ཟླ་བདུན་པའི་ཚེས་ཉི་ཤུ་ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས“ཚན་རིག་དང་ཀྲུང་གོ”ཡོན་ཧྲི་ཡི་ཆེད་མཁས་པའི་འཐུས་མིར་ཡིག་ལན་བསྐུར་ཏེ། ཚན་རྩལ་ལས་བཟོ་པས་ཚན་རིག་ཁྱབ་བརྡལ་དུ་གཏོང་བའི་ལས་དོན་ལ་རྒྱབ་སྐྱོར་དང་དེའི་ནང་འབད་པས་ཞུགས་རྒྱུའི་ངོས་ནས་རེ་བ་ནན་མོ་བཏོན།
ཞི་ཅིན་ཕིང་གིས་ཡིག་ལན་ཁྲོད་བསྟན་དོན། ལོ་ངོ་མང་པོའི་རིང་ལ། ཁྱོད་ཚོ“ཚན་རིག་དང་ཀྲུང་གོ”ཞེས་པའི་སྐོར་སྐྱོད་གཏམ་བཤད་ཀྱི་བྱེད་སྒོའི་ཁྲོད་འབད་པས་ཞུགས་ནས། ཚན་རིག་ཤེས་བྱ་ཁྱབ་ཆེ་བའི་སྒོ་ནས་བརྒྱུད་སྒྲོག་བྱས་པ་དང་ཚན་རིག་གི་སྙིང་སྟོབས་དར་སྤེལ་བཏང་སྟེ། ཚན་རིག་ཁྱབ་བརྡལ་དུ་གཏོང་བའི་ལས་དོན་ལ་སྐུལ་འདེད་གཏོང་བའི་ཐད་ནུས་པ་ཧ་ཅང་ཆེན་པོ་ཐོན་ཡོད་ཅེས་གསུངས།
ཞི་ཅིན་ཕིང་གིས་ཚན་རིག་ཁྱབ་བརྡལ་གཏོང་རྒྱུ་ནི་གསར་གཏོད་འཕེལ་རྒྱས་ཀྱི་རྨང་གཞིའི་རང་བཞིན་གྱི་ལས་དོན་གལ་ཆེན་ཞིག་ཡིན། ཁྱོད་ཚོས་སྔར་སྲོལ་བཞིན་མུ་མཐུད་དུ་ཚན་རིག་དང་མཐུན་པའི་སྒོ་ནས་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་སྲོལ་རྒྱུན་བཟང་བོ་དར་སྤེལ་གཏོང་བ་དང་། ཚན་རྩལ་ལས་བཟོ་བས་ཚན་རྩལ་ཁྱབ་སྤེལ་གྱི་ལས་དོན་ལ་རྒྱབ་སྐྱོར་དང་དེའི་ཁྲོད་ཞུགས་པར་སྐུལ་ཁྲིད་བྱེད་པ། སྤུས་ཀ་དག་ཅིང་ཕུན་སུམ་ཚོགས་པའི་ནང་དོན་དང་། ལྟ་འདོད་ལ་ཉན་སྤྲོ་བའི་རྣམ་པར་བརྟེན་གང་ཐུབ་བྱེད་པ། གཞོན་ནུ་དང་ལོ་ཆུང་རྣམས་ཀྱིས་ཚན་རིག་ལ་བརྩི་མཐོང་དང་དེའི་སྐོར་གྱི་སྤྲོ་བ་འཕེལ་བར་འཚོལ་ཞིབ་བྱེད་པ། དམངས་ཡོངས་ཀྱི་ཚན་རིག་བྱང་ཚད་མཐོ་རུ་གཏོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཆུ་ཚད་མཐོ་བའི་ཚན་རྩལ་རང་སྟོབས་རང་སྤེལ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་འབུལ་རྒྱུའི་རེ་བ་ཡོད་ཅེས་བསྟན།
བན་དེ་སྐྱབས་ཀྱིས་བསྒྱུར།