ཁྲིན་ཀང་གིས་མགོ་འཛིན་བྱས་ཏེ་མཚོ་སྔོན་ཞིང་ཆེན་ཏང་ཨུའི་དམག་དོན་གྲོས་སྡུར་གྲོས་ཚོགས་བསྡུས།
2023.07.18 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 14

ཟླ་བདུན་པའི་ཚེས་བཅུ་བདུན་ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུས་དམག་དོན་གྲོས་སྡུར་གྲོས་ཚོགས་བསྡུས་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམག་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་དང་པོ་ཁྲིན་ཀང་གིས་ཚོགས་འདུར་མགོ་འཛིན་བྱས་ཏེ་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དགོངས་པར་སློབ་སྦྱོང་དང་དེ་ལག་བསྟར་གཏིང་ཟབ་བྱས་ནས། མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་དེ་བཞིན་རྒྱལ་སྲུང་སྐུལ་སློང་དང་རྗེས་གྲབས་སྟོབས་ཤུགས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུར་ཕན་འབྲས་གསར་པ་ཐོན་པར་བྱེད་དགོས། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་། ཞིང་ཆེན་རྒྱལ་སྲུང་སྐུལ་སློང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝུའུ་ཞའོ་ཅུན་ཚོགས་འདུར་ཞུགས།

ཁྲིན་ཀང་གིས་བསྟན་དོན། ན་ནིང་ནས་བཟུང་ཞིང་ཆེན་ཡོངས་ཀྱི་དམག་དཔུང་དང་ས་གནས་ཀྱི་རིམ་པ་སོ་སོས་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དགོངས་པ་ལག་བསྟར་མཐའ་གཅིག་ཏུ་བྱས་ཏེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་དང་། རྒྱལ་སྲུང་གི་དངོས་ཡོད་སྟོབས་ཤུགས། དཔལ་འབྱོར་གྱི་དངོས་ཡོད་སྟོབས་ཤུགས་བཅས་མཉམ་དུ་འཕེལ་བར་སྐུལ་འདེད་བཏང་ཡོད། ཞིང་ཆེན་དམག་ཁུལ་དང་མཚོ་སྔོན་དུ་སྡོད་པའི་དམག་དཔུང་གིས་འཕྲལ་སྡོམ་ཉེན་སེལ་དང་གྲོང་གསེབ་དར་སྤེལ་སོགས་ཀྱི་ལས་འགན་ཧུར་ཐག་ངང་འཁུར་བ་དེའི་སྟེང་ནས། མི་དམངས་དམག་དཔུང་ནི་མི་དམངས་ཀྱི་ཆེད་དུ་བཙུགས་པའི་སྣང་བརྙན་བཟང་པོ་གང་ལེགས་སྒོས་མངོན་ཡོད་ཅིང་། ལས་དོན་ཁག་སོ་སོར་འཕེལ་རྒྱས་གསར་པ་བྱུང་ཡོད།

ཁྲིན་ཀང་གིས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དགོངས་པ་ནི། དམག་དཔུང་སྟོབས་ལྡན་དུ་གཏོང་བའི་ལས་དོན་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བའི་གཞི་རྩ་ཡིན་པས། ཏང་གི་གཞུང་ལུགས་གསར་གཏོད་བྱེད་པའི་དམག་དོན་གྱི་ལེའུ་དེར་སྔར་ལས་སློབ་སྦྱོང་བྱས་ནས། “གཏན་ཕབ་གཉིས”ལ་ལྷག་བསམ་རྣམ་དག་གི་སྒོ་ནས་སྲུང་སྐྱོབ་བྱེད་པ་དང་། “སྲུང་སྐྱོང་གཉིས”ཀྱི་བསམ་བློའི་རྨང་གཞི་སྔར་ལས་ཇེ་བརྟན་དུ་གཏོང་དགོས། ཆབ་སྲིད་ལ་མཐོང་ཆེན་བྱེད་པའི་ངོས་ནས་དམག་དཔུང་གི་ལས་དོན་ལ་མཐོང་ཆེན་བྱེད་པ་དང་། མཚོ་སྔོན་ཡུན་སྐྱོང་བདེ་འགོད་ཡོང་བའི་མཐོ་ཚད་ནས་བསྡད་དེ། དམག་དཔུང་གི་ལས་དོན་ལ་ངོས་འཛིན་ཡག་པོ་བྱེད་པ། འཐབ་ནུས་ཆེ་རུ་གཏོང་བ་དང་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བ། དམག་དོན་གྱི་ཕན་འབྲས་ཆེ་རུ་གཏོང་བ་དང་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཕན་འབྲས་འདོན་སྤེལ་བྱེད་པའི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ། ནུས་ཤུགས་ཡོད་རྒུས་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་གྱི་ལས་དོན་ལ་ཞབས་འདེགས་ཞུ་བ། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ་བཅས་བྱེད་དགོས། ཏང་ནན་སྐྱོང་དང་དྲག་ཆས་ལ་དོ་དམ་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་ཇེ་དམ་དུ་བཏང་ནས། མགོ་ཁྲིད་ཀྱིས་འགན་ཉིས་བརྩེགས་འཁུར་བ་དང་ཕྱོགས་གཉིས་ཀར་འགན་གཅིག་ལྕོགས་བྱེད་པ། ཏང་ཨུས་དམག་དོན་གྲོས་སྡུར་བྱེད་པ། ཡུལ་དངོས་ནས་གཞུང་དོན་སྒྲུབ་པ། ལས་འགན་སྒྲུབ་ཚུལ་ལ་དཔྱད་བསྡུར་བྱེད་པ་སོགས་ཀྱི་ལམ་ལུགས་དོན་འཁྱོལ་ནན་མོ་བྱས་ནས། ཏང་གིས་དྲག་ཆས་ལ་དོ་དམ་བྱ་རྒྱུ་ལམ་ལུགས་ཅན་དང་རྒྱུན་གཏན་ཅན། ཚད་ལྡན་ཅན་བཅས་སུ་འགྱུར་བར་སྐུལ་འདེད་གཏོང་བ་དང་། དམངས་ཡོངས་ཀྱི་རྒྱལ་སྲུང་སློབ་གསོར་མུ་མཐུད་དུ་ཤུགས་བསྣན་ནས། ཏང་ལ་དགའ་ཞེན་བྱེད་པ་དང་རྒྱལ་ཁབ་ལ་དགའ་ཞེན་བྱེད་པ། སྤྱི་ཚོགས་རིང་ལུགས་ལ་བཅངས་པའི་དོན་དངོས་ཀྱི་བརྩེ་སེམས་དང་བདེ་སྡོད་ཉེན་དྲན་གྱི་འདུ་ཤེས། བརྗོད་དོན་སློབ་གསོ་དང་སློབ་གསོའི་ལག་ལེན་བྱེད་སྒོར་དམ་འཛིན་ཡག་པོ་བཅས་བྱས་ཏེ། བརྗོད་དོན་སློབ་གསོའི་ཕན་འབྲས་དེ“བྱས་རྗེས་གསར་པ་འཇོག་པའི”སྟེང་ནས་མངོན་པར་བྱས་ནས། མཚོ་སྔོན་གྱི“སྔར་ལས་གལ་ཆེན་གསུམ”གྱི་འཐབ་ཇུས་གནས་བབ་ཀྱི་སྟེང་ནས་རྐང་ཚུགས་པར་བྱེད་པ། གཞི་གཅིག་ཅན་གྱི་རྒྱལ་ཁབ་ཀྱི་འཐབ་ཇུས་མ་ལག་དང་ནུས་པ་སྲ་བརྟན་དང་མཐོར་འདེགས་གཏོང་བ། མཚོ་སྔོན་ཞིང་ཆེན་གྱི་རྒྱལ་སྲུང་སྐུལ་སློང་གི“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”འཆར་འགོད་ལས་འགན་དོན་འཁྱོལ་བྱེད་ཚད་སྔར་ལས་ཇེ་མགྱོགས་སུ་གཏོང་བ། རྒྱལ་སྲུང་སྐུལ་སློང་གི་རྩ་འཛུགས་མཐུན་སྦྱོར་དང་ཞི་འཐབ་ཚུལ་སྒྱུར། ཚུར་སྣང་གང་མགྱོགས། རོགས་སྐྱོར་འགན་ལེན་བཅས་ཀྱི་ནུས་པ་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་གཏོང་དགོས། ཐབས་བརྒྱ་ཇུས་སྟོང་འཐེན་ནས་དམག་དཔུང་གི་སེམས་ཁྲལ་དང་དཀའ་ངལ་སེལ་རོགས་བྱེད་པ་དང་། དམག་དཔུང་གི་དཔོན་དམག་ཚོའི་དཀའ་ཁག་དང་རེ་ལྟོས་ཀྱི་གནད་དོན་རང་འགུལ་ངང་ཤེས་རྟོགས་བྱེད་པ། དམག་བཀུར་ཁྱིམ་སྐྱོང་གི་བྲེལ་ཡོད་སྲིད་ཇུས་དང་ལམ་ལུགས་ལག་བསྟར་དོན་འཁྱོལ་བྱེད་པ་བཅས་བྱས་ནས། སྤྱི་ཚོགས་ཡོངས་སུ་དམག་མིར་གུས་བཀུར་དང་རྒྱལ་སྲུང་ལ་རྒྱབ་སྐྱོར་བྱེད་པའི་མཁའ་དབུགས་བཟང་བོ་ཞིག་གྲུབ་པར་བྱེད་དགོས།

ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ཝང་ལིན་ཧུའུ་ཡིས་ཚོགས་འདུའི་འབྲེལ་ཡོད་དགོངས་དོན་བརྒྱུད་སྒྲོག་བྱས་པ་དང་། ཞིང་ཆེན་དམག་ཁུལ་གྱི་ཧྲའོ་ཅང་དམག་དཔོན་ལིག་ཀི་ཕིང་གིས། ཉིས་སྟོང་ཉེར་གཉིས་ལོའི་ཞིང་ཆེན་ཡོངས་ཀྱི་རྒྱལ་སྲུང་སྐུལ་སློང་དང་རྗེས་གྲབས་སྟོབས་ཤུགས་འཛུགས་སྐྲུན་བྱས་པའི་གནས་ཚུལ་སྐོར་ནས་སྙན་ཞུ་ཕུལ། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་དམག་ཁུལ་གྱི་ཧྲའོ་ཅང་དམག་དཔོན་ཡུས་ཧྲུའུ་ཆང་གིས། ཡུས་ཧྲུའུ་དང་མགོ་ལོག རྨ་ལྷོ། མཚོ་ནུབ། མཚོ་བྱང་། མཚོ་ནུབ། མཚོ་ཤར་བཅས་ཀྱི་ཡན་ལག་དམག་ཁུལ་དང་། ཟི་ལིང་ཉེན་ཟོན་བདེ་སྲུང་དམག་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་དང་པོས་ཏང་དོ་དམ་དང་དྲག་ཆས་ལས་དོན་གྱི་ལས་འགན་སྒྲུབ་པའི་གནས་ཚུལ་ལ་དཔྱད་འཇོག་བྱས། ཚོགས་ཐོག་ནས་ཉིས་སྟོང་ཉེར་གཉིས་ལོའི་མཚོ་སྔོན་དུ་སྡོད་པའི་དམག་དཔུང་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་ལ་ཞིབ་འཇུག་ཐག་གཅོད་བྱ་རྒྱུར་ཕུལ་བའི་འབྲེལ་ཡོད་དཀའ་ངལ་དང་གནད་དོན་སོགས་ཀྱི་གནས་ཚུལ་བསྒྲགས།

ཞིང་ཆེན་གྱི་མགོ་ཁྲིད་ཝང་ཝེ་ཏུང་དང་ཝང་དབྱང་། ཚེ་རིང་ཐར། ཝང་ཏ་ནན། ཝུའུ་ལ་ཙི་པེ་ཁི·རི་སུའུ་ལིས་ཧན། པད་ཁོ། ཀྲུའུ་ཞང་ཧྥུན། ལུའུ་ཀང་། ལིག་ཁྲའོ་བཅས་དང་། མཚོ་སྔོན་དུ་སྡོད་པའི་དམག་དཔུང་གི་མགོ་ཁྲིད་རྣམ་རྒྱལ་དང་དབྱང་ཁི་ཞང་བཅས་ཚོགས་འདུར་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།