དམག་ཡོངས་ཀྱི་ཏང་གི་འཛུགས་སྐྲུན་གྲོས་ཚོགས་ཟླ་བདུན་པའི་ཚེས་ཉི་ཤུ་ཉིན་ནས་ཚེས་ཉེར་གཅིག་ཉིན་བར་པེ་ཅིང་ནས་བསྡུས།
ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་གནང་། ཁོང་གིས་ནན་གྱིས་བསྟན་དོན། ཐེངས་འདིའི་དམག་ཡོངས་ཀྱི་ཏང་གི་འཛུགས་སྐྲུན་གྲོས་ཚོགས་བཟང་བོར་སྤེལ་བ་དེ་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ་རང་རེའི་དམག་དཔུང་གིས་ཏང་གི་མགོ་ཁྲིད་ལ་ཤུགས་སྣོན་པ་དང་ཏང་གི་འཛུགས་སྐྲུན་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། དུས་རབས་གསར་བའི་བཞུད་ལམ་གསར་བའི་སྟེང་རང་རེའི་དམག་དཔུང་གི་ཏང་གི་མགོ་ཁྲིད་དང་ཏང་གི་འཛུགས་སྐྲུན་བྱ་བའི་རྣམ་པ་གསར་བ་བསྐྲུན་པར་དོན་སྙིང་གལ་ཆེན་ལྡན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་བའི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་དགོས་ན། རྒྱལ་ཡོངས་ཀྱི་རྩ་འཛུགས་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་གཏིང་ཟབ་ཏུ་ལག་བསྟར་བྱེད་པ་དང་། ནན་ཏན་གྱིས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་དང་ཁྱད་པར་དུ་ཀུའུ་ཐེན་དམག་ཡོངས་ཀྱི་ཆབ་སྲིད་བྱ་བའི་གྲོས་ཚོགས་ཚུན་ལ་རེ་རེའི་དམག་དཔུང་གི་ཏང་གི་འཛུགས་སྐྲུན་ཐད་ནས་བླངས་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་ཉམས་མྱོང་གལ་ཆེན་ལ་སྤྱི་བསྡོམས་བྱེད་པ་དང་། བསྟུད་མར་ཕྱོགས་ཡོངས་ནས་ཏང་སྐྱོང་ནན་མོ་བྱེད་པ་དང་དམག་དཔུང་བཅོས་སྐྱོང་ནན་མོ་བྱེད་པར་སྐུལ་འདེད་བཏང་སྟེ། ཤུགས་ཆེན་པོས་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ཏང་གིས་དམག་དཔུང་ལ་མཐའ་གཅིག་ཏུ་མགོ་ཁྲིད་བྱེད་པ་རྒྱུན་འཁྱོངས་དང་། འཐབ་འཁྲུག་གི་རྒྱལ་ཁ་ལོན་པའི་ནུས་པ་དམ་འཛིན། ཏང་གི་དོ་དམ་དང་ཏང་གི་བཅོས་སྐྱོང་བྱ་བའི་ཆབ་སྲིད་འགན་འཁྲི་དངོས་འབེབས་བྱེད་པ་སོགས་ཀྱི་ཐད་གནས་པའི་འབུར་ཐོན་གནད་དོན་ཐག་གཅོད་བྱས་ཏེ། དམག་དཔུང་བཙུགས་ནས་ལོ་ངོ་བརྒྱའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པར་ཆབ་སྲིད་ཀྱི་འགན་སྲུང་བརྟན་པོ་འདོན་སྤྲོད་བྱེད་དགོས་ཞེས་གསུངས།
གྲོས་ཚོགས་ནས་ཀྲུའུ་ཞི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་བརྒྱུད་སྒྲོག་བྱས་ཏེ་སློབ་སྦྱོང་བྱས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་ཨུ་ཡོན། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ཧི་ཝེ་ཏུང་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད་སྤེལ་ཏེ། ཀྲུའུ་ཞི་ཞི་ཅིན་ཕིང་གི་རང་རེའི་དམག་དཔུང་གི་ཏང་གི་འཛུགས་སྐྲུན་ལ་ཁྲིད་སྟོན་བྱས་ནས་བླངས་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ལ་ངེས་ཤེས་ཟབ་མོ་རྙེད་དགོས་པ་དང་། ནན་ཏན་གྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གི་རང་རེའི་དམག་དཔུང་གི་ཏང་གི་མགོ་ཁྲིད་དང་ཏང་གི་འཛུགས་སྐྲུན་ཐད་ཀྱི་རྣམ་བཤད་གལ་ཆེན་ལ་སློབ་སྦྱོང་བྱས་ཏེ་གོ་བ་ཟབ་མོ་ལེན་པ་དགོས་ལ། དམག་དཔུང་བཙུགས་ནས་ལོ་ངོ་བརྒྱའི་འབད་འཐབ་དམིགས་འབེན་ལ་དམིགས་ཏེ་ཕྱོགས་ཡོངས་ནས་རང་རེའི་དམག་དཔུང་གི་ཏང་གི་འཛུགས་སྐྲུན་ལ་ཤུགས་སྣོན་དགོས་པ་དང་། གཏན་ཕབ་གཉིས་ཀྱི་དགོངས་པར་གོང་བཀུར་བྱེད་པའི་ཆབ་སྲིད་རྨང་གཞི་ཇེ་བརྟན་དུ་བཏང་སྟེ། དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་འགན་ཁུར་ལམ་ལུགས་གཏིང་ཟབ་ཏུ་ལག་ལེན་མཐར་ཕྱིན་བྱེད་པ། དམག་གྲབས་བྱས་ནས་འཐབ་འཁྲུག་གི་རྒྱལ་ཁ་ལོན་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྡུ་བ། མཐོ་རིམ་དམ་འཛིན་དང་གཞི་རིམ་སྲ་བརྟན་ཡོང་བའི་རྩ་འཛུགས་མ་ལག་ལ་དོ་སྣང་བྱས་ཏེ། བློ་བརྟན་འགྱུར་མེད་ཀྱིས་སྲོལ་བཟང་སྒྲིག་ནན་ངང་རུལ་སུངས་ལ་ངོ་རྒོལ་བྱས་ནས། རྒྱུན་ཆད་མེད་པར་རང་རེའི་དམག་དཔུང་གི་ཏང་གི་མགོ་ཁྲིད་དང་ཏང་གི་འཛུགས་སྐྲུན་བྱ་བའི་སྤུས་ཚད་མཐོར་འདེད་གཏོང་དགོས་ཟེར།
གྲོས་ཚོགས་ནས་འབྲེལ་ཡོད་ཀྱི་གནད་དོན་ལ་གྲོས་བསྡུར་བྱས་པ་དང་། ལས་ཁུངས་བཅོ་ལྔས་བརྗེ་རེས་གཏམ་བཤད་སྤེལ།
ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལིའུ་ཀྲིན་ལི་དང་། མེའོ་ཧྭ། ཀྲང་ཧྲིན་མེན་བཅས་གྲོས་ཚོགས་ལ་ཞུགས་པ་དང་། དམག་དོན་ཨུ་ཡོན་ལྷན་ཁང་གི་ལས་ཁུངས་ཀྱི་པུའུ་ཨུ་སོ་དང་། དམག་དོན་ཨུ་ཡོན་ལྷན་ཁང་གི་ཐད་གཏོགས་ལས་ཁུངས་སོ་སོ། དམག་དོན་ཨུ་ཡོན་ལྷན་ཁང་གི་བཀོད་འདོམ་ལྟེ་གནས། འཐབ་ཁུལ་སོ་སོ། དམག་རིགས་སོ་སོ། དམག་དོན་ཨུ་ཡོན་ལྷན་ཁང་གི་ཐད་གཏོགས་སྡེ་ཁག་སོ་སོ། དྲག་ཆས་ཉེན་རྟོག་དམག་དཔུང་བཅས་ཀྱི་འབྲེལ་ཡོད་འགན་ཁུར་བློ་མཐུན་སོགས་གྲོས་ཚོགས་ལ་ཞུགས།
བསོད་ནམས་ཚེ་རིང་གིས་བསྒྱུར།