ཟླ་བདུན་པའི་ཚེས་ཉེར་ལྔ་ཉིན། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་མངག་བཅོལ་ལྟར། ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་ཏང་ཕྱིའི་མི་སྣའི་ཁྱབ་བསྒྲགས་ཚོགས་འདུ་བསྡུས་ཏེ་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་སྐབས་བཅུ་བཞི་བའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་ཁྱབ་བསྒྲགས་བྱས་ནས། ཞིང་ཆེན་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་གྱི་ཁོངས་མི་རྣམས་ཀྱིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པར་སྐུལ་སློང་བྱས།
ཚོགས་འདུར་ཞུགས་པའི་ཏང་ཕྱིའི་མི་སྣ་རྣམས་ཀྱིས་གཅིག་གྱུར་སྒོས་བལྟས་ན། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་སྐབས་བཅུ་བཞི་བའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བ་ནི་ཞིང་ཆེན་གོང་འོག་ཡོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་བླང་བྱ་གལ་ཆེན་སློབ་སྦྱོང་ཟབ་མོ་དང་ལག་བསྟར་ནན་མོ་བྱེད་པའི་གནད་འགག་གི་དུས་རིམ་དང་། ཞིང་ཆེན་ཡོངས་ཀྱིས་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ་དང་རྒྱལ་ཡོངས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་རྒྱུས་ལོན་བྱེད་པའི་དུས་སྐབས་གལ་ཆེན་དུ་བསྡུས་པའི་ཚོགས་འདུ་ཧ་ཅང་གལ་ཆེན་ཞིག་ཡིན་པ་དང་། འགན་འཁྲི་ཇེ་དྲག་ཏུ་གཏོང་བ་དང་ཡིད་ཆེས་དང་ཆོད་སེམས་ཆེ་རུ་བསྐྱེད་པ། མདུན་སྐྱོད་ཀྱི་ཁ་ཕྱོགས་གཏན་འཁེལ་གསལ་བོ་བྱེད་པ། འབད་འཐབ་ཀྱི་སྟོབས་ཤུགས་སྐུལ་སློང་བྱེད་པའི་གྲོས་ཚོགས་གལ་ཆེན་ཞིག་ཡིན་པར་འདོད་པས། ཚང་འཛོམས་གྲོས་ཚོགས་ནས་བཏོན་པའི་ཇུས་ཆོད་བཀོད་སྒྲིག་ལ་ཡོངས་སུ་འཐད་པར་མ་ཟད། སེམས་གཏིང་ནས་སྲུང་སྐྱོབ་བྱེད་པའི་ཚུལ་བསྟན།
གྲོས་ཚོགས་ནས་ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་འཐབ་ཕྱོགས་གཅིག་གྱུར་གྱི་ཁོངས་མི་རྣམས་ཀྱིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར། དོན་འཁྱོལ་བཅས་བྱེད་རྒྱུ་དེ་མིག་སྔར་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་ཆབ་སྲིད་ལས་འགན་གལ་ཆེན་དུ་བརྩིས་ཏེ་ཆབ་སྲིད་ལངས་གནས་མཐོར་འདེགས་གཏོང་བ་དང་། སློབ་སྦྱོང་ཟབ་མོ་དང་ལག་བསྟར་དངོས་འབེབས་བྱེད་པའི་ཁྲོད་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྔར་ལས་སྲ་བརྟན་དུ་གཏོང་བ། བློ་བརྟན་འགྱུར་མེད་ངང་ཤེས་རིག་དང་སྟོབས་ཤུགས་ཚང་འཛོམས་གྲོས་ཚོགས་ཀྱི་ཇུས་ཆོད་བཀོད་སྒྲིག་སྟེང་གཅིག་གྱུར་ཡོང་བར་བྱེད་དགོས། རང་འཁྲིའི་འགན་འཁྲི་སྔར་ལས་ལག་བསྟར་བཟང་བོ་བྱས་ཏེ་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་ཁྲོད་ཁག་ཁུར་གསར་པ་དང་བྱེད་ཐབས་གསར་པ་མངོན་པར་བྱེད་པ་དང་། བླང་བྱ་ནན་མོ་སྔར་ལས་དོན་འཁྱོལ་བཟང་བོ་བྱས་ནས་གཞི་རྩ་ཇེ་བརྟན་དུ་གཏོང་བའི་ཁྲོད་དུ་སྤྱོད་ཚུལ་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ་འགུལ་སྐྱོད་དངོས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཆར་འགོད་གནང་བའི་དེང་རབས་ཅན་གྱི་མཚོ་སྔོན་གསར་བའི་རླབས་ཆེན་ཇུས་གཞི་མངོན་འགྱུར་བྱེད་པར་འབད་འཐབ་བྱེད་དགོས་པའི་རེ་བ་བཏོན།
ལིའུ་ཐུང་ཏི་དང་ཝང་ཞོན། གསེར་ཁྲི་ཆོས་ཀྱི་བློ་གྲོས་རྒྱ་མཚོ། མཱ་ཡུའེ་ཞང་བཅས་གྲོས་ཚོགས་ལ་ཞུགས། དམངས་གཙོ་ཏང་ཁག་སོ་སོའི་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་ཁུར་བ། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ་དང་དམངས་གཉེར་དཔལ་འབྱོར། ཆོས་ལུགས་ལས་རིགས་ཀྱི་མི་སྣའི་འཐུས་ཚབ་བཅས་ཚོགས་འདུར་ཞུགས།
ལྷ་མོ་ཚེ་རིང་གིས་བསྒྱུར།