ཟླ་བདུན་པའི་ཚེས་ཉེར་ལྔ་ཉིན། ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཡིས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་བའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཀྱིས་འགོ་འཛིན་བྱས་པར་མ་ཟད་གཏམ་བཤད། ཝང་ཀྲིན་ཁྲང་དང་ཀྲང་ཞའོ་རོང་། མཱ་ཧྥིན་ཧྲིན། ལིས་ཞའོ་ནན། ཐེན་ཁུའེ། ལིའུ་ཏ་ཡེ། ཕིན་ཡིའུ་ཏུང་བཅས་གྲོས་ཚོགས་ལ་ཞུགས། རིན་ཆེན་རྣམ་རྒྱལ་དང་ཁོང་ཡུང་ཟུར་ཞུགས་བྱས།
གྲོས་ཚོགས་ནས་བསྟན་དོན། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་བའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བ་ནི་ཞིང་ཆེན་གོང་འོག་ཡོངས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བའི་གནད་འགག་གི་དུས་སྐབས་སུ་བསྡུས་པའི་གྲོས་ཚོགས་ཧ་ཅང་གལ་ཆེན་ཞིག་ཡིན། གྲོས་ཚོགས་ཀྱིས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་རླབས་ཆེན་དམིགས་འབེན་ལ་དམིགས་ཏེ་གཏན་འབེབས་བྱས་པའི་འཐབ་ཇུས་བཀོད་སྒྲིག་དང་མིག་སྔར་གྱི་བྱ་བ་གཙོ་བོ་གཅིག་བསྡུས་བྱས་ནས་དངོས་སྒྲུབ་གཙོར་འཛིན་དགོས་པ་ནན་གྱིས་བསྟན་པ་དང་། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་པས་སྒྲུབ་འདོད་པ་དང་སྒྲུབ་ཕོད་པ། སྒྲུབ་ཤེས་པ་བཅས་བྱེད་པར་སྐུལ་སློང་བྱས་པས། དེ་ནི་སྤྱི་སྡོམ་བཀོད་སྒྲིག་གྲོས་ཚོགས་ཤིག་ཡིན་ལ། སྐུལ་སློང་གྲོས་ཚོགས་ཤིག་དེ་བས་ཀྱང་ཡིན།
གྲོས་ཚོགས་ནས་ནན་གྱིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྲིད་གྲོས་རྩ་འཛུགས་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་རྣམས་ཀྱིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་རྒྱུ་དེ་མིག་སྔར་གྱི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་ཏུ་བརྩི་བ་དང་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ་དང་ཟུང་འབྲེལ་བྱེད་པ། སྤྱོད་ཚུལ་འཛུགས་སྐྲུན་ཇེ་དྲག་ཏུ་གཏོང་རྒྱུ་འབུར་དུ་ཐོན་པར་བྱས་ཏེ་དམ་འཛིན་དངོས་གཉེར་གྱི་འགན་འཁྲིའི་ཁག་ཁུར་དང་བྱ་སྤྱོད་དངོས་ལ་བརྟེན་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དོན་འཁྱོལ་བྱས་ཏེ་ཕན་འབྲས་ཐོབ་པར་སྐུལ་འདེད་གཏོང་དགོས། སློབ་སྦྱོང་དྲིལ་སྒྲོག་ཐད་ཕན་ནུས་ཐོབ་བྱེད་པར་བྱེད་དགོས་ཏེ། བྱེད་ཐབས་སྣ་མང་སྤྱད་དེ་ཆེད་དོན་སློབ་སྦྱོང་བྱས་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ངོ་བོར་ཕྱོགས་ཡོངས་དང་ཡང་དག་པའི་སྒོ་ནས་རྒྱུས་ལོན་བྱེད་དགོས། དམིགས་འབེན་བླང་བྱར་ངོས་འཛིན་བྱེད་པའི་སྟེང་ཕན་ནུས་ཐོབ་པར་བྱེད་དགོས་ཏེ། ཚང་འཛོམས་གྲོས་ཚོགས་ཀྱི་བཀོད་སྒྲིག་ལས་འགན་གཙོ་བོར་དམིགས་ནས་ཟུང་འབྲེལ་བྱེད་ས་དང་འགོ་རྩོམ་ས་ཡང་དག་པར་བཙལ་ཏེ་གྲོས་མོལ་སྲིད་གླེང་བྱ་འགུལ་རྩ་འཛུགས་བཟང་བོ་བྱེད་དགོས། སེམས་ཤུགས་གཅིག་བསྡུས་བྱེད་པའི་ཐད་ཕན་ནུས་ཐོབ་པར་བྱེད་དགོས་ཏེ། ཚང་འཛོམས་གྲོས་ཚོགས་ཀྱི་བཀོད་སྒྲིག་བླང་བྱ་སྲིད་གྲོས་ཀྱི་ཁོངས་ཞུགས་སྡེ་ཁག་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན། སྲིད་གྲོས་ལས་བྱེད་པ་ཡོངས། དེ་མིན་སྤྱི་ཚོགས་ལས་རིགས་སོ་སོའི་ཐུན་མོང་གི་ངོས་འཛིན་དང་བྱ་སྤྱོད་དུ་འགྱུར་བར་བྱེད་དགོས།
ལྷ་མོ་ཚེ་རིང་གིས་བསྒྱུར།