ཚེས་བཅུ་བདུན་ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་པེ་ཅིང་དུ་ཨུ་རུ་སུའི་དྲང་བདེན་ཨུ་རུ་སུ་ཏང་གི་ཀྲུའུ་ཞི་མུས་ལོ་ནོའུ་ཧྥུའུ་ཡིས་ཁྲིད་པའི་དྲང་བདེན་ཨུ་རུ་སི་ཏང་གི་ལས་བྱེད་པའི་རྟོག་ཞིབ་ཚོགས་པ་དང་མཇལ་འཕྲད་གནང་།
ཀྲའོ་ལི་ཅི་ཡིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཕུའུ་ཅིང་གི་འཐབ་ཇུས་སྣེ་ཁྲིད་དང་སྐུ་དངོས་ཀྱི་སྐུལ་འདེད་འོག་ཀྲུང་གོ་དང་ཨུ་རུ་སི་རྒྱལ་ཁབ་གཉིས་ཀྱི་ཆབ་སྲིད་ཐད་ཀྱི་ཕན་ཚུན་ཡིད་ཆེས་ཇེ་ཟབ་ཏུ་སོང་བ་དང་། དངོས་གཉེར་མཉམ་ལས་ལ་གཏན་འཇགས་ངང་སྐུལ་འདེད་བཏང་ལ། རྒྱལ་སྤྱིའི་རོགས་ལས་འབྲེལ་བ་དམ་ཟབ་དང་ནུས་ལྡན་དུ་གྱུར་ནས། རྣམ་པ་གསར་བའི་རྒྱལ་ཁབ་ཆེན་མོའི་འབྲེལ་བའི་མིག་དཔེ་ཆགས་པར་བྱས་ཡོད། ཀྲུང་གོ་གུང་ཁྲན་ཏང་གིས་དྲང་བདེན་ཨུ་རུ་སི་ཏང་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་མགོ་གཙོའི་ཐུན་མོང་ལྟ་ཚུལ་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ་དང་ཏང་གཉིས་བར་འགྲོ་འོང་བྱེད་པའི་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་བཏང་ནས་དུས་རབས་གསར་པའི་ཀྲུང་གོ་དང་ཨུ་རུ་སི་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་ཆེད་བྱས་རྗེས་གསར་པ་འཇོག་འདོད་ཡོད། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་དང་ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཁང་བར་གྱི་འབྲེལ་འདྲིས་བཟང་བོ་སྲུང་འཛིན་བྱས་ཡོད། སྔར་ལས་ལྷག་པའི་སྒོ་ནས་བརྗེ་རེས་དང་ཕན་ཚུན་དཔེར་འཛིན་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་ཀྱི་མཉམ་ལས་ལ་ འཐུས་སྒོ་ཚང་བའི་བཅའ་ཁྲིམས་ཀྱི་འགན་སྲུང་འདོན་སྤྲོད་བྱེད་འདོད་ཡོད་ཅེས་གསུངས།
མུས་ལོ་ནོའུ་ཧྥུའུ་ཡིས་དྲང་བདེན་ཨུ་རུ་སི་ཏང་གིས་ཨུ་རུ་སི་དང་ཀྲུང་གོ་རྒྱལ་ཁབ་གཉིས་དང་ཏང་ཁག་གཉིས་ཀྱི་མཛའ་མཐུན་མཉམ་ལས་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་བཞིན་ཡོད། ཀྲུང་གོ་གུང་ཁྲན་ཏང་བར་གྱི་བརྗེ་རེས་དང་ཕན་ཚུན་དཔེ་རུ་འཛིན་པའི་ཤུགས་ཚད་ཇེ་ཆེར་བཏང་ནས་ཨུ་རུ་སི་དང་ཀྲུང་གོའི་གྲོས་ཁང་བར་གྱི་མཉམ་ལས་འཕེལ་རྒྱས་གཏིང་ཟབ་ཏུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།