ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་ཆོག་མཆན་བཀོད་དེ་ཉིས་སྟོང་ཉེར་གསུམ་ལོའི་ཞི་ཅིན་ཕིང་གི་དམག་དར་དགོངས་པའི་སློབ་སྦྱོང་རྩ་གནད་པར་སྐྲུན་བྱས་ནས་དམག་ཡོངས་ལ་བཀྲམས།
2023.08.02 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 16

དམག་ཡོངས་ཀྱིས་གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་གཏིང་ཟབ་བྱེད་པར་སྐུལ་འདེད་བཏང་སྟེ། རིམ་པ་སོ་སོས་ཕྱོགས་ཡོངས་ནས་ཞི་ཅིན་ཕིང་གི་དམག་དར་དགོངས་པར་སློབ་སྦྱོང་བྱས་ནས་ཁོང་དུ་ཆུད་པར་རོགས་རམ་བྱེད་ཆེད། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་ཆོག་མཆན་བཀོད་པ་བརྒྱུད། དམག་དོན་ཨུ་ཡོན་ལྷན་ཁང་གི་ཆབ་སྲིད་བྱ་བའི་པུའུ་ཡིས་ཉིས་སྟོང་བཅུ་དགུ་ལོར་པར་སྐྲུན་བྱས་པའི་ཞི་ཅིན་ཕིང་གི་དམག་དར་དགོངས་པའི་སློབ་སྦྱོང་རྩ་གནད་ལ་བཟོ་བཅོས་བྱས་པ་དང་། ཉིས་སྟོང་ཉེར་གསུམ་ལོའི་ཞི་ཅིན་ཕིང་གི་དམག་དར་དགོངས་པའི་སློབ་སྦྱོང་རྩ་གནད་རྩོམ་འབྲི་བྱེད་པར་རྩ་འཛུགས་བྱས་ཏེ། ཉེ་སྔོན་དངོས་སུ་པར་སྐྲུན་འགྲེམ་སྤེལ་བྱས།

ཞི་ཅིན་ཕིང་གི་དམག་དར་དགོངས་པ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། ང་ཚོའི་ཏང་གིས་འབད་བརྩོན་ལྷོད་མེད་བྱས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་དམག་དར་བགྲོད་ལམ་འཚོལ་ཞིབ་བྱས་ནས་གྲུབ་པའི་དགོངས་པའི་ཉིང་བཅུད་རྩ་ཆེན་ཞིག་ཡིན་ལ། རྒྱལ་སྲུང་དང་དམག་དཔུང་གི་དེང་རབས་ཅན་གྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ་དང་། ཕྱོགས་ཡོངས་ནས་འཛམ་གླིང་རིམ་པ་དང་པོའི་དམག་དཔུང་འཛུགས་སྐྲུན་བྱེད་པའི་གཞི་རྩའི་བསྲུང་བྱ་དང་འགུལ་སྐྱོད་རྩ་གནད་ཡིན། ཉིས་སྟོང་ཉེར་གསུམ་ལོའི་རྩ་གནད་དེ་གླེང་གཞི་དང་གཞུང་དོན། མཇུག་གི་གཏམ་བཅས་ཀྱིས་གྲུབ་ཡོད་ཅིང་། བསྡོམས་པས་ལེའུ་བཅུ་བཞི་དང་དོན་ཚན་ང་དགུ། རྣམ་གྲངས་བརྒྱ་དང་ལྔ་བཅུ་བཅས་ཡོད་ལ། ཕྱོགས་ཡོངས་ནས་ཞི་ཅིན་ཕིང་གི་དམག་དར་དགོངས་པའི་དོན་སྙིང་གལ་ཆེན་དང་ཚན་རིག་མ་ལག སྙིང་དོན་དགོངས་པ། ལག་ལེན་རེ་བ་བཅས་རྒྱས་བཤད་བྱས་ཡོད་པ་དང་། དགོངས་པ་དེའི་འཕེལ་རྒྱས་གསར་བ་མངོན་པར་མཚོན་ཡོད་ལ། ཞི་ཅིན་ཕིང་གི་དམག་དར་དགོངས་པའི་སློབ་སྦྱོང་སློབ་གསོའི་གཞི་རྩའི་བསླབ་གཞི་ཡིན་པ་རེད།

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་ཉེ་སྔོན་བརྡ་ཐོ་སྤེལ་ཏེ། དམག་ཡོངས་ཀྱིས་ནན་ཏན་གྱིས་ཉིས་སྟོང་ཉེར་གསུམ་ལོའི་རྩ་གནད་ཀྱི་སློབ་སྦྱོང་བེད་སྤྱོད་ལ་རྩ་འཛུགས་བྱེད་དགོས་པའི་རེ་བ་བཏོན། རིམ་པ་སོ་སོས་ཞི་ཅིན་ཕིང་གི་དམག་དར་དགོངས་པ་སློབ་སྦྱོང་ལག་ལེན་མཐར་ཕྱིན་བྱེད་པ་དེ་ཆབ་སྲིད་ལས་འགན་གཙོ་བོ་དང་དུས་ཡུན་རིང་བོའི་འཐབ་ཇུས་ལས་འགན་དུ་བརྩིས་ནས། ཟོལ་མེད་ཀྱིས་བསམ་བློར་དྲག་ཆས་སྤྲས་པ་དང་ལག་ལེན་མཛུབ་སྟོན། སྐུལ་འདེད་བྱ་བ་བཀོལ་ནས། སློབ་སྦྱོང་གྲུབ་འབྲས་དེ་དུས་རབས་གསར་བའི་དམག་དར་ལས་དོན་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོར་འགྱུར་དུ་འཇུག་དགོས།


བསོད་ནམས་ཚེ་རིང་གིས་བསྒྱུར།