ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱིས་དང་པོ་དྲུག་གི་རེ་བ་དངོས་འབེབས་བྱེད་པའི་དུས་རིམ་རང་བཞིན་གྱི་གྲུབ་འབྲས་མངོན་པར་བྱས།
2023.07.28 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 7

ཟླ་བདུན་པའི་ཚེས་ཉེར་ལྔ་ཉིན། ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གིས་དང་པོ་དྲུག་གི་རེ་བ་དངོས་འབེབས་བྱེད་པ་དང་ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཏང་འཛུགས་བྱ་བའི་ལྟ་སྦྱོང་བརྗེ་རེས་བྱ་འགུལ་སྤེལ་བ་དང་། ཡུལ་དངོས་ནས་འགྲེལ་བརྗོད་དང་བརྙན་རིས་བལྟ་བ། རྒྱུ་ཆའི་ལྟ་ཀློག བརྗེ་རེས་གཏམ་བཤད་སོགས་ཀྱི་ཐབས་སྤྱད་དེ། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱིས་དང་པོ་དྲུག་གི་རེ་བ་དངོས་འབེབས་བྱས་ཏེ་བླངས་པའི་དུས་རིམ་རང་བཞིན་གྱི་གྲུབ་འབྲས་མངོན་པར་བྱས།

རྒྱུས་ལོན་བྱུང་བ་ལྟར་ན། ད་ལོའི་ཚུན་ལ། ཞིང་ཆེན་ཐད་གཏོགས་ལས་ཁུངས་སོ་སོས་དང་པོ་དྲུག་གི་རེ་བ་དེ་ཏང་གིས་ཏང་བཅོས་སྐྱོང་བྱེད་པའི་འགན་འཁྲི་དངོས་འབེབས་བྱེད་པའི་ཆབ་སྲིད་རེ་བར་བརྩིས་ཏེ་གོ་བ་ལོན་པར་བྱེད་པ་དང་། བརྗོད་དོན་སློབ་གསོ་སྤེལ་བའི་འཛིན་སྣེ་གཙོ་བོར་བྱས་ཏེ་དམ་འཛིན་བྱས་ལ། ཏང་འཛུགས་ཀྱི་ཚན་རིག་བྱེད་ཐབས་བེད་སྤྱོད་བྱེད་པ་དང་ཏང་འཛུགས་ཀྱིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དངོས་གཉེར་བྱེད་ཐབས་ལ་སྐུལ་འདེད་བཏང་སྟེ། ཏང་འཛུགས་འགན་འཁྲི་གོ་རིམ་ལྡན་པར་དངོས་འབེབས་བྱེད་པ་དང་ཏང་འཛུགས་བྱ་བ་ཁྱད་ཆོས་ལྡན་པར་སྤེལ་བ། ཏང་ཡོན་ལས་བྱེད་པས་འགན་ནུས་ལག་བསྟར་བྱས་པས། བྱ་བ་སྣ་ཚོགས་ལ་གྲུབ་འབྲས་ངེས་ཅན་ཐོབ་ཡོད།

ཞིང་ཆེན་ཐད་གཏོགས་ལས་ཁུངས་སོ་སོས་མ་ལག་འདུ་ཤེས་རྒྱུན་འཁྱོངས་དང་ཆབ་སྲིད་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་པ། རྒྱུན་ཆད་མེད་པར་གཞུང་ལུགས་ཀྱི་དྲག་ཆས་སྤྲས་པར་ཤུགས་སྣོན་དང་། ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལག་བསྟར་ནན་མོ་བྱས་ཏེ། བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བའི་ཁྲོད་ནས་བླ་སྲོག་ཇེ་བརྟན་དུ་གཏོང་བ་དང་དངོས་བསྒྲུབ་ཁག་ཁུར་ཐོན་པར་བྱས་ནས། བདེན་སྲུང་གསར་གཏོད་རྒྱུན་འཁྱོངས་སྒོས་སྔར་ལས་ལྷག་པའི་སྒོ་ནས་བྱ་བའི་གཙོ་གནད་འབུར་དུ་ཐོན་པ་དང་། བྱ་བའི་དམིགས་ཚད་མཐོར་འདེགས་བྱས་ཏེ། གཞི་རིམ་དམ་འཛིན་བྱས་ནས་རྨང་གཞི་འདིང་བ་དང་། བསྟུད་མར་འགན་འཁྲིའི་ནུས་པ་མཐོར་འདེགས་བྱེད་པ། ཏང་འཛུགས་དང་བྱེད་སྒོའི་བྱ་བ་གཏིང་ཟབ་ཏུ་འདྲེས་སྦྱོར་བྱེད་པར་སྐུལ་འདེད་བཏང་སྟེ། ཟོལ་མེད་ཀྱིས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་བའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་དང་བརྗོད་དོན་སློབ་གསོའི་ཕན་འབྲས་དེ་ལས་ཁུངས་ཀྱི་ཏང་འཛུགས་ལ་སྐུལ་འདེད་གཏོང་བའི་བྱ་བར་བསྒྱུར་ནས་ཕན་འབྲས་དངོས་མཐོར་འདེགས་བྱེད་དགོས་པ་དང་། གནད་དོན་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ་དང་པོ་གཅིག་གི་རེ་བ་དངོས་འབེབས་བྱེད་པ་དེ་སྤྱོད་ཚུལ་འབུར་ཐོན་གནད་དོན་གྱི་ཆེད་དོན་དག་ཐེར་བཅོས་སྐྱོང་ཕན་འབྲས་ལ་ཞིབ་བཤེར་བྱེད་པའི་ལག་ལེན་དུ་བྱས་ཤིང་། འགན་འཁྲི་དངོས་འབེབས་དང་སྤྱོད་ཚུལ་འཛུགས་སྐྲུན། ལྟ་རྟོག་དོ་དམ་བཅས་ཕྱོགས་ཡོངས་ནས་ནན་འཛིན་བྱས་ཏེ། དང་པོ་དྲུག་གི་བྱ་བའི་ཁྲོད་ཏང་ཡོན་ལས་བྱེད་པའི་སྤྱོད་ཚུལ་བཟང་བོ་དང་དོན་དངོས་ནུས་པར་སྦྱོང་བརྡར་བྱས་ནས། དངོས་སྒྲུབ་གཙོར་འཛིན་དང་འཕེལ་རྒྱས་སྐུལ་འདེད་གཏོང་བའི་རྣམ་པ་བཟང་བོ་ཆགས་པར་སྐུལ་འདེད་བཏང་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།