ཝང་ཧུའུ་ཉིང་གིས་མགོ་འཛིན་མཛད་དེ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞིའི་གྲོས་ཚོགས་བསྡུས།
2023.07.19 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 8

སྲིད་གྲོས་སྐབས་བཅུ་བཞི་བའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་གྲོས་ཚོགས་ཐེངས་དྲུག་པ་ཚེས་བཅོ་བརྒྱད་ཉིན་པེ་ཅིང་ནས་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་མགོ་འཛིན་མཛད་དེ་གསུང་བཤད་གནང་།

གྲོས་ཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་སྔོན་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་བྱས། ཝང་ཧུའུ་ཉིང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་སྔོན་གྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལས་ང་ཚོས་ཕྱོགས་སོ་སོས་བྱ་བ་བཟང་བོར་བསྒྲུབས་པར་གཞི་རྩའི་སྲུང་བྱ་དང་འགུལ་སྐྱོད་ཕྱོགས་སྟོན་འདོན་སྤྲོད་བྱས་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་ཟབ་བསྒྱུར་དང་ནང་བསྒྱུར། ཚུལ་བསྒྱུར་བཅས་ཀྱི་བྱ་བ་སྐུལ་འདེད་བཏང་སྟེ། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ། ཡིད་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་བཟང་བོར་བསྒྲུབས་ནས། ཟོལ་མེད་ཀྱིས་ཀྲུང་གུང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དེ་མི་དམངས་སྲིད་གྲོས་ཀྱི་ལས་འགན་ལག་བསྟར་གྱི་ལག་ལེན་ཁྲོད་དངོས་འབེབས་བྱེད་དགོས།

ཝང་ཧུའུ་ཉིང་གིས་བསྟན་དོན། རྒྱལ་ཡོངས་སྲིད་གྲོས་ཀྱིས་ཨུ་ཡོན་དག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་མ་ལག་ལ་གཏིང་ཟབ་ཏུ་ཞིབ་འཇུག་སློབ་སྦྱོང་བྱེད་པ་དང་། མི་དམངས་སྲིད་གྲོས་ཀྱི་གཞུང་ལུགས་ཞིབ་འཇུག་རྒྱས་འགྲེལ་གཏིང་ཟབ་ཏུ་སྤེལ་ནས། ཏང་གི་གསར་གཏོད་གཞུང་ལུགས་ཀྱི་ཆེད་དུ་འཕེལ་རྒྱས་ཕུན་སུམ་ཇེ་ཚོགས་སུ་གཏོང་བའི་ཐད་སྲིད་གྲོས་ཀྱི་བྱས་རྗེས་འཇོག་དགོས། ལོ་སྨད་ཀྱི་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབས་པ་དང་། ནན་ཏན་གྱིས་གྲོས་མོལ་བྱ་འགུལ་འཆར་འགོད་རྩ་འཛུགས་བྱེད་པ། གཏིང་ཟབ་ཏུ་རྟོག་དཔྱོད་དང་ཞིབ་འཇུག་བྱས་ཏེ། སྤུས་ཚད་མཐོ་བའི་བློ་འདོན་ཇུས་འདོན་གྱི་གྲུབ་འབྲས་ཆགས་པར་བྱེད་དགོས་ལ། གྲོས་མོལ་ཁྲོད་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ངོས་ཟིན་ཇེ་ཟབ་ཏུ་བཏང་སྟེ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གི་འཕེལ་རྒྱས་ཐད་བྱས་རྗེས་འཇོག་དགོས།

གྲོས་ཚོགས་ནས་སྲིད་གྲོས་སྐབས་བཅུ་བཞི་བའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གྲོས་ཚོགས་ཐེངས་གསུམ་པའི་གྲོས་རིམ་འཆར་ཟིན་དང་ཉིན་རིམ་ལ་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་ནས། ཟླ་བརྒྱད་པའི་ཚེས་ཉེར་གཉིས་ཉིན་ནས་ཚེས་ཉེར་བཞི་ཉིན་བར་པེ་ཅིང་ནས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་བའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པ་བསྡུ་རྒྱུ་ཐག་བཅད།

གྲོས་ཚོགས་ནས་རྒྱལ་ཡོངས་སྲིད་གྲོས་ཀྱིས་ཆེད་དོན་ཞིབ་འཇུག་བྱ་བ་སྤེལ་བའི་ཚོད་ལྟའི་བྱེད་ཐབས་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་གྱིས་དམངས་དོན་དུ་ཞབས་ཞུ་བྱེད་པའི་བྱ་འགུལ་ལག་བསྟར་བྱེད་པའི་བསམ་འཆར། རྒྱལ་ཡོངས་སྲིད་གྲོས་ཀྱི་གྲོས་ཚོགས་གལ་ཆེན་གྱི་གྲ་སྒྲིག་རྩ་འཛུགས་བྱ་བའི་རྩ་དོན་ཞིབ་མོ་སོགས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧྲི་ཐེ་ཧྥུན་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧུའུ་ཁྲོན་ཧྭ་དང་ལིང་ཀྲིན་དབྱིན། སུའུ་ཧོས་བཅས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་དམིགས་ནས་གཏམ་བཤད་སྤེལ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པའམ་དྲུང་ཡིག་ཆེན་མོ་ཝང་ཏུང་ཧྥུན་གྱིས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་བའི་གྲོས་ཚོགས་ཐེངས་དང་པོའི་ཚུན་གྱི་བྱ་བའི་གནས་ཚུལ་སྙན་ཞུར་གསལ་བཤད་བྱས།


བསོད་ནམས་ཚེ་རིང་གིས་བསྒྱུར།