ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་བའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཡིས་ཆེད་དོན་གྲོས་ཚོགས་བསྡུས་ཏེ་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་བའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས།
2023.07.28 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 12

ཟླ་བདུན་པའི་ཚེས་ཉེར་བདུན་ཉིན།   ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་བའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཡིས་ཆེད་དོན་གྲོས་ཚོགས་བསྡུས་ཏེ་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་བའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་།    ལག་བསྟར་དོན་འཁྱོལ་བྱ་བར་ཞིབ་འཇུག་བྱས།    ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི།   ཀྲུའུ་རིན་གཞོན་པ་ཝང་ལིས་མེན་གྱིས་འགོ་འཛིན་བྱས་པར་མ་ཟད་གཏམ་བཤད།   དབྱང་ཧྥིན་ཁྲུན་དང་ཀྲང་ཧོང་ཡོན།   ལོའུ་ཀང་།   ཁྲིན་ཏུང་ཁྲང་བཅས་གྲོས་ཚོགས་ལ་ཞུགས།   ལིའུ་ཐུང་ཏི་གྲོས་ཚོགས་ལ་ཟུར་ཞུགས་བྱས།

གྲོས་ཚོགས་ནས་བསྟན་དོན།  ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་བའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་པ་དང་།    རྒྱལ་ཡོངས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་ཆེན་གྱི་བླང་བྱ་དོན་འཁྱོལ་ཟབ་མོ་དང་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་བའི་དམིགས་འབེན་ལས་འགན་དོན་འཁྱོལ་ནན་མོ་བྱས་ཡོད་པར་མ་ཟད།   མངག་བཅོལ་ཡིད་ལ་དམ་པོར་འཛིན་པ་དང་དྲིན་གཟོ་འབད་འཐབ།   གོ་སྐབས་དམ་འཛིན།   དོན་དངོས་སྒྲུབ་པ་བཅས་ཀྱི་དམིགས་འབེན་ལས་འགན་དང་། ལས་བྱེད་པས་སྒྲུབ་དགོས་པ་དང་བསམ་ཕྱོགས་གསལ་དགོས་པའི་འགན་འཁྲིའི་བླང་བྱ་གཉིས་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱས་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་འབད་འཐབ་དམིགས་འབེན་དང་མངོན་འགྱུར་བྱེད་ཐབས།   ལས་འགན་གཙོ་བོ་བཅས་སྔར་ལས་གཏན་འབེབས་གསལ་བོ་བྱས་ཡོད་པས།    སློབ་སྦྱོང་རྒྱུན་ལོན་གཏིང་ཟབ་བྱེད་དགོས་པ་དང་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་དགོས།

གྲོས་ཚོགས་ནས་ནན་གྱིས་བསྟན་དོན།  ཆབ་སྲིད་ལངས་གནས་མཐོར་འདེགས་གཏོང་བ་དང་དགོངས་དོན་གྱི་ངོ་བོར་རྒྱུས་ལོན་ཟབ་མོ་བྱེད་པ།   ངེས་པ་དོན་གྱིས་བསམ་བློ་དང་བྱ་སྤྱོད་གཉིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སྟེང་གཅིག་གྱུར་ཡོང་བར་བྱས་ནས་དོན་དག་སྒྲུབ་འདོད་པ་དང་སྒྲུབ་ཕོད་པ། སྒྲུབ་ཤེས་པ་བཅས་ཀྱི་སྣང་ཚུལ་བཟང་བོ་བསྐྲུན་དགོས།  ལས་འགན་གཙོ་བོ་གཅིག་བསྡུས་དང་ཁྲིམས་ལྟར་འགན་སྒྲུབ་ཡག་པོ་བྱས་ཏེ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་བཟང་བོ་དང་དོན་འཁྱོལ་ནན་མོ་བྱེད་པ་དང་།    འབྲེལ་ཡོད་ཁྲིམས་འཛུགས་དང་ལྟ་སྐུལ་དོ་དམ་བྱ་བའི་འཕེལ་རིམ་ལ་མགྱོགས་མྱུར་སྐུལ་འདེད་བཏང་སྟེ་གོ་གནས་བསྐོ་འཐེན་གྱི་ཐག་གཅོད་དང་འཐུས་མིའི་བྱ་བར་ཕན་ནུས་མཐོ་བའི་སྒོ་ནས་སྐུལ་འདེད་གཏོང་དགོས།   དངོས་སྒྲུབ་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་འགན་འཁྲི་ཁག་ཁུར་ཇེ་དྲག་ཏུ་གཏོང་བ།    རང་སྟེང་འཛུགས་སྐྲུན་གྱི་གྲུབ་འབྲས་གསར་པས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་པའི་གྲུབ་འབྲས་གསར་པར་ཉམས་ཞིབ་བྱེད་པ་དང་།   ལས་སྒྲུབ་ལས་གཏོད་ཀྱི་ཕྱོགས་བསྡུས་མཉམ་ཤུགས་གྲུབ་པར་སྐུལ་འདེད་བཏང་སྟེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཆར་འགོད་གནང་བའི་དེང་རབས་ཅན་གྱི་མཚོ་སྔོན་གསར་པའི་རླབས་ཆེན་ཇུས་གཞི་མངོན་འགྱུར་བྱེད་པར་དམངས་ཆེན་གྱི་ཤེས་རིག་དང་སྟོབས་ཤུགས་འབུལ་དགོས།

                                                                                                                       ལྷ་མོ་ཚེ་རིང་གིས་བསྒྱུར།