ཀྲུང་གོ་གུང་ཁྲན་ཏང་གི་དམག་དོན་བྱ་བའི་ཚད་ལྡན་ཡིག་ཆ་གལ་ཆེན་བདམས་བསྒྲིགས་ཞེས་པ་དཔེ་སྐྲུན་འགྲེམས་སྤེལ་བྱས།
2023.07.31 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 17

ཉེ་ལམ། ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་དང་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་དམག་དོན་ཚན་རིག་ཁང་གིས་རྩོམ་སྒྲིག་བྱས་པའི། ཀྲུང་གོ་གུང་ཁྲན་ཏང་གི་དམག་དོན་བྱ་བའི་ཚད་ལྡན་ཡིག་ཆ་གལ་ཆེན་བདམས་བསྒྲིགས་ཞེས་པ་ཀྲུང་དབྱང་ཚད་ལྡན་ཡིག་ཆ་དཔེ་སྐྲུན་ཁང་དང་བཅིངས་འགྲོལ་དམག་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ནས་རྒྱལ་ཡོངས་སུ་འགྲེམས་སྤེལ་བྱས།

ཚད་ལྡན་ཡིག་ཆ་གལ་ཆེན་བདམས་བསྒྲིགས་འདིའི་ཁྲོད་དུ། གཅིག་དགུ་ཉེར་གཅིག་ལོའི་ཟླ་བདུན་པར་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་པ་ནས། ཉིས་སྟོང་ཉེར་གཉིས་ལོའི་ཟླ་བཅུ་པའི་ཚེས་ཉི་ཤུའི་ཉིན་ཚོགས་ཆེན་ཐེངས་ཉི་ཤུ་པ་འཚོགས་པའི་རིང་གི དམག་དོན་བྱ་བའི་སྐོར་གྱི་ཚད་ལྡན་ཡིག་ཆ་གལ་ཆེན་བརྒྱ་དང་བཅུ་དགུ་བསྡུས་ཡོད།

བན་དེ་སྐྱབས་ཀྱིས་བསྒྱུར།