ཟླ་7པའི་ཚེས་22ཉིན། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་འགོ་འཛིན་བྱས་ནས་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་ཀྲུང་དབྱང་གི་གྲོས་ཚོགས་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་།ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཏེ། བྱ་བ་ལག་བསྟར་དོན་འཁྱོལ་བྱེད་པར་ཞིབ་འཇུག་བྱས།
ཚོགས་ཐོག་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་བགྲོ་གླེང་བྱས། ཚོགས་ཐོགས་ནས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ཁོང་དུ་ཆུད་པར་བྱེད་པ་དང་། སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་ལག་བསྟར་བྱེད་པ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་འཕྲད་པའི་དུས་བབ་ལས་འགན་སྟངས་འཛིན་ནན་མོ་བྱེད་པ། འབྲེལ་བ་གལ་ཆེན་ཐག་གཅོད་ཡང་དག་བྱེད་པ། སྤྱི་འདོམས་ཇུས་འགོད་དང་བརྒྱུད་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བ། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་པ། རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་འཛུགས་སྐྲུན་དང་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་། ཐཱན་རྩེར་སོན་དང་ཐཱན་སྙོམས་སྦྱོར་སོགས་ཀྱི་ལས་དོན་ལ་རྒྱུན་མཐུད་སྐུལ་འདེད་གཏོང་བ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་བཅས་བྱས་ཏེ། ཁྱོན་ཡོངས་ནས་མཛེས་སྡུག་ཀྲུང་གོ་འཛུགས་སྐྲུན་ལ་སྐུལ་འདེད་དང་། མགྱོགས་མྱུང་ངང་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་བྱེད་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་མཚོ་སྔོན་གྱི་ལེགས་སྐྱེས་འབུལ་དགོས།
ཚོགས་འདུའི་སྟེང་ཀྲུང་དབྱང་ནོར་སྲིད་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གཉིས་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས། ཚོགས་འདུ་ལས་ནན་གྱིས་བསྟན་དོན། ཕྱོགས་ཡོངས་ནས་རྨོ་ཞིང་སྲུང་སྐྱོང་གི་འགན་འཁྲི་བརྟན་པོ་འཁུར་བ་དང་། རྨོ་ཞིང་སྲུང་སྐྱོང་ལམ་ལུགས་དོན་འཁྱོལ་བྱེད་པ། རྨོ་ཞིང་གི་སྤུས་ཚད་ནུས་ཤུགས་ཡོད་རྒུས་མཐོ་རུ་གཏོང་བ། རྨོ་ཞིང་ཁ་གསབ་ལ་དོ་སྙོམས་དོ་དམ་ནན་མོ་བྱེད་པ། འབྲུ་རིགས་འདེབས་མཁན་ཞིང་པའི་ཡོང་འབབ་འགན་ལེན་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ས་རྒོད་བཅོས་སྐྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་པ། སྲོལ་རྒྱུན་མིན་པའི་རྨོ་ཞིང་ཐོན་ཁུངས་སྣ་ཚོགས་གསར་སྤེལ་ཧུར་ཐག་བྱེད་པ། ཞིང་ལས་ཐོན་སྐྱེད་ཀྱི་བར་སྟོང་བརྟན་པོའི་ངང་རྒྱ་ཆེར་གཏོང་བ་བཅས་བྱེད་དགོས། རང་རེའི་ཞིང་ཆེན་གྱི་ས་ཞིང་བ་ཚྭ་ཅན་གྱི་ཐོན་ཁུངས་གནས་ཚུལ་ཁྱོན་ཡོངས་ནས་གསལ་རྟོགས་བྱས་ཏེ་ས་ཞིང་བ་ཚྭ་ཅན་ཕྱོགས་བསྡུས་བསྒྱུར་བཀོད་དང་བེད་སྤྱོད་བྱེད་ཤུགས་ཆེ་རུ་བཏང་ནས། རང་རེའི་ཞིང་ཆེན་གྱི་ས་ཞིང་བ་ཚྭ་ཅན་ཕྱོགས་བསྡུས་བེད་སྤྱོད་བྱེད་པའི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་གང་ལེགས་བྱེད་དགོས།
ཚོགས་འདུའི་སྟེང་ཀྲུང་དབྱང་གི་བརྗོད་དོན་སློབ་གསོའི་འགོ་ཁྲིད་ཚན་ཆུང་གི་བརྟག་དཔྱད་ཞིབ་འཇུག་བྱ་བའི་བཞུགས་མོལ་ཚོགས་འདུ་དང་། དག་ཐེར་བཅོས་སྒྲིག་བྱ་བར་སྐུལ་འདེད་གཏོང་བའི་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། གྲུབ་འབྲས་ཡག་པོ་ཐོན་པ་དང་བེད་སྤྱོད་ཡག་པོ་བྱེད་པ། གནད་དོན་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་བའི་ཐད་མུ་མཐུད་དུ་འབད་བརྩོན་བྱས་ནས་རྟོག་ཞིབ་ཀྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཤུགས་རྐྱེན་དང་ཚོད་འཛིན་བཟོ་བའི་གནད་དོན་དང་། མི་དམངས་མང་ཚོགས་ཀྱི་དཀའ་ཉེན་དང་རེ་སྒུག་བྱེད་པའི་གནད་དོན། ཉེན་ཁ་ཚབས་ཆེན་ཁྲོད་ཀྱི་གནད་དོན་སྔོན་འགོག་དང་དག་སེལ་བྱེད་པ། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་ཁྲོད་ཀྱི་གནད་དོན་བཅས་ལ་དམ་པོར་དམིགས་ཏེ། ཞིབ་དཔྱད་དང་ལྟ་ཞིབ་ཀྱི་གནད་དོན་དག་ཐེར་ཡོ་བསྲང་བྱེད་པར་སྐུལ་འདེད་གཏོང་དགོས།
ཚོགས་འདུའི་སྟེང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་བརྒྱུད་བསྒྲགས་བྱས་། ཚོགས་འདུ་ལས་ནན་གྱིས་བསྟན་དོན། ཐེངས་འདིའི་ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱི་བརྗོད་བྱ་གཙོ་བོ་འབུར་དུ་ཐོན་ཞིང་གཙོ་ཐིག་གསལ་བ། ཁྲིད་ཕྱོགས་གསལ་བ། སྤྱོད་ཚུལ་དངོས་གཉེར་བཅས་ཡིན་པས་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མར་མངགས་བཅོལ་ཡིད་ལ་བརྟན་པོར་ངེས་པ་དང་། དྲིན་ཚོར་ཡར་བརྩོན་བྱེད་པ། གོ་སྐབས་དམ་འཛིན་བྱེད་པ། དོན་གཉེར་བཅས་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཆར་འགོད་བྱས་པའི་དེང་རབས་ཅན་གྱི་མཚོ་སྔོན་གསར་པའི་བརྗིད་ཆེའི་འཆར་གཞི་མངོན་འགྱུར་བྱ་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་དགོས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དེ་སྲིད་གཞུང་བྱ་བའི་ཁྱབ་ཁོངས་ཁག་གི་བརྒྱུད་རིམ་ཧྲིལ་པོར་ལག་བསྟར་དོན་འཁྱོལ་བྱས་ནས་སྒྲུབ་རྒྱུའི་འདུ་ཤེས་སྔར་ལས་ཆེ་རུ་གཏོང་བ་དང་། སྒྲུབ་རྒྱུའི་ལས་འགན་སྔར་ལས་ཁ་གསལ་བཟོ་བ། སྒྲུབ་སྟངས་སྔར་ལས་གསར་གཏོད་བྱེད་པ། སྒྲུབ་ནུས་སྔར་ལས་ཆེ་རུ་གཏོང་བ། ཐོག་མཐའ་བར་གསུམ་དུ་བརྟན་པོའི་ངང་འཕར་བ་དང་ལས་ཞུགས་བརྟན་པོ་ཡོང་བ། དངོས་གོང་བརྟན་པོ་ཡོང་བ་བཅས་བྱེད་པ་དང་། ཞབས་ཞུའི་གཙོ་ཤུགས་དམ་འཛིན་དང་། བཟོ་ལས་བརྟན་པོ་ཡོང་བ། དངུལ་གཏོང་བསྐྱར་འཕར་ཡོང་རྒྱུ་དམ་འཛིན་བཅས་བྱས་ནས་སྐྱེ་ཁམས་ཁོར་ཡུག་ལ་འགན་སྲུང་་དང་གཞི་རྩའི་དམངས་ཚིས་འགན་ལེན། བདེ་འཇགས་ཚད་མཐའ་བརྟན་སྲུང་བྱེད་པ། རྫོགས་ལྡན་དུས་ཚིགས་སུ་འབད་འཐབ་དང་ལོ་ཧྲིལ་པོའི་རྒྱལ་ཁ་ལེན་རྒྱུར་འགན་ལེན་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་ཆེད་མཚོ་སྔོན་གྱི་ལེའུ་གསར་པ་འབྲི་བར་ནུས་ཤུགས་ཡོད་རྒུས་རྩོམ་དགོས།
ཚོགས་འདུ་ལས་ཞིང་ཆེན་ཡོངས་ཀྱི་སྤྱོད་ཚུལ་འཛུགས་སྐྲུན་གྱི་འབུར་ཐོན་གནད་དོན་ཆེད་དོན་བཅོས་སྒྲིག་བྱེད་པའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་དང་སློབ་སྦྱོང་བྱས། ཚོགས་འདུ་ལས་ནན་གྱིས་བསྟན་དོན། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པོའི་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ་དང་། རྩ་ལག་མཉམ་བཅོས་མངོན་གསལ་དོད་པོ་ཡོང་བར་བྱེད་པ། འཐབ་རྩོད་ཀྱི་སྙིང་སྟོབས་རྒྱུན་འཁྱོངས་དང་དར་སྤེལ་གཏོང་བ། སྲིད་གཞུང་ཁོངས་གཏོགས་ཀྱི་སྤྱོད་ཚུལ་ཐད་ཀྱི་འབུར་ཐོན་གནད་དོན་ལ་གཅིག་སྡུད་ཐོག་གྲལ་བཤེར་ཆེན་པོ་དང་བཅོས་སྒྲིག་ཆེན་པོ་བྱས་ནས་ཕན་འབྲས་དངོས་ཐོབ་པར་འགན་ལེན་བྱེད་དགོས།
ཚོགས་འདུའི་སྟེང་ད་དུང་དོན་དག་གཞན་དག་ལའང་ཞིབ་འཇུག་བྱས།
ཤ་བོ་གསེར་མཚོས་བསྒྱུར།