རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕྱིར་སྡོད་གཞུང་ཚབ་ཆེན་མོ་བསྐོ་འཐེན་བྱས།
2023.07.18 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 23

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཆོད་དོན་གཞིར་བཟུང་སྟེ་གཤམ་གྱི་ཕྱིར་སྡོད་གཞུང་ཚབ་པ་དག་བསྐོ་འཐེན་བྱས།

གཅིག ཧོང་ཀྲིན་གྱི་སྨི་ཁེ་ལུའོ་ཉི་ཞི་ཡ་རྒྱལ་ཕྲན་མཉམ་འབྲེལ་དུ་སྡོད་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆེད་བསྐོས་གཞུང་ཚབ་ཆེན་མོའི་གོ་གནས་བླངས་པ་དང་།

ཝུའུ་ཝེ་སྨི་ཁེ་ལུའོ་ཉི་ཞི་ཡ་རྒྱལ་ཕྲན་མཉམ་འབྲེལ་དུ་སྡོད་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆེད་བསྐོས་གཞུང་ཚབ་ཆེན་མོར་བསྐོ་འཇོག་བྱས།

གཉིས། ཅང་ཡན(མོ)གྱི་ཝུའུ་ཙི་པེ་ཁི་སི་ཐན་སྤྱི་མཐུན་རྒྱལ་ཁབ་ཏུ་སྡོད་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆེད་བསྐོས་གཞུང་ཚབ་ཆེན་མོའི་གོ་གནས་བླངས་པ་དང་།

ཡུས་ཅུན་ཝུའུ་ཙི་པེ་ཁི་སི་ཐན་སྤྱི་མཐུན་རྒྱལ་ཁབ་ཏུ་སྡོད་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆེད་བསྐོས་གཞུང་ཚབ་ཆེན་མོར་བསྐོ་འཇོག་བྱས།


བསོད་ནམས་ཚེ་རིང་གིས་བསྒྱུར།