ཅིར་ཅི་སི་སི་ཐན་གྲོས་ཁང་གིས་གདན་དྲངས་པ་ལྟར། ཀྲུང་གུང་ཀྲུང་དབྱང་གི་ཨུ་ཡོན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཀང་གིས་ཀྲུང་གོ་གུང་ཁྲན་ཏང་གི་འཐུས་ཚབ་ཚོགས་པ་ཁྲིད་དེ་ཟླ་བདུན་པའི་ཚེས་ཉེར་དྲུག་ཉིན་ནས་ཚེས་ཉེར་དགུའི་ཉིན་བར་ཅིར་ཅི་སི་སི་ཐན་དུ་འཚམས་འདྲི་བྱས་ཏེ། ཅིར་ཅི་སི་སི་ཐན་གྱི་ཙུང་ལི་ཨ་ཀྲ་ཕཱ་ལོ་ཧྥུའུ་དང་གྲོས་ཁང་གི་གྲོས་དཔོན་གཞོན་པ་སི་ཏི་ཅཱ་ལེ་ཡེ་ཧྥུའུ་གཉིས་ལ་ཐུག་འཕྲད་བྱས་པ་དང་། ཅིར་ཅི་སི་སི་ཐན་གྲོས་ཁང་གི་སྲིད་ཏང་མགོ་ཁྲིད་པར་མཉམ་དུ་ཐུག་འཕྲད་བྱས་ནས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་གཏིང་ཟབ་ཏུ་དྲིལ་སྒྲོག་བྱས་པར་མ་ཟད། འཐུས་ཚབ་ཚོགས་པ་དེ་ཅིར་ཅི་སི་སི་ཐན་གྱི་ལས་རིགས་སོ་སོའི་ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་གྱི་ཆེད་དོན་མཚམས་སྦྱོར་ཚོགས་འདུ་དང་སྐབས་བདུན་པའི་དབྱེ་སེ་ཁི་མཚོ་མོའི་རྒྱལ་སྤྱིའི་དཔལ་འབྱོར་གླེང་སྟེགས་ལ་ཞུགས་པ་རེད།
ཅིར་ཅི་སི་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གི་སྲིད་སྐྱོང་འདུ་ཤེས་དང་གྲུབ་འབྲས་ལ་གདེང་འཇོག་ཆེན་པོ་བྱས་པ་དང་། རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱས་ཏེ་ཅིར་ཅི་སི་སི་ཐན་དང་ཀྲུང་གོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།