ཟླ་བདུན་པའི་ཚེས་བཅུ་དྲུག་ཉིན་ནས་ཚེས་ཉེར་གཉིས་ཉིན་བར། མཚོ་སྔོན་དང་པེ་ཅིང་ས་ཁུལ་གཉིས་ཀྱི་སྤྱི་ཚོགས་ལས་རིམ་གསར་བའི་མི་སྣས་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་སྤྱི་ཚོགས་ལས་རིམ་གསར་བའི་མི་སྣའི་ཞབས་ཞུའི་ཚོགས་པ་གསར་བ་ཨེ་ཤ་ཡཱའི་ཀུའེ་གཏེར་ལས་དང་མཚོ་སྔོན་ཧྲིན་ཡོན་ས་གདན་སྡེ་ཚོགས། དགོ་དམར་ཚན་རྩལ་ཁྱབ་གདལ་ཁང་སོགས་སུ་སོང་ནས་མཚོ་སྔོན་གྱི་གནས་ཚུལ་ལ་རྟོག་ཞིབ་བྱས་པར་མ་ཟད། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་བེད་སྤྱོད། རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་ས་ཁུལ་གྱི་འཛུགས་སྐྲུན་སོགས་ཀྱི་ཐད་ནས་བརྗེ་རེས་ཟབ་མོ་བྱས་པ་དང་། རྟོག་ཞིབ་སྙན་ཞུ་དང་བློ་འདོན་ཇུས་འབུལ་གྱི་རྩོམ་ཡིག་སུམ་ཅུ་ལྷག་བྲིས་ཡོད།
བརྗོད་དོན་སློབ་གསོ་སྤེལ་བའི་ཚུན་ལ། ཞིང་ཆེན་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་གྲུབ་འབྲས་སྤོ་བསྒྱུར་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དེ་གོ་གནས་གལ་ཆེན་དུ་བཞག་ནས་དམ་འཛིན་བྱས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཏང་གི་འཐབ་ཕྱོགས་གཅིག་གྱུར་བྱ་བ་བཟང་བོར་བསྒྲུབས་པའི་སྐོར་གྱི་དགོངས་པ་གལ་ཆེན་ལ་གཏིང་ཟབ་ཏུ་སློབ་སྦྱོང་དང་ལག་ལེན་དངོས་འབེབས་བྱས་ཏེ། སྤྱི་ཚོགས་ལས་རིམ་གསར་བའི་མི་སྣའི་འཐབ་ཕྱོགས་གཅིག་གྱུར་བྱ་བར་གནས་པའི་རྩ་འཛུགས་གཅིག་རྐྱང་ཅན་དང་ནུས་པ་འདོན་སྤེལ་བྱེད་པ་སོགས་ཀྱི་ཉམ་ཞན་གྱི་ལས་རིམ་ལ་དམིགས་ཏེ། སློབ་སྦྱོང་དང་། རྟོག་དཔྱོད། ལག་ལེན། སྤོར་བསྒྱུར་བཅས་ཞོར་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། སྤྱི་ཚོགས་ལས་རིམ་གསར་བའི་མི་སྣའི་འཐབ་ཕྱོགས་གཅིག་གྱུར་བྱ་བའི་སྤུས་ཚད་ཇེ་དྲག་ཏུ་འགྲོ་བར་སྐུལ་འདེད་བཏང་།
མཚོ་བོད་མཐོ་སྒང་དེ་རྒྱལ་ཡོངས་དང་ཐ་ན་རྒྱལ་སྤྱིའི་སྐྱེ་ཁམས་ཀྱི་དཔལ་ཡོན་མཐོ་ས་ཞིག་ཏུ་གསར་བསྐྲུན་བྱེད་པ་ནི་ཏང་ཀྲུང་དབྱང་གི་དུས་རབས་གསར་བར་མཚོ་སྔོན་ལ་བསྩལ་བའི་ཆབ་སྲིད་འགན་འཁྲི་དང་ལོ་རྒྱུས་འགན་འཁྲི་གལ་ཆེན་ཞིག་ཡིན། ཞིང་ཆེན་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་གནད་དུ་བཟུང་སྟེ། པེ་ཅིང་གྲོང་ཁྱེར་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་། མཚོ་སྔོན་ཞིང་ཆེན་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་དང་མཉམ་དུ་སྤྱི་ཚོགས་ལས་རིམ་གསར་བའི་མི་སྣའི་ཞབས་ཞུའི་སྐྱེ་ཁམས་སྲུང་སྐྱོབ་ལག་ལེན་རྟེན་གཞི་གསར་བསྐྲུན་བྱས་པ་དང་། ཕྱོགས་གསུམ་གྱི་འབྲེལ་འདྲིས་མཐུན་སྦྱོར་རྐྱེན་སྲོལ་བཙུགས་ནས། དུས་བཅད་ལྟར་ཆེད་ལས་ལས་ཁུངས་དང་ཆེད་མཁས་པ་གདན་དྲངས་ནས་དཔྱད་འཇོག་ཚན་ཆུང་བཙུགས་ཏེ། སྐྱེ་ཁམས་བདེ་འཇགས་ལ་སྲུང་སྐྱོབ་དང་གཙང་གསུམ་འབྱུང་ཡུལ་ལ་སྲུང་སྐྱོབ་བྱེད་པ་སོགས་ལ་དམིགས་ནས། ལག་ལེན་རྟེན་གཞི་འཛུགས་སྐྲུན་བྱེད་པ་དང་བྱ་བའི་ཕན་འབྲས་ལ་དཔྱད་འཇོག་བྱས་ཏེ། ཟོལ་མེད་ཀྱིས་ལག་ལེན་རྟེན་གཞིའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།