ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་བའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པ་ཟླ་བདུན་པའི་ཚེས་ཉེར་བརྒྱད་ཉིན་གྲོལ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཝང་ལིས་མེན་དང་དབྱང་ཧྥིན་ཁྲུན། ལིའུ་ཐུང་ཏི། ཀྲང་ཧོང་ཡོན། ལོའུ་ཀང་། དྲུང་ཡིག་ཆེན་མོ་ཁྲིན་ཏུང་ཁྲང་བཅས་དང་དེ་མིན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་བཅས་མི་ང་བདུན་གྲོས་ཚོགས་ལ་ཞུགས་པ་དང་། དེ་ཁྲིམས་བཀོད་མི་གྲངས་དང་མཐུན། ཝང་ལིས་མེན་གྱིས་མཇུག་སྒྲིལ་གྲོས་ཚོགས་ལ་འགོ་འཛིན་བྱས།
གྲོས་ཚོགས་སྟེང་མཚོ་སྔོན་ཞིང་ཆེན་གྱི་ཐུམ་འབུའི་ནད་འགོག་བཅོས་སྲོལ་ཡིག་དང་། མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་སྐྱེ་ཁམས་ཡུལ་སྐོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྐུལ་འདེད་སྲོལ་ཡིག་ལ་ཆོག་མཆན་བཀོད་པའི་སྐོར་གྱི་གྲོས་ཆོད། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྐུལ་འདེད་སྲོལ་ཡིག་ལ་ཆོག་མཆན་བཀོད་པའི་སྐོར་གྱི་གྲོས་ཆོད། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་མུ་རི་གཏེར་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སྲོལ་ཡིག་ལ་ཆོག་མཆན་བཀོད་པའི་སྐོར་གྱི་གྲོས་ཆོད། དེ་མིན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་སླར་གསོའི་སྲོལ་ཡིག་ལ་ཆོག་མཆན་བཀོད་པའི་སྐོར་གྱི་གྲོས་ཆོད་དང་། ཉིས་སྟོང་ཉེར་གཉིས་ལོའི་ཞིང་ཆེན་རིམ་པའི་ནོར་སྲིད་ངེས་རྩིས་ལ་ཆོག་མཆན་བཀོད་པའི་སྐོར་གྱི་གྲོས་ཆོད་བཅས་ལ་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་།
གྲོས་ཚོགས་སྟེང་འབྲེལ་ཡོད་མི་དོན་དོན་དག་ལ་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་།
ཧྲིན་ཀྲང་གཞོན་པ་ལིའུ་ཁྲའོ་དང་ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་འགན་འཁུར་མི་སྣ། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་འགན་ཁུར་མི་སྣ། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ་ཀྲ་ཆིན་ཅིག་སོགས་གྲོས་ཚོགས་ལ་ཟུར་ཞུགས་བྱས།
གྲོས་ཚོགས་ཀྱི་རྗེས་སུ་གནས་དེ་ནས་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་བའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཆེད་དོན་འཆད་ཁྲིད་ཐེངས་གཉིས་པ་སྟེ་ཁྲིམས་འཛུགས་བཅའ་ཁྲིམས་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱས་ཏེ་ས་གནས་ཀྱི་ཁྲིམས་འཛུགས་བྱ་བ་བཟང་བོར་སྒྲུབ་དགོས་ཞེས་པ་སྤེལ།
ལྷ་མོ་ཚེ་རིང་གིས་བསྒྱུར།