ཞི་ཅིན་ཕིང་གིས་པུའུ་ལུང་ཏིའི་ཙུང་ཐུང་ལ་མཇལ་འཕྲད་གནང་།
2023.07.29 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 69

ཟླ་བདུན་པའི་ཚེས་ཉེར་བརྒྱད་ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁྲིན་ཏུའུ་ནས་འཛམ་གླིང་སློབ་ཆེན་སློབ་མའི་དབྱར་དུས་ལུས་རྩལ་འགྲན་ཚོགས་སྐབས་སོ་གཅིག་པར་ཞུགས་པའི་ཞོར་དུ་ཀྲུང་གོར་འཚམས་འདྲིར་ཕེབས་པའི་པུའུ་ལུང་ཏིའི་ཙུང་ཐུང་ཨིན་ཏ་དབྱི་ཧྲི་མུས་ཡེ་ལ་མཇལ་འཕྲད་གནང་། 

ཟླ་བདུན་པའི་ཚེས་ཉེར་བརྒྱད་ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁྲིན་ཏུའུ་ནས་འཛམ་གླིང་སློབ་ཆེན་སློབ་མའི་དབྱར་དུས་ལུས་རྩལ་འགྲན་ཚོགས་སྐབས་སོ་གཅིག་པར་ཞུགས་པའི་ཞོར་དུ་ཀྲུང་གོར་འཚམས་འདྲིར་ཕེབས་པའི་པུའུ་ལུང་ཏིའི་ཙུང་ཐུང་ཨིན་ཏ་དབྱི་ཧྲི་མུས་ཡེ་ལ་མཇལ་འཕྲད་གནང་། 

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་པུའུ་ལུང་ཏི་རྒྱལ་ཁབ་གཉིས་ཀྱི་འབྲེལ་བས་རྒྱལ་སྤྱིའི་འགྱུར་ལྡོག་གི་ཉམས་སད་ཐེག་པ་དང་། རྒྱལ་ཁབ་གཉིས་ནི་དཀའ་སྡུག་མཉམ་མྱོང་གི་གྲོགས་པོ་བཟང་བོ་དང་ཕན་ཚུན་བརྩི་འཇོག ལག་ཟུང་སྦྲེལ་ནས་འཕེལ་རྒྱས་སུ་འགྲོ་བཞིན་པའི་གྲོགས་པོ་བཟང་བོ་ཡིན། ཀྲུང་གོའི་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ཀྱིས་པུའུ་ལུང་ཏི་རྒྱལ་ཁབ་ཀྱི་རང་བཙན་དང་བདག་དབང་། མངའ་ཁོངས་ཆ་ཚང་བཅས་ལ་རྒྱབ་སྐྱོར་བྱེད་པ་དང་། ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་ཐེ་གཏོག་བྱེད་པར་ངོ་རྒོལ་བྱས་ཏེ། པུའུ་ལུང་ཏི་རྒྱལ་ཁབ་རང་བཙན་རང་བདག་གི་འཕེལ་རྒྱས་བགྲོད་ལམ་དུ་བསྐྱོད་པར་རྒྱབ་སྐྱོར་བྱེད་བཞིན་ཡོད། ཀྲུང་གོའི་ཕྱོགས་ཀྱིས་པུའུ་ལུང་ཏི་ཕྱོགས་དང་མཉམ་དུ་ཕན་ཚུན་གྱི་ཁེ་ཕན་གཙོ་བོར་འབྲེལ་བ་ཡོད་པའི་གནད་དོན་སྟེང་ནས་མུ་མཐུད་དུ་ཕན་ཚུན་ལ་རྒྱབ་སྐྱོར་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ཆུ་ཚད་སྔར་ལས་མཐོ་བའི་སྒོ་ནས་གཉིས་ཕན་མཉམ་རྒྱལ་དང་མཉམ་དུ་འཕེལ་རྒྱས་སུ་འགྲོ་བ་མངོན་འགྱུར་བྱེད་འདོད་ཡོད། 

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོའི་ཕྱོགས་ཀྱིས་པུའུ་ལུང་ཏི་ཕྱོགས་དང་མཉམ་དུ་རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་བརྗེ་རེས་བྱེད་པར་ཤུགས་བསྣན་ཏེ། རྒྱལ་ཁབ་གཉིས་ཀྱི་གྲོགས་པོའི་འབྲེལ་བ་ཕུན་སུམ་ཇེ་ཚོགས་སུ་གཏང་འདོད་ཡོད། ཀྲུང་གོ་དང་ཨ་ཧྥེ་རི་ཁ་ཚང་མ་ནམ་ཡང་ལས་དབང་གཅིག་མཐུན་ཚོགས་པ་ཡིན་ལ། ཨ་ཧྥེ་རི་ཁའི་རྒྱལ་ཁབ་དང་མཉམ་དུ་མཐུན་སྒྲིལ་མཉམ་ལས་འཕེལ་རྒྱས་སུ་གཏོང་རྒྱུ་ནི་ཀྲུང་གོའི་ཕྱི་ཕྱོགས་སྒོ་འབྱེད་སྲིད་ཇུས་ཀྱི་རྨང་གཞི་གལ་ཆེན་ཡིན་པར་མ་ཟད། ཀྲུང་གོ་ཕྱོགས་ཀྱིས་ནམ་ཡང་རྒྱུན་འཁྱོངས་བྱེད་པའི་འཐབ་ཇུས་ཀྱི་གདམ་ག་ཡང་ཡིན། 

ཨིན་ཏི་དབྱི་ཧྲི་མུས་ཡེ་ཡིས་བསྟན་དོན། པུའུ་ལུང་ཏི་དང་ཀྲུང་གོ་གཉིས་ཀྱི་བར་ཐག་རིང་ནའང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་མཛའ་མཐུན་འབྲེལ་བ་རྒྱུན་རིང་ཞིང་། ཐོག་མཐའ་བར་གསུམ་དུ་ཕན་ཚུན་ལ་བརྩི་འཇོག་དང་ཡིད་ཆེས། རྒྱབ་སྐྱོར་བཅས་བྱེད་བཞིན་ཡོད། པུའུ་ལུང་ཏི་ཕྱོགས་ཀྱིས་ཀྲུང་གོས་རིན་ཐང་བྲལ་བའི་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཆེ་ཞུ་བཞིན་ཡོད་པ་དང་། ཀྲུང་གོ་ནི་ནམ་ཡང་རང་རྒྱལ་ཁབ་ཀྱི་འཕེལ་རྒྱས་མངོན་འགྱུར་བྱེད་པའི་གནས་ཚུལ་གང་ལའང་མི་བལྟ་བའི་མཉམ་ལས་ཀྱི་གྲོགས་པོ་བཟང་བོར་བརྩི་བཞིན་ཡོད། པུའུ་ལུང་ཏི་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་ནམ་ཡང་རྒྱུན་འཁྱོངས་བྱེད་པ་དང་ཐེ་ཝན་ནི་ཀྲུང་གོའི་འབྲལ་ཐབས་མེད་པའི་གྲུབ་ཆ་ཞིག་ཡིན་པར་ཁས་ལེན་བྱེད་བཞིན་ཡོད། 

ཚེ་ཆི་དང་ཏིན་ཞོའེ་ཞང་། ཝང་དབྱི། ཧྲིན་དབྱི་ཆིན་སོགས་མཇལ་འཕྲད་ལ་ཞུགས།