ཟླ་བདུན་པའི་ཚེས་ཉེར་གཉིས་ཉིན། མཚོ་སྔོན་ཚོང་གཏམ་གྲོས་ཚོགས་སྐབས་ཉེར་བཞི་པའི་མཚོ་ཤར་གྲོང་ཁྱེར་གྱི་ཚོང་འགུགས་དངུལ་འདྲེན་ལས་ཆེད་དོན་ལས་གཞིར་གན་རྒྱ་འཇོག་པའི་བྱེད་སྒོ་ཟི་ལིང་དུ་སྤེལ། ཐེངས་འདིའི་བྱེད་སྒོ་ཁྱོན་བསྡོམས་ལས་གཞི་ཉེར་གསུམ་ལ་གན་རྒྱ་བཞག་པའི་སྤྱིའི་དངུལ་གྲངས་སྒོར་ཐེར་ཆེན་གཉིས་དང་ཐེར་འབུམ་བདུན་དུང་ཕྱུར་བདུན་བྱེ་བ་བཞི་ལ་སླེབས་པ་དང་། ཡུལ་དངོས་ནས་གན་རྒྱ་བཞག་པའི་ལས་གཞི་བཅོ་བརྒྱད་ཡོད་ཅིང་དེའི་གན་རྒྱ་བཞག་པའི་སྤྱིའི་དངུལ་གྲངས་སྒོར་ཐེར་འབུམ་བརྒྱད་དང་དུང་ཕྱུར་གཉིས་བྱེ་བ་དགུ་ས་ཡ་བཞི་ལ་སླེབས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། མཚོ་ཤར་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ཝུའུ་ལཱ་ཙི་པེ་ཁི·རི་སུའུ་ལིས་ཧན་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལིས་ཞའོ་ནན་གན་རྒྱ་འཇོག་པའི་མཛད་སྒོར་ཞུགས།
བན་དེ་སྐྱབས་ཀྱིས་བསྒྱུར།