མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རིག་དངོས་བྱ་བའི་གྲོས་ཚོགས་ཟི་ལིང་ནས་འཚོགས།
2023.07.28 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 17

ཟླ་བདུན་པའི་ཚེས་ཉེར་དྲུག་ཉིན། ཞིང་ཆེན་ཡོངས་ཀྱི་རིག་དངོས་བྱ་བའི་གྲོས་ཚོགས་ཟི་ལིང་ནས་འཚོགས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཝང་ཏ་ནན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས་པར་མ་ཟད་གཏམ་བཤད། ཧྲིན་ཀྲང་གཞོན་པ་ཧི་ལུའུ་ཁྲུང་གྲོས་ཚོགས་ལ་ཞུགས་ནས་གཏམ་བཤད། ཚོགས་ ཐོག་ཏུ་རིག་དངོས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བར་བྱེད་པ་དང་རིག་དངོས་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་སོ་སོར་དོན་འཁྱོལ་བྱེད་དགོས། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་དོན་སྙིང་གལ་ཆེན་ལ་གོ་བ་གཏིང་ཟབ་ལེན་པ་དང་ཀྲུང་ཧྭའི་རིག་གནས་རྒྱུན་འཛིན་དང་ཀྲུང་ཧྭའི་དཔལ་ཡོན་ཁྲོད་ཀྱི་མཚོ་སྔོན་གྱི་ཐུན་མོང་མ་ཡིན་པའི་ལེགས་ཆར་ངོས་འཛིན་གཏིང་ཟབ་བྱེད་པ། སྔར་ལས་ལེགས་པའི་སྒོ་ནས་རིག་གནས་ཀྱི་འགན་འཁྲི་གསར་བ་ཁུར་ཏེ། དུས་རབས་གསར་པའི་མཚོ་སྔོན་གྱི་རིག་དངོས་ལས་དོན་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ དགོས།

གྲོས་ཚོགས་ལས་བསྟན་དོན། རིག་དངོས་སྲུང་སྐྱོབ་དོ་དམ་ལ་ཁྱོན་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་རིག་དངོས་གནའ་རྫས་ཞིབ་འཇུག་འགྲེལ་བཤད་རྒྱག་རྒྱུར་ཤུགས་སྣོན་རྒྱག་པ། གྲངས་གཞི་ཅན་གྱི་ཐོག་ནས་རིག་དངོས་སྲུང་སྐྱོབ་དང་བརྒྱུད་སྤེལ་ཡག་པོ་བྱེད་པ། རིག་དངོས་ཀྱི་གསོན་ཤུགས་འཕེལ་བ་དང་བེད་སྤྱོད་བྱ་རྒྱུར་ཤུགས་སྣོན་རྒྱག་པ། མཉམ་ལས་སྤེལ་རེས་གཏིང་ཟབ་བྱས་ནས་ཕྱི་ཕྱོགས་སུ་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་གཏོང་བ། ཤེས་ལྡན་པའི་དཔུང་སྡེ་འཛུགས་སྐྲུན་བྱེད་པའི་བྱ་བ་དམ་འཛིན་ཡག་པོ་བྱེད་པ། རིག་དངོས་ཀྱི་བདེ་འཇགས་ཚད་མཐའ་བརྟན་སྲུང་བྱེད་པ་བཅས་བྱས་ནས་རིག་དངོས་ལ་གསོན་ཤུགས་རྒྱས་པར་སྐུལ་འདེད་གཏོང་དགོས། རིག་དངོས་ཐོན་ཁུངས་སྔོག་འདོན་དང་བེད་སྤྱོད།དྲིལ་བསྒྲགས་བཅས་བྱེད་པར་ཤུགས་སྣོན་རྒྱག་པ་དང་།རིག་གནས་རྒྱབ་ཀྱི་གཏམ་རྒྱུད་ཡག་པོ་ཤོད་པ།སྣ་མང་ཕུན་སུམ་ཚོགས་པའི་དྲིལ་བསྒྲགས་འགྲེམས་སྟོན་གྱི་བྱེད་སྒོ་སྤེལ་བ་བཅས་བྱས་ནས་མཚོ་སྔོན་གྱི་ལོ་རྒྱུས་རིག་གནས་ལ་སྔར་ལས་བཀྲག་མདངས་འཚེར་བར་བྱེད་དགོས། ཚན་རིག་དང་མཐུན་པའི་རིག་དངོས་སྲུང་སྐྱོང་གི་འདུ་ཤེས་ཁྱོན་ཡོངས་ནས་དྲིལ་བསྒྲགས་དང་རིག་དངོས་གནའ་རྫས་རྟོག་དཔྱོད་ཞིབ་འཇུག་གྲུབ་འབྲས་རྒྱ་ཁྱབ་ངང་དྲིལ་བསྒྲགས་བྱས་ཏེ། སྤྱི་ཚོགས་ཡོངས་ཀྱིས་རིག་དངོས་ལས་དོན་ལ་དོ་ཁུར་དང་དོ་ཁུར་བྱེད་པའི་རྣམ་པ་བཟང་པོ་ཞིག་གཏོད་དགོས། ཚོགས་འདུའི་ཐོག་སྐབས་དང་པོའི་མཚོ་སྔོན་གྱི་རིག་དངོས་སྲུང་སྐྱོབ་པ་ཡག་ཤོས་དང་།ཞིང་ཆེན་རིག་དངོས་ཅུའུ་དང་ཟི་ལིང་གྲོང་ཁྱེར།ཞིང་ཆེན་མེ་གསོད་རོགས་སྐྱོར་སྤྱི་ཁྱབ་རུ་ཁག ཏུའུ་ལན་རྫོང་།ཞིང་ཆེན་རིག་དངོས་གནའ་རྫས་རྟོག་དཔྱོད་ཞིབ་འཇུག་ཁང་།རྡུལ་ཕྲན་གྲོང་གི་དྲན་གསོ་ཁང་།མཚོ་སྔོན་གྱི་རིག་དངོས་སྲུང་སྐྱོབ་པ་ཡག་ཤོས་བཅས་ཀྱི་འཐུས་ཚབ་པས་བརྗེ་རེས་གཏམ་བཤད་སྤེལ།


དཔའ་བརྟན་རྒྱལ་གྱིས་བསྒྱུར།