ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གྲོས་ཚོགས་བསྡུས།
2023.07.23 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 63

ཟླ་བདུན་པའི་ཚེས་བཅུ་དགུ་ཉིན། ཞིང་ཆེན་སྐབས་བཅུ་བཞི་བའི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀྲུའུ་རིན་གྲོས་ཚོགས་བསྡུས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་ཝང་ལོས་མེན་གྱིས་མགོ་འཛིན་བྱས། དབྱང་ཧྥུན་ཁྲོན་དང་ཉི་མ་སྒྲོལ་མ། ལིའུ་ཐུང་ཏི། ཀྲང་ཧོང་ཡོན། ཁྲིན་ཏུང་ཁྲང་བཅས་གྲོས་ཚོགས་ལ་ཞུགས།

གྲོས་ཚོགས་ནས་རིམ་པ་བཞིན་མཚོ་སྔོན་ཞིང་ཆེན་གྱི་གྲོང་གསེབ་དར་སྤེལ་སྐུལ་འདེད་སྲོལ་ཡིག་འཆར་ཟིན་དང་། མཚོ་སྔོན་ཞིང་ཆེན་ཐུམ་འབུའི་ནད་འགོག་སྲུང་སྲོལ་ཡིག་འཆར་ཟིན་གྱི་བཟོ་བཅོས་གནས་ཚུལ། མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁབ་བདེ་འཇགས་ལས་དོན་ལ་འབྲེལ་བའི་འཛུགས་སྐྲུན་ལས་གཞིའི་དོ་དམ་སྲོལ་ཡིག་འཆར་ཟིན་གྱི་གྲོས་ཞིབ་གནས་ཚུལ་སྐོར་གྱི་སྙན་ཞུ་བཅས་ལ་གསན་པ་དང་། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་སྐྱེ་ཁམས་གནས་སྐོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྐུལ་འདེད་སྲོལ་ཡིག་དང་། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྐུལ་འདེད་སྲོལ་ཡིག མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་མུ་རུ་གཏེར་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སྲོལ་ཡིག མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་ཞིག་གསོའི་ཆིངས་ཡིག་གནས་ཚུལ་སྐོར་གྱི་སྙན་ཞུ་བཅས་ལ་གྲོས་ཞིབ་བྱས།

གྲོས་ཚོགས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གནམ་གཤིས་བཅའ་ཁྲིམས་དང་། མཚོ་སྔོན་ཞིང་ཆེན་གནམ་གཤིས་སྲོལ་ཡིག མཚོ་སྔོན་ཞིང་ཆེན་གནམ་གཤིས་གནོད་འཚེ་སྔོན་འགོག་སྲོལ་ཡིག་བཅས་ཀྱི་ལག་བསྟར་གནས་ཚུལ་ལ་ཞིབ་བཤེར་བྱེད་པའི་སྐོར་གྱི་སྙན་ཞུ་དང་། ཉིས་སྟོང་ཉེར་གསུམ་ལོའི་ལོ་སྟོད་ཀྱི་འཆར་གཞི་དང་སྔོན་རྩིས་ལག་བསྟར་གནས་ཚུལ། ཉིས་སྟོང་ཉེར་གཉིས་ལོའི་ནོར་སྲིད་སྔོན་རྩིས། རྩིས་བཤེར་གྱི་སྙན་ཞུ་སྣ་བཞི། དེ་མིན་ཉིས་སྟོང་ཉེར་གཉིས་ལོའི་ཞིང་ཆེན་རིམ་པའི་ནོར་སྲིད་སྔོན་རྩིས་འཆར་ཟིན་གྱི་གྲོས་ཞིབ་མཇུག་འབྲས་སྐོར་གྱི་སྙན་ཞུ། ཞིང་ཆེན་མི་དམངས་སྲིད་གཞུང་གི་ཞིང་ཆེན་ཡོངས་ཀྱི་དམིགས་བསལ་སློབ་གསོའི་ཀུན་ཕན་འཕེལ་རྒྱས་གནས་ཚུལ། ཞིང་ཆེན་ཡོངས་ཀྱི་ལས་ཞུགས་བྱ་བའི་གནས་ཚུལ་སྐོར་གྱི་སྙན་ཞུའི་གྲོས་ཞིབ་གྲ་སྒྲིག་གནས་ཚུལ་གྱི་སྙན་ཞུ། དེ་མིན་མི་དོན་བསྐོ་འཐེན་གྲོས་གཞིའི་གནས་ཚུལ་སྐོར་གྱི་སྙན་ཞུ་སོགས་ལ་ཉན།

ཀྲུའུ་རིན་གྲོས་ཚོགས་ནས་གོང་གི་གྲོས་གཞི་དེ་དག་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ལ་གྲོས་ཞིབ་བྱེད་པར་སྤྲོད་པར་འཐད་པ་བྱུང་།


བསོད་ནམས་ཚེ་རིང་གིས་བསྒྱུར།