ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་ཧྲང་ཅང་དམག་དཔོན་ལ་གོ་ཐོབ་སྟེར་བའི་མཛད་སྒོ་བསྡུས།
2023.08.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 23

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་ཧྲང་ཅང་དམག་དཔོན་ལ་གོ་ཐོབ་སྟེར་བའི་མཛད་སྒོ་ཟླ་བདུན་པའི་ཚེས་སོ་གཅིག་ཉིན་པེ་ཅིང་བརྒྱད་གཅིག་ཐོག་བརྩེགས་ཁང་ཆེན་དུ་བསྡུས་པ་དང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གོ་ཐོབ་སྟེར་བའི་མཛད་སྒོར་ཞུགས།

སྔ་དྲོའི་དུས་ཚོད་བཅུའི་སྟེང་དུ། ཧྲང་ཅང་དམག་དཔོན་ལ་གོ་ཐོབ་སྟེར་བའི་མཛད་སྒོ་དེ་བརྗིད་ཉམས་ཆེ་བའི་རྒྱལ་གླུའི་ཁྲོད་དངོས་སུ་སྤེལ་མགོ་བརྩམས། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ཀྲང་ཡིའུ་ཞ་ཡིས་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཚན་རྟགས་བཀོད་པའི་ཧྲང་ཅང་དམག་དཔོན་ལ་གོ་ཐོབ་སྟེར་རྒྱུའི་བཀའ་རྒྱ་སྒྲོག་འདོན་བྱས། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ཧི་ཝེ་ཏུང་གིས་གོ་ཐོབ་སྟེར་བའི་མཛད་སྒོར་མགོ་འཛིན་བྱས།

ད་ཐེངས་ཧྲང་ཅང་དམག་དཔོན་ལ་གོ་ཐོབ་བྱིན་པའི་དམག་དཔོན་ནི་མེ་ཤུགས་འཕུར་མདའི་དམག་དཔུང་གི་དམག་སྤྱི་ཆེན་མོ་ཝང་ཧུག་པིན་དང་མེ་ཤུགས་འཕུར་མདའི་དམག་དཔུང་གི་ཆབ་སྲིད་ཨུ་ཡོན་ཞུས་ཞི་ཧྲིན་ཡིན།

བན་དེ་སྐྱབས་ཀྱིས་བསྒྱུར།