སྐབས་ཉེར་བཞི་པའི་ཀྲུང་གོའི་མཚོ་སྔོན་ལྗང་མདོག་འཕེལ་རྒྱས་དངུལ་གཏོང་ཉོ་ཚོང་གྲོས་མོལ་ཚོགས་པའི་གླེང་སྟེགས་དེ་ཟི་ལིང་དུ་སྤེལ།
2023.07.21 ཁུངས། ཀློག་གྲངས། 59

ཟླ་བདུན་པའི་ཚེས་ཉི་ཤུ་ཉིན། སྐབས་ཉེར་བཞི་པའི་ཀྲུང་གོའི་མཚོ་སྔོན་ལྗང་མདོག་འཕེལ་རྒྱས་དངུལ་གཏོང་ཉོ་ཚོང་གྲོས་མོལ་ཚོགས་པའི་གླེང་སྟེགས་དེ་ཟི་ལིང་དུ་སྤེལ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་འགོ་འཛིན་བྱས། 

ཀྲུང་གོ་དམངས་ཁྲོད་ཚོང་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ཀྲིན་ཐེ་སྡེ་ཚོགས་བུན་གཏོང་ཚད་ཡོད་ཀུང་ཟིའི་སྤྱི་ཁྱབ་འགན་འཛིན་པ་ནན་ཚུན་ཧོས་དང་། ཀྲུང་གོ་བཟོ་སྐྲུན་གླིང་གི་ཡོན་ཧྲི། ཨ་ལིས་ཡུན་གྱི་གསར་འབྱེད་པ་ཝང་ཅན། ཀྲུང་གོ་རྒྱུ་ཆ་ཞིབ་འཇུག་ཚོགས་པའི་དོན་གཅོད་པ་གཞོན་པ་ཕན་ཧྥུའུ་ཧྲིན། ཀྲུང་གོ་ཧྭ་ཏེན་སྡེ་ཚོགས་ཚད་ཡོད་ཀུང་ཟིའི་སྤྱི་གཉེར་བ། ཏང་ཙུའུ་ཧྲུའུ་ཅི་གཞོན་པ་ཡེ་ཞང་ཏུང་བཅས་ཀྱིས་གཏམ་བཤད། 

ནན་ཚུན་ཧོས་ཀྱིས་མཚོ་སྔོན་གྱིས་ནུས་ཁུངས་གསར་བའི་ཐོན་ལས་མུ་ཁྱུད་ཀྱི་མཐོ་ས་འཛུགས་སྐྲུན་བྱེད་པར་རོགས་འདེགས་བྱེད་ཅེས་པའི་གཏམ་བཤད་ཁྲོད་དུ། མཚོ་སྔོན་ཞིང་ཆེན་གྱི་རིམ་པ་སོ་སོའི་འགོ་ཁྲིད་དང་སྡེ་ཁག་གིས་ལྗང་མདོག་ཐཱན་དམའ་ཐོན་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་ཞབས་ཞུའི་འདུ་ཤེས་ཀྱིས། ང་ཚོར་མཚོ་སྔོན་ནས་རྩ་བ་ཚུགས་པའི་ཆོད་སེམས་ཇེ་བརྟན་དུ་བཏང་། མཚོ་སྔོན་གྱིས་གཡོ་འགུལ་སྤུ་ཙམ་ཡང་མི་བྱེད་པ་གཉིས་ལག་ལེན་བྱས་ཏེ། རྒྱལ་གཉེར་ཁེ་ལས་དང་དམངས་གཉེར་ཁེ་ལས་མཉམ་ལས་མཉམ་འཛུགས་བྱེད་པའི་རྣམ་པ་འཚོལ་ཞིབ་བྱས་ཏེ། ཐོན་ཁུངས་ཀྱིས་ཐོན་ལས་རྒྱུན་མཐུད་འཕེལ་རྒྱས་ཡོང་བར་བྱེད་ཐུབ་པའི་ཡུན་ཕན་རྐྱེན་སྲོལ་བཙུགས་ནས། ལྗང་མདོག་གློག་ཤུགས་ཕྱི་ལ་སྐྱེལ་བའི་ནུས་པ་མཐོར་འདེགས་སུ་བཏང་སྟེ། མཚོ་སྔོན་གྱི་ནུས་ཁུངས་གསར་བའི་ཐོན་ལས་མུ་ཁྱུད་ཀྱི་མཐོ་ས་འཛུགས་སྐྲུན་བྱེད་པ་དང་། འཕེལ་རྒྱས་གསར་བའི་རྣམ་པ་གྲུབ་པར་ཤུགས་ཡོད་འགན་སྲུང་བྱས་ནས། མ་རྩ་ཇེ་དམའ་རུ་གཏོང་བ་དང་། མཚོ་སྔོན་གྱི་ནུས་ཁུངས་གསར་བའི་ལེགས་ཆ་དེ་ཐོན་ལས་དཔལ་འབྱོར་གྱི་དགེ་མཚན་དུ་བསྒྱུར་དགོས། 

གཞི་གྲངས་ཅན་གྱིས་མིའི་རིགས་ཀྱི་ཐོན་སྐྱེད་དང་འཚོ་བ། འཚོ་གནས་ཀྱི་རྣམ་པ་བཅས་ལ་འགྱུར་ལྡོག་གཏོང་གི་ཡོད། གཞི་གྲངས་ཅན་ནི་འཛམ་གླིང་དུ་ལོ་བརྒྱའི་རིང་ལ་བྱུང་མ་མྱོང་བའི་ཚན་རྩལ་གྱི་འགྱུར་ལྡོག་ཆེན་པོ་ཞིག་ཡིན། ཝང་ཅན་གྱིས་གཞི་གྲངས་ཅན་དང་ལྗང་མདོག་འཕེལ་རྒྱས་ཞེས་པའི་གཏམ་བཤད་ཁྲོད། མཐོང་རྒྱ་ཡངས་ལ། ཆེད་ལས་ཀྱི་ཟུར་སྣེ་ནས་གཞི་གྲངས་ཅན་དང་ལྗང་མདོག་འཕེལ་རྒྱས་ཀྱི་མཛེས་སྡུག་གི་སང་ཉིན་གསལ་འགྲེལ་བྱས་ལ། མཚོ་སྔོན་གྱི་གཞི་གྲངས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་བར་རིག་ལམ་གསར་བ་འདོན་སྤྲོད་བྱས་ནས། བློ་སྒོ་གསར་དུ་ཕྱེས། 

ཕན་ཧྥུའུ་ཧྲིན་གྱིས་ཐཱན་ཟུང་རྒྱབ་ལྗོངས་འོག་གི་མེ་ཐོན་ལས་ཀྱི་འཕེལ་རྒྱས་གོ་སྐབས་དང་འགྲན་རྩོད་ཅེས་པའི་གཏམ་བཤད་ཁྲོད་དུ། ཐཱན་གཉིས་རྒྱབ་ལྗོངས་འོག་གི་མེ་ཐོན་ལས་ཀྱིས་འཕེལ་རྒྱས་གོ་སྐབས་དང་འགྲན་རྩོད། མེ་ཐོན་ལས་ཀྱི་མ་འོངས་པའི་མདུན་ལྗོངས། ཁྲུང་ཆིན་སློབ་ཆེན་གྱིས་མེ་ཡི་རྒྱུ་ཆའི་ཁྱབ་ཁོངས་སུ་འཕེལ་རྒྱས་ཀྱི་གྲུབ་འབྲས་གསར་བ་བླངས་ཚུལ་བཅས་ངོ་སྤྲོད་བྱས་ཤིང་། མཚོ་སྔོན་ཚྭ་མཚོ་ལ་མེ་ཡི་ཐོན་ཁུངས་དང་བསྐྱར་སྐྱེ་ཡི་ནུས་ཁུངས་ཕུན་སུམ་ཚོགས་པ་ཡོད་པས། མེ་ཡི་ཐོན་ལས་ཀྱི་འཕེལ་རྒྱས་སྦས་ཤུགས་ཆེན་པོ་ཡོད། ཚང་མས་མཉམ་དུ་འབད་བརྩོན་བྱས་ན། མཚོ་སྔོན་དུ་ཐོན་ལས་གཙོ་གྲས་ཤིག་འཛུགས་སྐྲུན་བྱེད་ཐུབ་ངེས་ཟེར། 

སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།