ཞི་ཅིན་ཕིང་གིས་ཧྥེ་ལེ་པེན་གྱི་ཙུང་ཐུང་ཟུར་པ་ཏུའུ་ཐི་ཨར་ཐི་ལ་མཇལ་འཕྲད་གནང་།
2023.07.18 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 33

ཟླ་བདུན་ཚེས་བཅུ་བདུན་ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་དུ་ཧྥེ་ལེ་པེན་གྱི་ཙུང་ཐུང་ཟུར་པ་ཏུའུ་ཐི་ཨར་ཐི་ལ་མཇལ་འཕྲད་གནང་།

ཟླ་བདུན་ཚེས་བཅུ་བདུན་ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་དུ་ཧྥེ་ལེ་པེན་གྱི་ཙུང་ཐུང་ཟུར་པ་ཏུའུ་ཐི་ཨར་ཐི་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་བསྟན་དོན། ཁྱེད་ཀྱིས་ཧྥེ་ལེ་པེན་གྱི་ཙུང་ཐུང་གི་འགན་འཁུར་བའི་རིང་ལ། མི་དམངས་ལ་འགན་འཁུར་བ་དང་ལོ་རྒྱུས་ལ་འགན་འཁུར་བའི་རྣམ་འགྱུར་བཟུང་སྟེ་ཐེ་ཚོམ་སྤུ་ཙམ་ཡང་མེད་པའི་སྒོ་ནས་ཀྲུང་གོའི་བར་གྱི་འབྲེལ་བ་ཇེ་ལེགས་སུ་གཏོང་བའི་འཐབ་ཇུས་གདམ་གསེས་བྱས་པས། ཀྲུང་གོ་དང་ཧྥེ་ལེ་པེན་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རྒྱུན་ལྡན་དུ་གྱུར་ནས་འཕེལ་རྒྱས་ཆེན་པོ་བྱུང་སྟེ། རྒྱལ་ཁབ་གཉིས་ཀྱི་མཛའ་བརྩེའི་འགྲོ་འོང་ཐད་བྱས་རྗེས་གལ་ཆེན་བཞག་ཡོད། ཀྲུང་གོ་དང་ཧྥེ་ལེ་པེན་གཉིས་ཀ་ནི་ཨེ་ཤཱ་ཡའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཡིན་པ་དང་རྒྱལ་ཁབ་གཉིས་ཀྱི་འཕེལ་རྒྱས་དེས་ཁྱིམ་མཚེས་མཛའ་མཐུན་གྱི་ཁོར་ཡུག་དང་མཉམ་ལས་གཉིས་རྒྱལ་གྱི་ཨེ་ཤཱ་ཡའི་ཁྱིམ་ཚང་ཆེན་མོར་རྐང་བཙུགས་ཡོད་པ་དང་།  ཀྲུང་གོས་མཛའ་བརྩེ་དང་། ཟོལ་མེད། གཉིས་ཕན། གཉིས་ཁེ་བཅས་ཀྱི་ཉེ་འཁོར་ས་ཁུལ་གྱི་ཕྱི་འབྲེལ་འདུ་ཤེས་ལག་ལེན་བསྟར་ནས་ཁྱིམ་མཚེས་རྒྱལ་ཁབ་དག་སྤུན་ཟླར་བརྩིས་ནས་འཆམ་མཐུན་མཉམ་གནས་བྱེད་པ་རྒྱུན་འཁྱོངས་བྱེད་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་དང་ཧྥེ་ལེ་པེན་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་མཐོང་ཆེན་བྱེད་ཅིང་། ཧྥེ་ལེ་པེན་ཕྱོགས་དང་མཉམ་དུ་ཀྲུང་གོ་དང་ཧྥེ་ལེ་པེན་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་བརྟན་འཇགས་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད། ཁྱེད་ཀྱིས་མུ་མཐུད་དུ་རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་མཉམ་ལས་ཐད་ལ་ནུས་པ་གལ་ཆེན་འདོན་སྤེལ་བྱེད་རྒྱུའི་རེ་བ་ཡོད་ཅེས་གསུངས།

ཏུའུ་ཐི་ཨར་ཐི་ཡིས་ཀྲུང་གོ་ཕྱོགས་ཀྱིས་ཧྥེ་ལེ་པེན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་ཆེན་པོ་གནང་བ་དང་ལྷག་པར་དུ་གཏོང་ཕོད་ཆེན་པོས་ཧྥེ་ལེ་པེན་ལ་རོགས་སྐྱོར་བྱས་ཏེ་པྲོག་གསར་རིམས་ནད་འགོག་བཅོས་བྱས་པར་བཀའ་དྲིན་ཞུས་པ་ཡིན། ཧྥེ་ལེ་པེན་དང་ཀྲུང་གོའི་མཛའ་བརྩེའི་འབྲེལ་བ་འཕེལ་རྒྱས་གཏོང་བ་དེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་ཁེ་ཕན་དང་མཐུན་པར་མ་ཟད། ཧྥེ་ལེ་པེན་མི་དམངས་མང་ཆེ་བའི་བསམ་འདུན་ཡང་ཡིན། ངས་མུ་མཐུད་དུ་ཧྥེ་ལེ་པེན་དང་ཀྲུང་གོའི་མཛའ་མཐུན་ལ་སྐུལ་མ་གཏོང་ཆེད་ནུས་པ་འདོན་སྤེལ་བྱེད་འདོད་ཡོད་ཟེར།

ཝང་དབྱེ་མཇལ་འཕྲད་ལ་ཞུགས།


བསོད་ནམས་ཚེ་རིང་གིས་བསྒྱུར།