ཞིང་ཆེན་སྲིད་གྲོས་ཀྱིས་ཟུང་ཟླའི་གྲོས་མོལ་བཞུགས་མོལ་ཚོགས་འདུ་བསྡུས།
2023.07.20 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 13

ཞིང་ཆེན་སྲིད་གྲོས་ཀྱིས་ཟླ་བདུན་པའི་ཚེས་བཅོ་བརྒྱད་ཉིན་ཟུང་ཟླའི་གྲོས་མོལ་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། མི་རིགས་སོ་སོའི་འགྲོ་འོང་དང་བརྗེ་རེས། མཉམ་འདྲེས་བཅས་ཀྱི་བཟོ་སྐྲུན་ལག་བསྟར་བྱས་ནས། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་སྲ་བརྟན་ཆགས་པར་ཕན་པའི་མི་རིགས་འབྲེལ་བ་འཛུགས་པར་དམིགས་ནས་གྲོས་མོལ་སྲིད་གླེང་བྱ་བ་སྤེལ། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཀྱིས་མགོ་འཛིན་བྱས་ཏེ་གཏམ་བཤད་སྤེལ། ཧྲིན་ཀྲང་གཞོན་པ་དབྱང་ཀྲི་ཝུན་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རིན་ཆེན་རྣམ་རྒྱལ་དང་། ཝང་ཀྲིན་ཁྲང་། ལིའུ་ཏཱ་ཡེ། ཏང་རྩ་འཛུགས་ཀྱི་ཁོངས་མི་ཕིན་ཡུག་ཏུང་བཅས་གྲོས་ཚོགས་ལ་ཞུགས། ཚོགས་ཐོག་ནས་ཕིན་ཡུག་ཏུང་གིས་དུས་སྐབས་སྔོན་མའི་རྟོག་ཞིབ་གནས་ཚུལ་མཚམས་སྦྱོར་བྱས། ཨུ་ཡོན་དང་ཆེད་མཁས་པ་དྲུག་གིས་ངག་ཐོག་གཏམ་བཤད་སྤེལ། གྲོས་ཚོགས་ནས་ཡིག་ཐོག་གི་གཏམ་བཤད་རྒྱུ་ཆ་བཅུ་བདུན་དཔར་ཡོད། ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན། ཞིང་ཆེན་སློབ་གསོ་ཐིན། ཞིང་ཆེན་རིག་གནས་དང་གནས་སྐོར་ཐིན་བཅས་ཀྱི་འགན་ཁུར་བློ་མཐུན་གྱིས་ལན་སྟེར་བའི་གཏམ་བཤད་སྤེལ།

ཉེ་བའི་ལོ་འགའི་རིང་ལ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་མི་རིགས་ཀྱི་འབྲེལ་གསུམ་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་བྱེད་ཐབས་རབ་དང་རིམ་པ་ལག་བསྟར་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་རྣམ་པ་གསར་བའི་མི་རིགས་འབྲེལ་བ་འཛུགས་པར་བྱས་རྗེས་བཞག་ཡོད། མི་རིགས་སོ་སོའི་འགྲོ་འོང་དང་བརྗེ་རེས། མཉམ་འདྲེས་བཅས་ལ་ཇི་ལྟར་སྐུལ་འདེད་གཏོང་བའི་ཐད་ནས། ཨུ་ཡོན་ཚོས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་བྱེད་པ་སྙིང་བོར་འཛིན་པ་རྒྱུན་འཁྱོངས་བྱས་ཤིང་། ཡིད་ལ་འབབ་པའི་བཟོ་སྐྲུན་ལག་བསྟར་བྱས་ནས་འབྲེལ་གསུམ་གྱི་རང་རྟོགས་འདུ་ཤེས་ཇེ་མཐོར་གཏོང་དགོས་པ་དང་། སྲིད་ཇུས་འགན་སྲུང་བཟོ་སྐྲུན་གཏིང་ཟབ་ཏུ་ལག་བསྟར་བྱས་ནས་འབྲེལ་གསུམ་གྱི་ལམ་ལུགས་རྐྱེན་སྲོལ་འཐུས་ཚང་དུ་གཏོང་དགོས་ལ། རིག་གནས་བརྗེ་རེས་ཀྱི་བཟོ་སྐྲུན་གཏིང་ཟབ་ཏུ་ལག་བསྟར་བྱས་ཏེ་འབྲེལ་གསུམ་གྱི་ནང་དོན་ཐོལ་བརྒལ་རྒྱ་བསྐྱེད་བྱེད་དགོས། རྒྱལ་ཁབ་ཀྱི་གཅིག་སྤྱོད་སྐད་བརྡ་ཁྱབ་གདལ་གཏོང་བའི་བཟོ་སྐྲུན་གཏིང་ཟབ་ཏུ་ལག་བསྟར་བྱས་ནས་འབྲེལ་གསུམ་གྱི་འབྲེལ་འདྲིས་སྦྲེལ་ཟམ་འཛུགས་དགོས་ལ། མི་རིགས་སོ་སོ་གཅིག་བརྟེན་གྱི་འཕེལ་རྒྱས་བཟོ་སྐྲུན་གཏིང་ཟབ་ཏུ་ལག་བསྟར་བྱས་ཏེ། འབྲེལ་གསུམ་སྟེགས་བུའི་གྲུབ་ཚུལ་ཆགས་པར་བྱེད་དགོས་པའི་གྲོས་གཞི་བཏོན།

དབྱང་ཀྲི་ཝུན་གྱིས་གྲོས་མོལ་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་པ་དང་། རང་ཞིང་གིས་མི་རིགས་སོ་སོའི་འགྲོ་འོང་དང་བརྗེ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བའི་བྱ་བ་སྤེལ་བའི་གནས་ཚུལ་དང་གོ་རིམ་རྗེས་མའི་བྱ་བའི་བྱེད་ཐབས་མཚམས་སྦྱོར་བྱས། བསྟན་དོན། བློ་བརྟན་འགྱུར་མེད་ཀྱིས་སྔར་ལས་མཐོ་བའི་ལངས་གནས་ནས་མི་རིགས་བྱ་བའི་ཆབ་སྲིད་ཁ་ཕྱོགས་དམ་འཛིན་བྱེད་པ་དང་། སྔར་ལས་གཟབ་ནན་གྱི་ཚད་གཞིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་ལ་སྐུལ་འདེད་གཏོང་བ། སྔར་ལས་ལྷག་པའི་བྱེད་ཐབས་ཀྱིས་མི་རིགས་སོ་སོའི་འགྲོ་འོང་དང་བརྗེ་རེས། མཉམ་འདྲེས་བཅས་ཇེ་ཟབ་ཏུ་གཏོང་དགོས་ལ། སྔར་ལས་ཤུགས་ཚད་ལྡན་པའི་སྒོ་ནས་མི་རིགས་བྱ་བའི་འཕེལ་རྒྱས་འདྲིལ་ཤུགས་ལྡན་པར་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་དུས་རབས་གསར་བའི་མཚོ་སྔོན་གྱི་མི་རིགས་བྱ་བ་བཟང་བོར་བསྒྲུབ་དགོས་ཟེར།

མགོན་པོ་བཀྲ་ཤིས་ཀྱིས་བསྟན་དོན། མིག་སྔར། རང་རྒྱལ་མི་རིགས་སོ་སོ་ས་ཁོངས་བརྒལ་བའི་འཁོར་སྐྱོད་འགྲོ་འདུག་ཆེ་བའི་དུས་སུ་གནས་པ་དང་། འགྱུར་ལྡོག་དེ་རིགས་ཀྱིས་མི་རིགས་སོ་སོའི་འགྲོ་འོང་དང་བརྗེ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་ཆེན་པོ་བཏང་ཡོད་ལ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་ཆགས་པར་བྱེད་པར་དོན་སྙིང་གལ་ཆེན་ལྡན་ལ། རང་ཞིང་གི་མི་རིགས་བྱ་བའི་ཐད་ལའང་རེ་བ་གསར་བ་བཏོན་ཡོད། སྲིད་གྲོས་ཁོངས་གཏོགས་ཀྱི་མི་རིགས་བར་གྱི་འགྲོ་འོང་དང་བརྗེ་རེས། མཉམ་འདྲེས་བཅས་ཀྱི་བྱ་བར་སྐུལ་འདེད་གཏོང་བའི་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱེད་པར་མཉམ་འཇོག་བྱེད་པ་དང་། གནས་བབ་གསར་བ་དང་ལས་འགན་གསར་བ་ནས་མགོ་བརྩམས་ཏེ། རང་འགུལ་གྱིས་བྱ་སྤྱོད་སྤེལ་བ་དང་བློ་འདོན་ཇུས་འབུལ་བྱས་ནས། འབྲེལ་གསུམ་གྱི་བྱ་བ་དངོས་འབེབས་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་དགོས། སྤྱི་ཚོགས་ཅན་དང་མང་ཚོགས་ཅན། མི་གཞུང་ཅན། ཚོང་ར་ཅན་བཅས་དམིགས་འབེན་དུ་བྱས་ཏེ། ཕན་ནུས་ལྡན་པའི་སྒོ་ནས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུས་ཤེས་སྲ་བརྟན་དུ་ཆགས་པར་བྱེད་པ་དང་། སྔར་ལས་ལྷག་པའི་སྒོ་ནས་མི་རིགས་མཐུན་སྒྲིལ་གོང་སྤེལ་གྱི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པའི་བྱ་བ་བཟང་བོར་བསྒྲུབ་ནས་འཕེལ་རྒྱས་གྲུབ་འབྲས་དེ་དམངས་འཚོའི་ལེགས་བཅོས་དང་མི་སེམས་གཅིག་སྒྲིལ། མཐུན་སྒྲིལ་ཡར་སྐུལ་བཅས་ཀྱི་ཐད་དངོས་འབེབས་གང་ལེགས་བྱེད་དུ་བཅུག་སྟེ། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་གོང་སྤེལ་གསར་འཛུགས་ཐད་མཚོ་སྔོན་གྱི་ཉམས་མྱོང་འདོན་སྤྲོད་བྱེད་དགོས་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར། 



ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།