ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་བཀའ་རྒྱ་ཨང་བརྒྱད་པ།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་བའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་བས2023ལོའི་ཟླ7པའི་ཚེས25ཉིན་གཏན་འབེབ་བྱས་པ་ལྟར། དང་པོ། ཆིན་ཀང་གིས་འགན་གཅིག་ལྕོགས་སུ་འཁུར་བའི་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་གི་གོ་གནས་ལེན་རྒྱུ་དང་། ཝང་དབྱི་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་ལ་བསྐོ་འཇོག་བྱེད་རྒྱུ།
གཉིས་པ། དབྱི་ཀང་གི་ཀྲུང་གོ་མི་དམངས་དངུལ་ཁང་གི་འགོ་གཙོའི་གོ་གནས་ལེན་རྒྱུ་དང་། ཕན་ཀུང་ཧྲིན་ཀྲུང་གོ་མི་དམངས་དངུལ་ཁང་གི་འགོ་གཙོ་ལ་བསྐོ་འཇོག་བྱེད་རྒྱུ་ཡིན།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ནས།
2023ལོའི་ཟླ7པའི་ཚེས25ཉིན།
ཤ་བོ་གསེར་མཚོས་བསྒྱུར།