ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས། “དཔེ་བཟང་མཁའ་འབབ་དམག་བརྒྱ་ཤོག”གི་དཔོན་དམག་ཡོངས་ལ་ཡིག་ལན་བསྐུར་ཏེ། ཁོ་ཚོར་བྱམས་བརྩེའི་ངང་སྐུལ་ལྕག་གནང་བར་མ་ཟད། བརྒྱད་གཅིག་དམག་འཛུགས་དུས་ཆེན་ལ་རྟེན་འབྲེལ་ཞུས།
ཞི་ཅིན་ཕིང་གིས་ཡིག་ལན་ཁྲོད་ཁྱོད་ཚོས་པན་ཀྲང་རྙིང་བ་ཧོང་ཅིས་ཀོང་མིག་དཔེར་བཟུང་ནས། དཔའ་བོའི་སྙིང་སྟོབས་རྒྱུན་འཛིན་དང་དཔའ་བོའི་སྤྱོད་བཟང་དར་སྤེལ་བཏང་སྟེ། ཕྱོགས་ཡོངས་ནས་ཡར་ཐོན་ཡོང་བར་བྱས་ནས། བརྒྱ་ཤོག་གིས་ལོ་རེར་སྔོན་ཐོན་སྲུང་འཛིན་བྱས་པར་བརྟེན། ངས་ཁྱོད་ཚོས་བླངས་པའི་གྲུབ་འབྲས་ལ་དགའ་ཚོར་ཆེན་པོ་སྐྱེས་བཞིན་ཡོད། ཁྱོད་ཚོས་འགན་འཁྲི་བློ་ལ་བརྟན་པོར་ངེས་པར་བྱེད་པ་དང་མཚན་སྙན་ལ་གཅེས་སྤྲས་བྱེད་པ། གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དར་སྤེལ་གཏོང་བ། བློ་བརྟན་གཞུང་དྲང་གི་བློ་སྟོབས་འཛིན་པ། ཉམས་སད་ཐེག་ཐུབ་པའི་འཇོན་ཐང་སྦྱོང་བརྡར་བྱེད་པ། རྒྱལ་ཁ་ལེན་ཕོད་པའི་ངར་ཤུགས་བཅས་ལ་བརྟེན་ནས། ཏང་དང་མི་དམངས་ལ་སླར་ཡང་བྱས་རྗེས་གསར་པ་འཇོག་རྒྱུའི་རེ་བ་ཡོད་ཅེས་གསུངས།
བན་དེ་སྐྱབས་ཀྱིས་བསྒྱུར།