ཝུའུ་ཞའོ་ཅུན་གྱིས་མགོ་འཛིན་བྱས་ཏེ་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས།
2023.07.28 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 14

ཟླ་བདུན་པའི་ཚེས་ཉེར་བདུན་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཀང་གི་མངགས་བཅོལ་ལྟར་དུ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་མགོ་འཛིན་བྱས་ནས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་པ་དང་། ཚོགས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས་དང་། ཀྲུང་དབྱང་གི་ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུ། ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གཉིས་པ། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐུན་མོང་སློབ་སྦྱོང་ཐེངས་བདུན་པ་བཅས་ཀྱི་སྟེང་གི་གསུང་བཤད་གལ་ཆེན་དང་དེ་བཞིན་འབྲེལ་ཡོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཏེ། རང་རེའི་ཞིང་ཆེན་གྱི་ལག་བསྟར་དོན་འཁྱོལ་ལ་ཞིབ་འཇུག་བྱས།

གྲོས་ཚོགས་ལས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཚོགས་འདུའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱིས་ང་ཚོས་ལོ་སྨད་ཀྱི་དཔལ་འབྱོར་ལས་དོན་ཡག་པོ་བསྒྲུབ་རྒྱུར་ཁ་ཕྱོགས་གསལ་སྟོན་བྱས་ཡོད། བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གིས་མིག་སྔའི་གནས་བབ་ལ་བརྡར་ཤ་བཅད་པའི་སྟེང་ནས་གཅིག་གྱུར་ཡོང་བར་བྱས་ཏེ། ལོ་ཧྲིལ་པོའི་དམིགས་འབེན་ལས་འགན་ཡོངས་སྒྲུབ་ཐད་འགན་ལེན་བྱེད་པའི་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་། གྲོང་ཁྱེར་ནང་གི་གྲོང་ཚོ་སྒྱུར་བཀོད་དང་། “མྱུར་མཁོ་ཉིས་སྤྱོད”སྐོར་གྱི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྤྱི་པའི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་སོགས་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་དོན་འཁྱོལ་ཡག་པོ་བྱས་ནས། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་བཀོད་སྒྲིག་ལྟར་དུ། མིག་སྔའི་གཙོ་གནད་ལས་དོན་ལ་དམ་འཛིན་ཡག་པོ་བྱས་ཏེ། དཔལ་འབྱོར་གྱི་སྤུས་ཚད་མཐོ་རུ་གཏོང་བ་དང་གྲངས་འབོར་ལུགས་མཐུན་ངང་འཕར་རྒྱུར་སྐུལ་འདེད་གཏོང་དགོས། གནད་དོན་གྱི་ཁྲིད་ཕྱོགས་དང་དམིགས་འབེན་གྱི་ཁྲིད་ཕྱོགས། མཇུག་འབྲས་ཀྱི་ཁྲིད་ཕྱོགས་བཅས་ལ་ཤུགས་སྣོན་པ་དང་། རང་རེའི་ཞིང་ཆེན་གྱི་མིག་སྔའི་དཔལ་འབྱོར་འཁོར་སྐྱོད་ཁྲོད་གནས་པའི་གནད་དོན་ལ་དམ་པོར་དམིགས་ཏེ། བརྗོད་དོན་སློབ་གསོ་དང་ཟུང་འབྲེལ་བྱས་ནས་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱེད་པ་དང་། རིགས་སོ་སོའི་ཁེ་ལས་ལ་ཕན་པའི་སྲིད་ཇུས་གང་ལེགས་སྤྱོད་པ། དམིགས་འབེན་རང་བཞིན་གྱི་བྱེད་ཐབས་སྤྱད་དེ་དུས་ཐོག་ཏུ་ཞན་ཆ་གསབ་ནས་ལས་དོན་ཡག་པོ་སྒྲུབ་དགོས། ལས་ཞུགས་བརྟན་པོ་ཡོང་བའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས། ཁེ་ལས་ལ་རོགས་རམ་དང་དཀའ་ངལ་སེལ་བ། ལས་གནས་བརྟན་པོ་ཡོང་བར་བྱེད་པ། གཙོ་གནད་ཁེ་ལས་ཀྱིས་ལས་མི་སྤྱོད་པའི་ཞབས་ཞུར་འགན་ལེན་བྱེད་པ། གཙོ་གནད་ཚོགས་སྤྱིའི་ལས་ཞུགས་དང་ལས་རིགས་རྩལ་ནུས་གསོ་སྦྱོང་སོགས་ཀྱི་ལས་དོན་ལ་སྤྱི་འདོམས་སྐུལ་འདེད་གཏོང་དགོས། གྲོང་གསེབ་དར་སྤེལ་ཡོང་བར་ཁྱོན་ཡོངས་ནས་སྐུལ་འདེད་བཏང་སྟེ། ཞིང་ཆེན་ཡོངས་ཀྱི་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེ། གྲོང་གསེབ་དར་སྤེལ་དང་འབྲེལ་མཐུད་ནུས་ལྡན་ཡོང་བར་བྱས་ནས། གནད་དོན་དག་ཐེར་ལས་དོན་ལ་གྲུབ་འབྲས་མངོན་གསལ་ཐོབ་རྒྱུར་འགན་ལེན་བྱེད་དགོས། གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁ་འགོག་ཟོན་དང་སེལ་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། བུ་ལོན་གྱི་ཉེན་ཁ་སེལ་རྒྱུའི་རང་འགུལ་དམག་འཐབ་ཡག་པོ་རྒྱག་པ། བརྒྱུད་རིམ་རང་བཞིན་གྱི་ཉེན་ཁ་མི་ཐོན་པའི་ཚད་མཐའ་བརྟན་སྲུང་བཅས་བྱེད་དགོས།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གཉིས་པའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གྱིས། རྨོ་ཞིང་སྲུང་སྐྱོང་ལ་ཤུགས་སྣོན་པ་དང་ས་ཞིང་གི་སྤུས་ཚད་མཐོ་རུ་གཏོང་བ། ཞིང་ལས་ཐོན་སྐྱེད་ཀྱི་བར་སྟོང་རྒྱ་ཆེར་གཏོང་བ་བཅས་ཀྱི་ཐད་འཐབ་ཇུས་བཀོད་སྒྲིག་གང་ལེགས་གནང་ཡོད།  སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་དང་དེར་གོ་བ་གཏིང་ཟབ་བླངས་ནས། རྒྱལ་ཁབ་ཀྱི་དོན་ཆེན་བློ་ལ་བརྟན་པོར་ངེས་པར་བྱེད་པ་དང་ཁྱོན་ཡོངས་ཀྱི་འདུ་ཤེས་བརྟན་པོ་བཙུགས་ཏེ། མཚོ་སྔོན་གྱི་འགན་འཁྲི་འཁུར་བ་དང་ཆབ་སྲིད་ལ་མཐོང་ཆེན་བྱེད་པའི་མཐོ་ཚད་ནས་བསྡད་དེ། རྨོ་ཞིང་སྲུང་སྐྱོབ་ཀྱི་གནད་དོན་ལ་ངོས་འཛིན་ཡང་དག་བྱེད་དགོས། རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱ་རྒྱུ་དང་ཟུང་འབྲེལ་བྱས་ནས། བཅོས་སྒྲིག་ལས་དོན་ལ་སྐུལ་འདེད་བཏང་སྟེ། འབྲུ་རིགས་འདེབས་འཛུགས་མ་ཡིན་པའི་ཞིང་སའི་རིགས་དང་ས་རྒོད་བཅོས་སྐྱོང་ལ་མུ་མཐུད་སྐུལ་འདེད་བཏང་ནས། བཅོས་སྐྱོང་གི་གྲུབ་འབྲས་སྔར་ལས་སྲ་བརྟན་དང་རྒྱ་སྐྱེད་གཏོང་དགོས། ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་ཡག་པོ་བྱས་ནས། ཞིང་བཀོལ་ཆུ་བེད་སོགས་ལོ་རྒྱུས་ཀྱི་བུ་ལོན་ཁ་གསབ་བྱས་ཏེ། དོ་དམ་དང་སྲུང་སྐྱོབ་ཀྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས། ཡུལ་བབ་དང་བསྟུན་ནས་ས་ཞིང་བ་ཚྭ་ཅན་ལ་ཕྱོགས་བསྡུས་ཀྱིས་བེད་སྤྱོད་བྱེད་པ་དང་། ས་ཞིང་བ་ཚྭ་ཅན་བཅོས་སྐྱོང་ལེགས་བཅོས་ཀྱི་བྱེད་ཐབས་ནུས་ལྡན་ཁྱབ་བརྡལ་དུ་གཏོང་བ། ཁྱད་ལྡན་ཐོན་ལས་གསར་གཏོད་དང་གོང་སྤེལ་བཅས་བྱས་ཏེ། རྒྱལ་ཁབ་ཀྱི་རྨོ་ཞིང་སྲུང་སྐྱོབ་དང་འབྲུ་རིགས་བདེ་འཇགས་ཡོང་བར་ལེགས་སྐྱེས་གང་ལེགས་འབུལ་དགོས།

གྲོས་ཚོགས་ལས་བསྟན་དོན། བརྗོད་དོན་སློབ་གསོ་སྤེལ་བཞིན་པ་ཟུང་འབྲེལ་གང་ལེགས་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅི་ཕིང་གི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐུན་མོང་སློབ་སྦྱོང་ཐེངས་བདུན་པའི་སྟེང་གི་གསུང་བཤད་གལ་ཆེན་དང་། དམག་ཡོངས་ཀྱི་ཏང་འཛུགས་ཚོགས་ཆེན་སྟེང་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དུས་ཐོག་ཏུ་སློབ་སྦྱོང་བྱས་ཏེ། ཏང་གིས་དམག་དཔུང་ལ་མགོ་ཁྲིད་མཐའ་གཅིག་ཏུ་བྱ་རྒྱུ་དེ་ལས་འགན་གཙོ་བོ་དང་རྩ་བའི་བླང་བྱར་བརྩིས་ནས། དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དམིགས་འབེན་གཏན་འཁེལ་བྱེད་པ་དང་། རྒྱལ་སྲུང་འདུ་ཤེས་ཆེ་རུ་གཏོང་བ། དམག་དོན་བཅོས་སྐྱོང་ལ་བརྟེན་ནས་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་ལས་དོན་ལ་འཕེལ་རྒྱས་གསར་པ་ཡོང་བར་བྱེད་པ། སྲིད་བཀུར་དམངས་གཅེས་དང་དམག་བཀུར་ཁྱིམ་སྐྱོང་གི་ལས་དོན་སོ་སོ་ཏན་ཏིག་ངང་སྒྲུབ་པ་བཅས་བྱས་ནས། སྤྱི་ཚོགས་ཡོངས་སུ་དམག་མིར་གོང་བཀུར་དང་རྒྱལ་སྲུང་ལ་སེམས་ཁུར། དམག་དཔུང་སྟོབས་ལྡན་དུ་གཏོང་བའི་ལས་དོན་ལ་རྒྱབ་སྐྱོར་བཅས་བྱེད་པའི་རྣམ་པ་བཟང་པོ་ཞིག་གྲུབ་པར་བྱེད་དགོས།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། བརྗོད་དོན་སློབ་གསོ་སྤེལ་དགོས་པའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་རབ་དང་རིམ་པའི་དགོངས་དོན་ལ་སློབ་སྦྱོང་དང་དེ་ལག་བསྟར་གཏིང་ཟབ་བྱས་ཏེ། ཀྲུང་དབྱང་གི་བརྗོད་དོན་སློབ་གསོའི་མགོ་ཁྲིད་ཚན་ཆུང་གི་ཚོགས་འདུའི་བཀོད་སྒྲིག་ལྟར་དུ། བརྟག་དཔྱད་དང་ཞིབ་འཇུག་གལ་ཆེན་མཉམ་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ནས། གནད་དོན་ཐག་གཅོད་བྱེད་པའི་བྱེད་ཐབས་དངོས་འདོན་པ་དང་གྲུབ་འབྲས་ཚུལ་སྒྱུར་ལ་དམ་འཛིན་བྱས་ཏེ། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་དང་ཏན་ཏིག་ཡོང་རྒྱུར་མུ་མཐུད་སྐུལ་འདེད་གཏོང་དགོས། དག་ཐེར་བཅོས་སྐྱོང་དམ་འཛིན་དང་གནད་དོན་གྱི་འགག་རྩ་གནད་ཁེལ་ངང་འཚོལ་བ། སྒོ་འབྱེད་དག་ཐེར་བཅོས་སྐྱོང་རྒྱུན་འཁྱོངས་བྱེད་པ། འགན་འཁྲི་ཇེ་དམ་དུ་གཏོང་བ། གྱོད་གཞིར་བརྟེན་ནས་དག་ཐེར་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བའི་ཆེད་དོན་སློབ་གསོ་དང་སྤྱོད་ལམ་འཛུགས་སྐྲུན་གྱི་མངོན་གསལ་དོད་པའི་གནད་དོན་ལ་ཆེད་དོན་བཅོས་སྐྱོང་གཏིང་ཟབ་བྱེད་པ། དུས་བཅད་ལྟར་དག་ཐེར་བཅོས་སྐྱོང་བྱས་ཏེ། བདེན་པ་བདེན་ཐུབ་ཀྱི་སྒོ་ནས་ཐེར་ཡོ་བསྲང་དང་བཅོས་སྒྲིག་བྱས་ནས་མང་ཚོགས་ཀྱིས་ཁས་ལེན་ཐོབ་པར་བྱེད་དགོས། སྤུས་ཚད་མཐོ་བའི་སྒོ་ནས་ཆེད་དོན་དམངས་གཙོ་འཚོ་བའི་ཚོགས་འདུ་དང་རྩ་འཛུགས་འཚོ་བའི་ཚོགས་འདུར་གྲ་སྒྲིག་གང་ལེགས་བྱེད་དགོས།

གྲོས་ཚོགས་ལས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་ཡིག་བསྐུར་ངོ་གཏུག་ལས་དོན་ལ་ཤུགས་སྣོན་དང་ཇེ་ལེགས་སུ་གཏོང་དགོས་པའི་སྐོར་གྱི་དགོངས་པ་གལ་ཆེན་ལ་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ནས། ཞིང་ཆེན་དང་པུའུ་རིམ་པའི་ལས་བྱེད་པའི་ཡིག་བསྐུར་ངོ་གཏུག་ལས་དོན་གྱི་ཆེད་དོན་བགྲོ་གླེང་འཛིན་གྲྭའི་དགོངས་དོན་དོན་འཁྱོལ་ཡག་པོ་བྱས་ཏེ། ཡིག་བསྐུར་ངོ་གཏུག་ལས་དོན་ཁྲིམས་སྐྱོང་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བའི་དོན་སྙིང་གལ་ཆེན་དང་ནང་དོན་གཙོ་བོར་གོ་བ་ཡང་དག་ལེན་དགོས། སྔོན་འགོག་དང་བདག་སྤྲོད། སྒྲུབ་པ། ལྟ་སྐུལ་དང་འགན་འཁྲི་རྩད་གཅོད། སྒྲིག་ལམ་སྲུང་སྐྱོབ་སོགས་ལྷུ་ཚིགས་ཁག་ཁྲིམས་སྐྱོང་ཅན་དུ་འགྱུར་བའི་བླང་བྱར་དོ་སྣང་བྱས་ཏེ། ཡིག་སྐུར་ངོ་གཏུག་གི་ལས་བྱེད་པ་ཚང་མར《ཡིག་སྐུར་ངོ་གཏུག་ལས་ཀའི་སྲོལ་ཡིག》ལ་རྒྱུས་མངའ་ཡོད་པར་བྱེད་པ་དང་དེའི་ནང་དོན་ཁོང་དུ་ཆུད་པར་བྱས་ཏེ། ཡིག་སྐུར་ངོ་གཏུག་གི་ལས་ཀ་ཁྲིམས་སྐྱོང་ཅན་དུ་འགྱུར་བའི་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་དགོས། དུས་རབས་གསར་པའི“ཧྥུན་ཆའོ་ཡི་ཉམས་མྱོང་”རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་དགོས་པ་དང་། ཡིག་སྐུར་ངོ་གཏུག་གི་གནད་དོན་འབྱུང་རྩ་ནས་བཅོས་སྐྱོང་བྱེད་པའི་ལོ་གསུམ་གྱི་མཁྲེགས་གཏོར་བྱ་སྤྱོད་དེ་གོ་སྐབས་སུ་བརྩིས་ནས། མགོ་ཁྲིད་ལས་བྱེད་པས་ངོ་གཏུག་ཡོང་མཁན་ལ་སྣེ་ལེན་ཞུ་བ་དང་འོག་རིམ་ལ་བཅར་འདྲིར་འགྲོ་བ།  གྱོད་དོན་ཐག་གཅོད་ཀྱི་འོས་འགན་འཁུར་བ། ཡིག་སྐུར་ངོ་གཏུག་གི་གནད་དོན་མངོན་གསལ་ཅན་ཐག་གཅོད་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ། ཡིག་སྐུར་ངོ་གཏུག་གི་གནད་དོན་ནུས་ཤུགས་གང་ཡོད་ཀྱིས་ཐག་གཅོད་བྱེད་དགོས།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། མཚོ་སྔོན་ལ་སློབ་གསོས་རོགས་སྐྱོར་བྱེད་པའི་ལས་དོན་ཚོགས་འདུ་བསྡུས་པ་དེའི་སྟེང་ནས། ཏང་ཀྲུང་དབྱང་གིས་མཚོ་སྔོན་ལ་ཐུགས་ཁུར་གང་ལེགས་གནང་བ་མཚོན་ཐུབ་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་མཚོན་ལ། སློབ་གསོ་པུའུ་དང་རོགས་སྐྱོར་བྱེད་མཁན་སོ་སོས་མཚོ་སྔོན་ལ་བཅངས་པའི་བརྩེ་སེམས་ཟབ་མོའང་མཚོན་ཐུབ་པས།  དེར་དོན་སྙིང་གལ་ཆེན་ལྡན་པ་དང་དེ་བསྟུན་གྱི་གྲུབ་འབྲས་ཆེན་པོ་ཐོབ་ཡོད། ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་ཡག་པོ་བྱས་ནས། ཞིང་ཆེན་དང་པུའུ་བར་གྱི་མཉམ་ལས་ལ་སྔར་ལས་ཤུགས་སྣོན་པ་དང་། མཉམ་ལས་ཁྱབ་ཁོངས་རྒྱ་སྐྱེད་གཏོང་བ། མཉམ་ལས་ཀྱི་རྣམ་པ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། མཉམ་ལས་ཀྱི་ལམ་སྲོལ་གསར་གཏོད་བྱེད་པ། རོགས་ལས་མཉམ་འགུལ་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ནས། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་སྒྲིག་གཞིའི་འདུ་ཤེས་སློབ་གསོ་དང་ནུབ་རྒྱུད་མི་རིགས་ས་ཁུལ་གྱི་སློབ་གསོ་སྤུས་ཚད་མཐོ་བའི་ངང་ནས་འཕེལ་རྒྱས་སུ་གཏོང་བ། སློབ་གསོའི་ཞབས་ཞུའི་ས་ཁོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་སྐྱེ་ཁམས་ཁོར་ཡུག་འཛུགས་སྐྲུན་བཅས་ཀྱི“དཔེ་སྟོན་གསུམ”མཉམ་སྐྲུན་བྱེད་དགོས། གཙོ་གནད་ལས་དོན་ལ་སྔར་ལས་དམ་འཛིན་ཡག་པོ་བྱས་ཏེ། འོས་འགན་སློབ་གསོ་སྤུས་ལེགས་དང་དོ་སྙོམས་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་། མཐོ་རིམ་སློབ་གསོ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གང་མགྱོགས་གཏོང་བ། ལས་རིགས་སློབ་གསོའི་བཅོས་སྒྱུར་འཕེལ་རྒྱས་ཀྱི་མཐོ་རིམ་ཇུས་འགོད་ལ་ཤུགས་སྣོན་པ། སློབ་གསོ་ལ་བརྟེན་ནས་ཞིང་ཆེན་སྟོབས་ལྡན་དུ་གཏོང་བའི་འཆར་འགོད་ཡག་པོ་བཟོ་བ་བཅས་བྱེད་དགོས། སློབ་གསོའི་བཅོས་སྒྱུར་ལས་དོན་སྔར་ལས་ཟབ་སྤེལ་དང་། རྒྱལ་ཁབ་ཀྱིས་གཅིག་གྱུར་སྒོས་རྩོམ་སྒྲིག་བྱས་པའི་སློབ་དེབ་བཀོལ་སྤྱོད་བྱེད་པར་བརྟན་པོའི་ངང་ནས་སྐུལ་འདེད་གང་ལེགས་གཏོང་བ། ཇེ་ཡང་དུ་གཏོང་བ་གཉིས་ཀྱི་གྲུབ་འབྲས་སྔར་ལས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ། མཐོ་རྒྱུགས་ལ་ཕྱོགས་བསྡུས་སྒོས་བཅོས་སྒྱུར་བྱེད་པའི་ལས་དོན་སྐུལ་སྤེལ་བརྟན་པོ་གཏོང་བ་བཅས་བྱེད་དགོས། ཞབས་ཞུའི་འགན་ལེན་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་སློབ་གསོའི་ལས་གཉེར་པ་ཡི་ཐུགས་ཁུར་དང་གཅེས་སྐྱོང་ལམ་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་བ། བརྩེ་སེམས་སྔར་ལས་ཆེན་པོ་བཅངས་ནས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པའི་ཤེས་ལྡན་མི་སྣར་ཞབས་ཞུ་འགན་ལེན་ཡག་པོ་བྱེད་པ། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་སློབ་གསོའི་ལས་གཉེར་པས་མཚོ་བོད་ས་མཐོ་རུ་ལས་སྒྲུབ་ལས་སྐྲུན་བྱ་རྒྱུར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བཅས་བྱེད་དགོས།

ཚོགས་ཐོག་ནས་ད་དུང་ལས་དོན་གཞན་དག་ལའང་ཞིབ་འཇུག་བྱས།

བན་དེ་སྐྱབས་ཀྱིས་བསྒྱུར།