ཟླ་བདུན་པའི་ཚེས་བཅོ་བརྒྱད་ཉིན། 2023ལོའི་མཚོ་སྔོན་མི་རིགས་སློབ་ཆེན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་བྱ་བའི་མཉམ་འབྲེལ་གྲོས་ཚོགས་ཟི་ལིང་དུ་བསྡུས་པ་དང་། ཐེན་ཅིན་སློབ་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་དབྱང་ཞན་ཅིན་དང་། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་དབྱང་ཀྲི་ཝུན་གཉིས་གྲོས་ཚོགས་ལ་ཞུགས་ཏེ་གཏམ་བཤད། ཐེན་ཅིན་སློབ་ཆེན་དང་། ཐེན་ཅིན་མཁར་འཛུགས་སློབ་ཆེན། ཐེན་ཅིན་ཕྱི་སྐད་སློབ་ཆེན་བཅས་ཀྱི་མགོ་ཁྲིད་ཀྱིས་བརྗེ་རེས་གཏམ་བཤད་བྱས། སུའུ་ཀྲིག་སློབ་ཆེན་དང་། ཐེན་ཅིན་ལུས་རྩལ་སློབ་གླིང་གིས་སོ་སོར་མཚོ་སྔོན་མི་རིགས་སློབ་ཆེན་དང་འཐབ་ཇུས་མཉམ་ལས་ཀྱི་གྲོས་གཞི་བཀོད་པ་དང་། མཐོ་སྒང་ལུས་རྩལ་དང་བདེ་ཐང་གི་མཐུན་སྦྱོར་གསར་སྤེལ་ལྟེ་གནས་ཀྱི་གྲོས་འདོན་ཡི་གེར་མིང་རྟགས་བཀོད།
དབྱང་ཞན་ཅིན་གྱིས་བསྟན་དོན། ཚོགས་ཁག་རྣམ་པས་མཚོ་སྔོན་མི་རིགས་སློབ་ཆེན་ལ་ཁ་གཏད་རོགས་སྐྱོར་བྱས་པའི་ཚུན་ལ། ང་ཚོས་རྒྱུན་ཆད་མེད་པར་རོགས་སྐྱོར་གྱི་ནུས་ཚད་ཇེ་དྲག་ཏུ་བཏང་བ་དང་། རྐྱེན་སྲོལ་མུ་མཐུད་ལེགས་སྒྱུར་བྱས་ལ། བྱེད་ཐབས་གསར་གཏོད་དང་བར་སྟོང་རྒྱ་བསྐྱེད་དེ། ཁ་གཏད་རོགས་སྐྱོར་བྱ་བ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་བཏང་། ཁོས་ཁ་གཏད་རོགས་སྐྱོར་བྱེད་པའི་མཐོ་རིམ་སློབ་ཆེན་གྱི་ཚབ་བྱས་ཏེ་བཤད་རྒྱུར། སློབ་གསོས་མཚོ་སྔོན་ལ་རོགས་བྱེད་པའི་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་ཟབ་མོ་བྱས་ཏེ། རོགས་སྐྱོར་མཉམ་ཤུགས་གཅིག་སྡུད་དང་། མཚོ་སྔོན་གྱི་དོན་དངོས་ལ་རྐང་འཛུགས་པ། འདེགས་སྐྱོར་ནུས་པ་དངོས་སུ་མཐོ་རུ་གཏོང་བ་སོགས་ཀྱི་ཉམས་མྱོང་མུ་མཐུད་དུ་རྒྱུན་འཁྱོངས་བྱས་ཏེ། ཆབ་སྲིད་ཀྱི་ལངས་གནས་སྔར་ལས་མཐོ་རུ་གཏོང་བ་དང་། བྱ་བ་ཡག་པོར་སྒྲུབ་པ། མཉམ་ལས་སྟེགས་བུ་ཡག་པོར་བཙུགས་ནས། མཚོ་སྔོན་མི་རིགས་སློབ་ཆེན་གྱི་ལས་དོན་འཕེལ་རྒྱས་ལ་རྒྱབ་སྐྱོར་གང་ལེགས་བྱས་ནས། དུས་རབས་གསར་བའི་མཐོ་རིམ་སློབ་གསོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་བྱས་རྗེས་གསར་བ་བསྐྲུན་ངེས་ཡིན།
དབྱང་ཀྲི་ཝུན་གྱིས་བསྟན་དོན། འདས་པའི་ལོ་གཅིག་གི་རིང་ལ། ཁ་གཏད་རོགས་སྐྱོར་བྱེད་པའི་མཐོ་རིམ་སློབ་གྲྭ་སོ་སོས་ཆབ་སྲིད་ཀྱི་ལངས་གནས་སྔར་ལས་མཐོན་པོ་དང་། བྱ་བའི་བྱེད་ཐབས་སྔར་ལས་རྣལ་མ། རྒྱབ་སྐྱོར་ནུས་ཚད་སྔར་ལས་དྲག་པོའི་སྒོ་ནས། ཁ་གཏད་རོགས་སྐྱོར་བྱ་བའི་ཕན་ཚུན་བརྗེ་རེས་དང་། འཇོན་མི་གསོ་སྐྱོང་། ཚན་རིག་ཞིབ་འཇུག་གི་མཉམ་ལས་སོགས་ལ་སྐུལ་འདེད་གཏོང་བའི་ཐད་ནས་གཡུར་དུ་ཟ་བའི་གྲུབ་འབྲས་བླངས། ཁ་གཏད་རོགས་སྐྱོར་བྱེད་པའི་མཐོ་རིམ་སློབ་གྲྭ་སོ་སོས་མཚོ་སྔོན་མི་རིགས་སློབ་ཆེན་དང་ལག་རྡང་མཉམ་སྦྲེལ་བྱས་ཏེ། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོར་བཟོ་བའི་སློབ་གསོ་དང་། ནུབ་ཕྱོགས་མི་རིགས་ས་ཁུལ་གྱི་སློབ་གསོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས། སློབ་གསོའི་ཞབས་ཞུ་ཁྱབ་ཁོངས་ཀྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཀྱི་མཚོ་སྔོན་གྱི་ཇུས་འགོད་ཁྲོད། བྱེད་ཐབས་གསར་བ་དང་། རྒྱུ་ལམ་གསར་བ། རྐྱེན་སྲོལ་གསར་བ་བཅས་འཚོལ་ཞིབ་བྱས་ཏེ། དུས་རབས་གསར་བའི་མཐོ་རིམ་སློབ་གྲྭའི་ཁ་གཏད་རོགས་སྐྱོར་མཉམ་ལས་ཀྱི་རྣམ་པ་གསར་བ་འབྱེད་དགོས་པའི་རེ་བ་བཏོན།
རིག་འཛིན་སྒྲོལ་མས་བསྒྱུར།