ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་དང་དེ་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་ཏན་ཏིག་ངང་སྤེལ་ནས། གཞུང་ལུགས་སློབ་སྦྱོང་དང་བརྟག་དཔྱད་ཞིབ་འཇུག འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཞིབ་བཤེར་དག་ཐེར། སྒྲིག་སྲོལ་དང་ལམ་ལུགས་བཟོ་བ་བཅས་ལ་གཅིག་གྱུར་སྒོས་སྐུལ་འདེད་བཏང་སྟེ། བརྗོད་དོན་སློབ་གསོ་རྒྱུན་ཆད་མེད་པར་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་རྒྱུར་སྐུལ་འདེད་བཏང་།
བརྗོད་དོན་སློབ་གསོ་སྤེལ་བ་ནས་བཟུང་། ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་། ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། མགྱོགས་མྱུར་ངང་ལས་མགོ་རྩོམ་པ་དང་བཀོད་སྒྲིག་ཞིབ་ཚགས་བྱེད་པ། སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་པ་དང་། ཆེད་དོན་བགྲོ་གླེང་འཛིན་གྲྭ་དང་དཔེ་ཀློག་འཛིན་གྲྭ་གཉེར་བ་བརྒྱུད་དེ། ཏང་གི་གསར་གཏོད་གཞུང་ལུགས་ཀྱིས་བསམ་བློར་དྲག་ཆས་སྤྲོས་པ་དང་ལག་ལེན་ལ་མཛུབ་སྟོན་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱས་པར་མ་ཟད། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། རང་ཉིད་དེའི་ནང་དུ་འཇོག་པ་དང་འགན་འཁྲི་དེའི་ནང་དུ་འཇོག་པ། ལས་ཀ་དེའི་ནང་དུ་འཇོག་པ་བཅས་བྱས་ཏེ། ཞིབ་བཤེར་དང་མི་འདང་སར་ཞིབ་བཤེར་གཏིང་ཟབ་བྱས་ནས། དག་ཐེར་ཡོ་བསྲང་བྱེད་པར་སྐུལ་འདེད་གཏིང་ཟབ་བྱས།
ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གིས་བརྗོད་དོན་སློབ་གསོའི་ཁྲོད་དུ། གཙོ་གནད་ལས་འགན་གྱི་ཞིབ་ཐོ་སོ་བརྒྱད་གཏན་འབེབས་བྱས་ཏེ། གཙོ་གནད་ཞིབ་འཇུག་བྱ་གཞི་ཆེན་པོ་བརྒྱད་དངོས་སུ་སྤེལ་ཡོད་ཅིང་། ཧྲུའུ་ཅི་དང་ཧྲུའུ་ཅི་གཞོན་པ། ཨུ་ཡོན་བཅས་ཀྱིས་སོ་སོར་ཁ་བྱང་ངེས་གཏན་སྒོས་བརྟག་དཔྱད་ཞིབ་འཇུག་བྱས་ཏེ། སྲིད་ཁྲིམས་ལས་དོན་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་བསམ་ཕྱོགས་དང་བྱེད་ཐབས་ལ་ཞིབ་འཇུག་ནུས་ལྡན་བྱས།
གོམ་སྟབས་རྗེས་མར་ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གིས། “དགོངས་པར་སློབ་སྦྱོང་དང་ཏང་གཤིས་ཇེ་དྲག་ཏུ་གཏོང་བ། ལག་ལེན་ལ་མཐོང་ཆེན་བྱེད་པ། བྱས་རྗེས་གསར་པ་འཇོག་པ”བཅས་ཀྱི་སྤྱིའི་བླང་བྱ་ལྟར་དུ། བརྗོད་དོན་སློབ་གསོ་གཏིང་ཟབ་དང་ཏན་ཏིག་ཡོང་རྒྱུར་མུ་མཐུད་དུ་སྐུལ་འདེད་བཏང་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཁྲིམས་སྐྱོང་གི་འགན་ལེན་ནུས་ལྡན་བྱ་རྒྱུ་རེད།
བན་དེ་སྐྱབས་ཀྱིས་བསྒྱུར།