས་དཔལ་འབྱོར་འཁོར་སྐྱོད་ཕྱོགས་ཡོངས་ནས་བཟང་ཕྱོགས་སུ་འཕེལ་བ་མངོན་འགྱུར་བྱེད་དགོས།

གྲོས་ཚོགས་སྟེང་འཕྲིན་བཅར་བྱ་བའི་སྐོར་གྱི་སྙན་ཞུ་ལ་ཉན།   གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན།    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་འཕྲིན་བཅར་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱས་ཏེ་འཕྲིན་བཅར་བྱ་བའི་ཆེད་ལས་ཅན་དང་ཁྲིམས་སྐྱོང་ཅན།   ཆ་འཕྲིན་ཅན།  ཚན་རིག་ཅན་བཅས་ཀྱི་ཆུ་ཚད་མཐོར་འདེགས་གཏོང་བ་དང་།   དམངས་ཀྱི་དཀའ་ཁག་སེལ་བ་དང་ཏང་དང་དཀའ་སྡུག་མཉམ་ཁུར་གྱི་ཆབ་སྲིད་འགན་འཁྲི་བརྟན་པོར་ཁུར་དགོས།

གྲོས་ཚོགས་སྟེང་མཚོ་སྔོན་ཞིང་ཆེན་གྱི་ཉིས་སྟོང་ཉེར་གསུམ་ལོ་ནས་ཉིས་སྟོང་ཉེར་ལྔ་ལོའི་དབུར་ཐར་མི་གྲངས་ཀྱི་ཡོང་སྒོ་སྤར་བའི་ལོ་གསུམ་འགུལ་སྐྱོད་ཇུས་གཞི་དང་མཚོ་སྔོན་ཞིང་ཆེན་གྱི་ལས་ཞུགས་བརྟན་འཇགས་སྲིད་ཇུས་ལེགས་སྒྲིག་བྱས་ཏེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་དམངས་ཚིས་ལ་ཕན་འདོགས་པའི་བྱེད་ཐབས་འགའ་ཞེས་པར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།   གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན།   རིམ་པ་སོ་སོའི་འགན་འཁྲི་དོན་འཁྱོལ་དང་དངོས་ཐོག་བདེན་འཚོལ་རྒྱུན་འཁྱོངས།   མི་ཚོགས་གཙོ་བོ་གཅིག་བསྡུས་ཀྱིས་བྱེད་ཐབས་སྣ་མང་སྤྱད་དེ་དབུལ་ཐར་མི་གྲངས་ཀྱི་ཡོང་སྒོ་བརྟན་འཇགས་ངང་འཕར་བར་སྐུལ་འདེད་གཏོང་དགོས།    ལས་ཞུགས་ལས་གནས་བརྟན་འཇགས་སུ་གཏོང་བ་དང་རྒྱ་བསྐྱེད་དེ་ཁེ་ལས་ཀྱི་གསོན་ཤུགས་བསྐྱེད་པ་དང་ལས་ཞུགས་ཁྱབ་ཁོངས་རྒྱ་བསྐྱེད་པ།    དཀའ་ཁག་ཡོད་པའི་མི་ཚོགས་ཀྱི་ལས་ཞུགས་རོགས་སྐྱོར་ལ་ཤུགས་བསྣན་ནས་མཐོ་རིམ་མཐར་ཕྱིན་སློབ་མ་སོགས་ན་གཞོན་གྱིས་ལས་ཞུགས་ལས་གཏོད་བྱེད་པར་སྐུལ་འདེད་གཏོང་དགོས།

གྲོས་ཚོགས་སྟེང་མཚོ་སྔོན་ཞིང་ཆེན་གྱི་ཉིས་སྟོང་ཉེར་གཉིས་ལོའི་ཞིང་ཆེན་རིམ་པའི་ནོར་སྲིད་ངེས་རྩིས་འཆར་ཟིན་ཀྱི་སྙན་ཞུ་དང་།   མཚོ་སྔོན་ཞིང་ཆེན་གྱི་ཉིས་སྟོང་ཉེར་གསུམ་ལོའི་ལོ་སྟོད་ཀྱི་སྔོན་རྩིས་ལག་བསྟར་གནས་ཚུལ་གྱི་སྙན་ཞུར་གྲོས་ཞིབ་བྱས་ནས་རྩ་དོན་སྟེང་གྲོས་འཆམ་བྱུང་བ་དང་།   གོ་རིམ་བཞིན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་སྤྲད་དེ་ཞིབ་བཤེར་བྱེད་པར་རེ་ཞུ་བྱེད་དགོས་པའི་བླང་བྱ་བཏོན།

གྲོས་ཚོགས་སྟེང་ད་རུང་དོན་དག་གཞན་དག་ལའང་ཞིབ་འཇུག་བྱས།

                                                                                                            ལྷ་མོ་ཚེ་རིང་གིས་བསྒྱུར།