ཟླ་བདུན་པའི་ཚེས་ཉེར་གཅིག་ཉིན་ནས་ཚེས་ཉེར་གཉིས་ཉིན་བར། ཀྲུང་ཧྭ་རྒྱལ་ཡོངས་སྤྱིའི་བཟོ་ཚོགས་ཀྱི་རིག་རྩལ་ཚོགས་པ་མཚོ་སྔོན་དུ་ཡོང་ནས་ཀྲུང་གོའི་ཕུགས་འདུན། ངལ་རྩོལ་གྱི་མཛེས་པ། སེམས་ཤུགས་གཅིག་བསྡུས་ཀྱིས་ཏང་གི་རྗེས་སུ་འབྲངས་ཏེ་སྐྱོད་ལམ་གསར་པར་འབད་པས་བསྐྱོད་ཅེས་པའི་འཚམས་འདྲིའི་འཁྲབ་སྟོན་བྱས་ནས་རྒྱ་ཆེའི་ངལ་རྩོལ་དཔེ་ལེགས་ཅན་དང་འཐབ་ཕྱོགས་དང་པོའི་ལས་བཟོ་བ་ཡོངས་ལ་ངོ་མཚར་ཆེ་བའི་རིག་གནས་གསོལ་སྟོན་གྱ་ནོམ་པ་ཞིག་ཕུལ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་ཀྲུའུ་ཞི་ཝང་ཏ་ནན་དང་། ཀྲུང་ཧྭ་རྒྱལ་ཡོངས་སྤྱིའི་བཟོ་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཀའོ་ཧྥིན་ལིན་གཉིས་འཚམས་འདྲིའི་འཁྲབ་སྟོན་བྱ་འགུལ་ལ་ཞུགས།
ཟླ་བདུན་པའི་ཚེས་ཉེར་གཅིག་ཉིན། ཀྲུང་ཧྭ་རྒྱལ་ཡོངས་སྤྱིའི་བཟོ་ཚོགས་ཀྱི་རིག་རྩལ་ཚོགས་པ་འཚམས་འདྲིའི་འཁྲབ་སྟོན་རུ་ཆུང་གཉིས་སུ་བགར་ཏེ་རྨ་ཆུའི་ཞིན་ཡེ་ཚད་ཡོད་ཀུང་ཟི་སོགས་སུ་སོང་ནས་རིག་རྩལ་བྱ་འགུལ་གྱི་རྣམ་པར་བརྟེན་ནས་ངལ་རྩོལ་གྱི་གཟི་བརྗིད་དང་བཟོ་བའི་རླབས་ཆེ་བའི་དུས་རབས་ཀྱི་དབྱངས་རྟ་གླུ་རུ་བླངས་ཏེ་རྒྱ་ཆེའི་འཐབ་ཕྱོགས་དང་པོའི་ལས་བཟོ་བ་རྣམས་ལ་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་བཟོ་ཚོགས་རྩ་འཛུགས་ཀྱི་དྲོད་ཁོལ་མྱོང་དུ་བཅུག
ཟླ་བདུན་པའི་ཚེས་ཉེར་གཉིས་ཉིན། ཀྲུང་ཧྭ་རྒྱལ་ཡོངས་སྤྱིའི་བཟོ་ཚོགས་ཀྱིས་མཚོ་སྔོན་ཟློས་གར་ཁང་ཆེན་མོ་རུ་ཀྲུང་གོའི་ཕུགས་འདུན། ངལ་རྩོལ་གྱི་མཛེས་པ། སེམས་ཤུགས་གཅིག་བསྡུས་ཀྱིས་ཏང་གི་རྗེས་སུ་འབྲངས་ཏེ་སྐྱོད་ལམ་གསར་པར་འབད་པས་བསྐྱོད་ཅེས་པ་བརྗོད་དོན་ཡིན་པའི་ཕྱོགས་བསྡུས་རིག་རྩལ་འཁྲབ་སྟོན་བྱས། འཁྲབ་སྟོན་གྱི་རྣམ་པ་ཕུན་སུམ་ཚོགས་ཤིང་ལྟད་མོ་ངོ་མཚར་ཆེ་ལ། ཕུགས་འདུན་སྙེག་ནས་མདུན་དུ་སྐྱོད་ཅེས་པ་དང་། ང་རང་ཀྲུང་གོ་ལ་དགའ་ཞེས་པ་སོགས་རིག་རྩལ་བརྩམས་ཆོས་བཅུ་དྲུག་ལྷག་གླུ་དབྱངས་དང་ཞབས་བྲོ་སོགས་ཀྱི་རྣམ་པ་བརྒྱུད་དེ་འཁྲབ་སྟོན་བྱས་ནས་དུས་རབས་གསར་པའི་ངལ་རྩོལ་པ་རྣམས་ཀྱིས་ངལ་རྩོལ་དཔེ་ལེགས་ཅན་གྱི་སྙིང་སྟོབས་དང་ངལ་རྩོལ་པའི་སྙིང་སྟོབས། བཟོ་བོའི་སྙིང་སྟོབས་བཅས་དར་སྤེལ་གཏོང་བའི་འབད་འཐབ་མཚོན་པར་བྱས།
འཁྲབ་སྟོན་གྱིས་ཟུར་མི་འདྲ་བ་ནས་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་རླབས་ཆེན་གྲུབ་འབྲས་དང་དུས་རབས་གསར་པའི་ངལ་རྩོལ་པ་རྣམས་ཀྱི་སྙིང་རུས་ཆེན་པོ། ལས་བཟོ་བ་རྣམས་ཀྱིས་མཛེས་སྡུག་འཚོ་བར་བཅངས་པའི་རེ་སྙེག་བཅས་མཚོན་པར་བྱས་ཏེ་རྒྱ་ཆེའི་ལྟད་མོ་བ་རྣམས་ལ་སྒྱུ་རྩལ་གྱི་ཐུན་མོང་མ་ཡིན་པའི་འགུག་ཤུགས་མྱོང་དུ་བཅུག ཞིང་ཆེན་ལྟེ་གནས་གྲོང་ཁྱེར་གྱི་ཁེ་ལས་དང་ལས་རིགས་སྡེ་ཁག་སྐོར་ཞིག་གི་འཐབ་ཕྱོགས་དང་པོའི་ལས་བཟོ་བ་དང་ངལ་རྩོལ་པའི་འཐུས་ཚབ་སོགས་མི་སྟོང་གཅིག་ལྷག་གིས་འཁྲབ་སྟོན་ལ་བལྟས།
ལྷ་མོ་ཚེ་རིང་གིས་བསྒྱུར།