ལིས་ཆང་གིས་མགོ་འཛིན་གནང་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།
2023.08.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 13

ཟླ་བདུན་པའི་ཚེས་སོ་གཅིག་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་མགོ་འཛིན་གནང་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མིག་སྔའི་དཔལ་འབྱོར་གནས་བབ་དང་དཔལ་འབྱོར་ལས་དོན་སྐོར་གྱི གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱས་པ་དང་། དུས་བཀག་ལོན་པའི་དུས་མཚམས་རང་བཞིན་གྱི་འབྲེལ་ཡོད་སྲིད་ཇུས་ཀྱི་རྗེས་མཐུད་བཀོད་སྒྲིག་ལ་ཞིབ་འཇུག་བྱས་ལ། ཧྲན་ཏུང་ཧྲི་ཏའོ་ཝན་དང་ཧྥུའུ་ཅན་ཉིང་ཏི། ལེའོ་ཉིང་ཞུའེ་ཏ་པའོ་ཉིང་རྡུལ་གློག་གི་ལས་གཞིར་ཞིབ་བཤེར་ཆོག་མཆན་སྟེར་རྒྱུ་གཏན་འབེབས་བཅས་བྱས་པར་མ་ཟད།《རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་ཀོང་ཏུང་དང་ཞང་ཀང་། ཨའོ་མེན་བཅས་ཀྱི་མཚོ་ཁུག་ཆེན་པོའི་ཁུལ་དུ་གནས་པའི་གྲོང་ཁྱེར་དགུའི་དབང་ཆ་སྤྲད་ནས། ཞང་ཀང་གི་བཅའ་ཁྲིམས་ལས་གཉེར་བྱེད་མཁན་དང་ཨའོ་མེན་གྱི་ལས་གཉེར་ཁྲིམས་རྩོད་པར་ནང་ལོག་ནས་ལས་གཉེར་ཐོབ་ཐང་ཐོབ་པར་བྱེད་པ་དང་ཁྲིམས་རྩོད་པའི་ལས་རིགས་ཚོད་ལྟའི་ལས་དོན་སྤེལ་བའི་དུས་བཀག་ཇེ་རིང་དུ་གཏོང་བའི་སྐོར་གྱི་ཆོད་དོན》ལ་གྲོས་བསྡུར་བྱས།

གྲོས་ཚོགས་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དཔལ་འབྱོར་གནས་བབ་སྐོར་གྱི་ཚན་རིག་དང་མཐུན་པའི་ཆོད་གཏམ་ལ་གོ་བ་གཏིང་ཟབ་ལེན་པ་དང་། བསམ་བློ་སྔར་ལས་གཅིག་གྱུར་དང་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་གཏོང་བ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ལ་དམ་འཛིན་ནན་མོ་བྱེད་པ། རྩ་བ་བརྟན་གཏོང་དང་རྨང་གཞི་བརྟན་གཏོང་ལ་ཤུགས་སྣོན་པ་བཅས་བྱས་ནས། དཔལ་འབྱོར་རྒྱུན་མཐུད་ངང་འཕར་སྣོན་དང་ཇེ་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། ལྡོག་པའི་འཁོར་ཡུན་གྱི་སྙོམ་སྒྲིག་དང་སྲིད་ཇུས་ཀྱི་གསོག་འཇོག་ཞིབ་འཇུག་ལ་ཤུགས་སྣོན་པ་དང་། སྐབས་བསྟུན་གྱིས་སྲིད་ཇུས་དང་བྱེད་ཐབས་གསར་པ་བཏོན་ཏེ། སྤྱི་ཁོག་སྲིད་ཇུས་ཀྱི་ཁ་གཏད་རང་བཞིན་དང་སྡེབ་སྒྲིག་རང་བཞིན། མཉམ་སྒྲུབ་རང་བཞིན་བཅས་སྔར་ལས་ལེགས་པར་མཚོན་དགོས། དམངས་ཁྲོད་ཀྱི་མ་དངུལ་འཇོག་པའི་གསོན་ཤུགས་སྐུལ་སྤེལ་ཐད་ཤུགས་སྣོན་པ་དང་། ཁེ་ལས་ཀྱི་རྩིས་ཐོ་དང་གྲོན་དངུལ་འགོར་འགྱངས་བྱེད་པའི་གནད་དོན་ཐག་གཅོད་གང་མགྱོགས་བྱེད་པ། གྲོན་དངུལ་གང་བྱུང་དུ་བསྡུ་བ་དང།དངུལ་ཆད་གང་བྱུང་དུ་གཅོད་པའི་གནད་དོན་ལ་བཅོས་སྐྱོང་མཐའ་གཅིག་ཏུ་བྱེད་དགོས།  མ་རྩའི་ཁྲོམ་ར་སྔར་ལས་གསོན་ཉམས་ཅན་དུ་བཏང་ནས། དངུལ་གཏོང་མཁན་གྱི་ཡིད་ཆེས་འཕེལ་བར་བྱེད་དགོས། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་སྐྱེད་སྲིང་དང་སྟོབས་ལྡན་དུ་གཏོང་བ་དང་། ཀ་རྟེན་ཐོན་ལས་གསར་པ་སྐྲུན་པ། གོ་ལ་ཧྲིལ་པོའི་ཐོན་ལས་ཕྲེང་འབྲེལ་ཁྲོད་ཀྱི་རང་རྒྱལ་གྱི་འགྲན་རྩོད་ནུས་པ་སྔར་ལས་ཆེ་རུ་གཏོང་བ་བཅས་བྱེད་དགོས། ས་ཁང་བདག་ཁོངས་ཀྱི་སྲིད་ཇུས་ལེགས་སྒྲིག་དང་ལེགས་སྒྱུར་བྱས་ཏེ། དགོས་མཁོ་མི་འདྲ་བ་དང་གྲོང་ཁྱེར་མི་འདྲ་བ་སོགས་ལ་གཞིགས་ནས་ས་ཁང་བདག་ཁོངས་ཀྱི་ཚོང་ར་བརྟན་བརླིང་དང་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བར་ཕན་པའི་སྲིད་ཇུས་དང་བྱེད་ཐབས་དུས་ལྟར་འདོན་པ་དང་། ས་ཁང་བདག་ཁོངས་ཀྱི་འཕེལ་རྒྱས་གཏོང་སྟངས་གསར་པ་ཞིབ་འཇུག་དང་འཛུགས་སྐྲུན་གང་མགྱོགས་བྱེད་དགོས། ལས་ཞུགས་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུར་ཚད་མཐོའི་མཐོང་ཆེན་བྱས་ནས། ལས་ཞུགས་ལས་སྐྲུན་གྱི་སྲིད་ཇུས་སྔར་ལས་གཅིག་སྡུད་དང་ཇེ་ལེགས་སུ་བཏང་སྟེ། ལས་ཞུགས་ཀྱི་འཕར་གཞི་སྔོག་འདོན་ཤུགས་ཆེན་བྱེད་དགོས། འགན་འཁྲིའི་འདུ་ཤེས་དང་འགན་འཁྲིའི་སྙིང་སྟོབས་སྔར་ལས་ཆེ་རུ་བཏང་ན། ་རང་འགུལ་དང་མཐུན་སྦྱོར། ཕན་འབྲས་ལྡན་པ་བཅས་ཀྱི་སྒོ་ནས་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ཐོབ་རྒྱུར་སྐུལ་འདེད་གཏོང་དགོས།

ཚོགས་ཐོག་ནས་ད་དུང་ལས་དོན་གཞན་དག་ལའང་ཞིབ་འཇུག་བྱས།

བན་དེ་སྐྱབས་ཀྱིས་བསྒྱུར།


ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།