ཞིང་ཆེན་སྲིད་གྲོས་ཀྱིས་ཏང་ཙུའུ་གྲོས་ཚོགས་དང་ཀྲུའུ་ཞི་གྲོས་ཚོགས་བསྡུས།
2023.07.29 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 12

ཟླ་བདུན་པའི་ཚེས་ཉེར་ལྔ་ཉིན།   ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི།  ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཀྱིས་འགོ་འཛིན་བྱས་ཏེ་ཏང་ཙུའུ་གྲོས་ཚོགས་དང་ཀྲུའུ་ཞིའི་གྲོས་ཚོགས་བསྡུས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་།   བརྗོད་དོན་སློབ་གསོར་གཅིག་བསྡུས་སློབ་སྦྱོང་བྱས་པར་མ་ཟད།  འབྲེལ་ཡོད་དོན་དག་ལ་ཉན་པ་དང་གྲོས་ཞིབ་བྱས།

གྲོས་ཚོགས་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཏེ།   སློབ་སྦྱོང་རྒྱུས་ལོན་ནན་མོ་དང་ལག་བསྟར་དོན་འཁྱོལ་དམ་འཛིན་བྱེད་དགོས་ལ།   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཆེས་གསར་པའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་མཆན་བཀོད་མཛུབ་སྟོན་དགོངས་དོན་གྱིས་སྲིད་གྲོས་བྱ་བར་མཛུབ་སྟོན་དང་སྲིད་གྲོས་ཀྱི་འགན་སྒྲུབ་ལ་འགོ་ཁྲིད་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་།   ལོ་ཧྲིལ་བོའི་གྲོས་མོལ་འཆར་གཞི་གཅིག་བསྡུས་སྒོས་ལག་བསྟར་བྱེད་པ།   སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་ཐོན་ལས་གནས་བཞི་འཛུགས་སྐྲུན་བྱེད་པ་སོགས་འཐབ་ཇུས་བཀོད་སྒྲིག་གལ་ཆེན་འབུར་དུ་ཐོན་པར་བྱས་ནས་གྲོས་མོལ་འགན་སྒྲུབ་ཀྱི་ལག་ལེན་ཁྲོད་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཚོ་སྔོན་ནས་དོན་འཁྱོལ་བྱས་ཏེ་ཕན་འབྲས་ཐོབ་པར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།

གྲོས་ཚོགས་སྟེང་ཝང་ཧུའུ་ཉིང་གི་སྲིད་གྲོས་སྐབས་བཅུ་བཞི་བའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པའི་མཇུག་སྒྲིལ་གྲོས་ཚོགས་སྟེང་གི་གསུང་བཤད་དགོངས་དོན་སོགས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས།   གྲོས་ཚོགས་ནས་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་ལོ་སྨད་ཀྱི་སྲིད་གྲོས་བྱ་བའི་ཐད་བཏོན་པའི་བཀོད་སྒྲིག་བླང་བྱར་རྒྱུས་ལོན་ཟབ་མོ་བྱས་ཏེ་བྲེལ་མྱུར་འདུ་ཤེས་དང་འགན་འཁྲིའི་བསམ་པ་ཇེ་དྲག་ཏུ་གཏོང་བ་དང་།   ལས་འགན་སོ་སོ་དོན་འཁྱོལ་ནན་མོ་བྱེད་པར་སྐུལ་འདེད་གཏོང་དགོས།   སྲིད་གྲོས་ཀྱི་བརྟག་དཔྱད་ཞིབ་འཇུག་དེ་བརྟག་དཔྱད་ཞིབ་འཇུག་གི་གྲུབ་འབྲས་ཚུལ་སྒྱུར་དོན་འཁྱོལ་ལ་སྐུལ་འདེད་གཏོང་བའི་སྟེགས་བུ་གལ་ཆེན་དུ་བརྩིས་ཏེ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་མོ་བྱེད་པར་ཞབས་འདེགས་ཞུ་དགོས་ཞེས་ནན་གྱིས་བསྟན།

གྲོས་ཚོགས་སྟེང་བརྗོད་དོན་སློབ་གསོའི་འབྲེལ་ཡོད་ནང་དོན་ལ་གཅིག་བསྡུས་སློབ་སྦྱོང་བྱས་པ་དང་།   ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་ཡིག་ཆ་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པར་མ་ཟད།   འབྲེལ་ཡོད་དོན་དག་ལ་ཉན་པ་དང་གྲོས་ཞིབ་བྱས།

ཞིང་ཆེན་སྲིད་གྲོས་ཀྱི་འགོ་ཁྲིད་ཚན་ཁག་གི་ཁོངས་མི་རིན་ཆེན་རྣམ་རྒྱལ་དང་ཁོང་ཡུང་།  ཝང་ཀྲིན་ཁྲང་།  ཀྲང་ཞའོ་རོང་།   མཱ་ཧྥིན་ཧྲིན།   ལིས་ཞའོ་ནན།   ཐེན་ཁུའེ།   ལིའུ་ཏ་ཡེ།   ཕིན་ཡིའུ་ཏུང་བཅས་གྲོས་ཚོགས་ལ་ཞུགས།

ལྷ་མོ་ཚེ་རིང་གིས་བསྒྱུར།