དམག་ཡོངས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ནུབ་རྒྱུད་འཐབ་ཁུལ་གྱི་མཁའ་དམག་ལ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས།
2023.08.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 19

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བརྒྱད་གཅིག་དམག་འཛུགས་དུས་ཆེན་གྱི་སྔོན་ལ། ནུབ་རྒྱུད་འཐབ་ཁུལ་གྱི་མཁའ་དམག་ལ་གཟིགས་ཞིབ་གནང་སྐབས། དམག་དཔུང་གི་དེང་རབས་ཅན་གྱི་ཆུ་ཚད་མགྱོགས་མྱུར་ངང་མཐོ་རུ་བཏང་ནས། ཏང་དང་མི་དམངས་ཀྱིས་བཅོལ་བའི་ལས་འགན་ཚང་མ་མཐའ་གཅིག་ཏུ་ཡོངས་འགྲུབ་བྱེད་དགོས་ཞེས་ནན་གྱིས་གསུངས། དམག་ཡོངས་ཀྱི་དཔོན་དམག་ཚོས་ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་དེར་གོ་བ་ནན་ཏན་བླངས་བར་མ་ཟད། སྐུལ་མ་ཆེན་པོ་ཐེབས་པ་དང་ཚུར་སྣང་ཆེན་པོ་བྱུང་།

ཟླ་བདུན་པའི་ཚེས་ཉེར་དྲུག་ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་ནུབ་རྒྱུད་འཐབ་ཁུལ་གྱི་མཁའ་དམག་ལས་ཁུངས་སུ་ཕེབས་ནས། དཔུང་སྡེ་འཛུགས་སྐྲུན་དང་དམག་རྒྱག་གྲ་སྒྲིག་ལས་དོན་གྱི་འབྲེལ་ཡོད་གནས་ཚུལ་ལ་རྒྱུས་ལོན་བྱས་ནས་གསུང་བཤད་གལ་ཆེན་གནང་། ཁོང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། དུས་རབས་གསར་པའི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དགོངས་པ་ལག་ལེན་མཐར་ཕྱིན་བྱེད་པ། དུས་རབས་གསར་པའི་དམག་དོན་གྱི་འཐབ་ཇུས་བྱེད་ཕྱོགས་ལག་བསྟར་མཐར་ཕྱིན་བྱེད་པ། དཔུང་སྡེ་ཡི་དེང་རབས་ཅན་གྱི་ཆུ་ཚད་མགྱོགས་མྱུར་ངང་མཐོ་རུ་གཏོང་བ། ཏང་དང་མི་དམངས་ཀྱིས་བཅོལ་བའི་ལས་འགན་ཁག་མཐའ་གཅིག་ཏུ་ཡོངས་འགྲུབ་བཅས་བྱེད་དགོས་ཞེས་ནན་གྱིས་གསུངས། དཔོན་དམག་ཚོས་སྤྱི་ཁྱབ་བཀོད་འདོམས་པའི་མངགས་བཅོལ་ལ་ངེས་པར་དུ་གོ་བ་གཏིང་ཟབ་བླངས་ནས། ལས་འགན་བློ་ལ་བརྟན་པོར་ངེས་པར་བྱེད་པ་དང་། དམག་སྦྱོང་དང་དམག་འཐབ་གྲ་སྒྲིག་ལ་ཁྱོན་ཡོངས་ནས་ཤུགས་སྣོན་པ། རྒྱལ་ཁ་ལེན་པའི་ནུས་པ་མགྱོགས་མྱུར་ངང་ཆེ་རུ་གཏོང་བ་བཅས་བྱས་ཏེ། དཔུང་སྡེ་འཛུགས་སྐྲུན་གྱི་རྣམ་པ་གསར་པ་ནུས་ཤུགས་ཡོད་རྒུས་སྐྲུན་དགོས་ཞེས་བསྟན།

ད་ཐེངས་ཀྱི་གཟིགས་ཞིབ་ཁྲོད་དུ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་དམག་དོན་འཐབ་རྩོད་གྲ་སྒྲིག་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་དངོས་འཐབ་ཅན་གྱི་དམག་དོན་སྦྱོང་བརྡར་ལ་དམ་འཛིན་ཤུགས་ཆེན་བྱེད་དགོས་པ་སོགས་ཀྱི་ཐད་ནས་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་ཡོད། རྒྱ་ཆེའི་དཔོན་དམག་ཚོར་འོས་འགན་གཟི་བརྗིད་ལྡན་ལ་འགན་འཁྲི་ཧ་ཅང་ལྕི་བའི་ཚོར་སྣང་བྱིན། ཚང་མས་དམག་གྲབས་དམག་རྒྱག་གི་གཙོ་འགན་འཁུར་མཁན་ལ་དམ་པོར་དམིགས་ཏེ། ཚུལ་སྒྱུར་འཛུགས་སྐྲུན་བྱེད་ཤུགས་སྔར་ལས་ཇེ་མགྱོགས་སུ་བཏང་ནས། དཔུང་སྡེ་ཡི་དམག་འཐབ་ནུས་པ་ཁྱོན་ཡོངས་ནས་མཐོ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད།

ཀྲུའུ་ཞི་ཞི་ཅིན་ཕིང་གིས་དམག་ཡོངས་ཀྱི་ཏང་འཛུགས་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས། ཏང་གིས་བསམ་བློ་དང་ཆབ་སྲིད། རྩ་འཛུགས་བཅས་ཀྱི་ཐོག་ནས་དཔུང་སྡེར་སྟངས་འཛིན་ནན་པོ་བྱ་རྒྱུའི་ཐད་ནས་འགན་ལེན་བྱེད་དགོས། དམག་དཔུང་གི་བརྗོད་དོན་སློབ་གསོར་དམ་འཛིན་ཡག་པོ་བྱས་ཏེ། ཐོས་བསམ་སྤྱོད་གསུམ་དང་ཤེས་དད་སྦྱོར་གསུམ་གཅིག་གྱུར་ཡོང་བར་བྱེད་པ། གནད་དོན་བཅོས་སྒྲིག་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱེད་པ། གནད་དོན་རེ་རེ་བཞིན་ཐག་གཅོད་བྱེད་པའི་ཁྲོད་ལས་དོན་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། དཔུང་སྡེ་འཛུགས་སྐྲུན་གྱི་རྣམ་པ་གསར་པ་སྐྲུན་དགོས་ཞེས་ནན་གྱིས་གསུངས། དམག་ཡོངས་ཀྱི་དཔོན་དམག་ཚང་མས་སློབ་སྦྱོང་དང་གོ་བ་ནན་ཏན་བླངས་ནས་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་རྒྱུ་རེད།

བན་དེ་སྐྱབས་ཀྱིས་བསྒྱུར།