ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཡོད་སའི་སྡེ་ཁག་གིས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་བརྒྱུད་སྒྲོག་བྱས།
2023.08.02 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 23

ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཡོད་སའི་སྡེ་ཁག་གིས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་བརྒྱུད་སྒྲོག་བྱས།

བསྟུད་མར་ཉིན་འགའི་རིང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཡོད་སའི་སྡེ་ཁག་གིས་ཆེད་དོན་སློབ་སྦྱོང་གྲོས་ཚོགས་ཀྱི་རྣམ་པ་བརྒྱུད་དེ་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་བརྒྱུད་སྒྲོག་བྱས་པ་དང་། སྡེ་ཁག་སོ་སོའི་བྱ་བ་དངོས་དང་ཟུང་འབྲེལ་བྱས་ནས་སློབ་སྦྱོང་དང་དྲིལ་སྒྲོག དོན་འཁྱོལ་བྱ་བའི་ཐད་སྐུལ་སློང་བཀོད་སྒྲིག་བྱས།

ཚང་མས་སློབ་སྦྱོང་བྱེད་སྐབས་བསྟན་དོན། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་བཏོན་པའི་བླང་བྱ་གལ་ཆེན་དང་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་འཐབ་ཇུས་བཀོད་སྒྲིག་དོན་འཁྱོལ་བྱེད་པ། ཞིང་ཆེན་ཡོངས་ཀྱིས་ཁ་གཏད་པའི་གནས་བབ་གསར་བ་དང་ཁོར་ཡུག་གསར་བ། གོ་སྐབས་གསར་བར་དབྱེ་ཞིབ་བྱེད་པ། དེང་སྐབས་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་བྱ་བའི་ལས་འགན་བཀོད་སྒྲིག་བྱེད་པ། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་འབད་འབུངས་ལྷོད་མེད་དང་མཐུན་སྒྲིལ་འབད་འཐབ་བྱེད་པར་ལས་འགན་གསལ་ཁྲ་བཟོས་པ་དང་ལག་བསྟར་པར་རིས་གྲུབ་པར་བྱས་ཡོད་ཟེར།

ཚང་མས་བསྟན་དོན། བརྗོད་དོན་སློབ་གསོ་སྤེལ་བ་དང་བསྟུན་ནས་སློབ་སྦྱོང་གཏིང་ཟབ་དང་ཕྱོགས་ཡོངས་ནས་གོ་བ་ལེན་པ། ཚང་འཛོམས་གྲོས་ཚོགས་ཀྱིས་བཏོན་པའི་བླང་བྱ་གསར་བ་དང་བཀོད་སྒྲིག་གསར་བ། བྱེད་ཐབས་གསར་བར་གོ་བ་ཡང་དག་བླངས་ནས་དར་ཆ་མངོན་གསལ་གྱི་ཆབ་སྲིད་རྣམ་འགྱུར་གྱིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག དོན་འཁྱོལ་བྱེད་པ་དང་། དངོས་སྒྲུབ་ཁག་ཁུར་གྱི་རང་འགུལ་བྱ་སྤྱོད་ཀྱིས་ཚང་འཛོམས་གྲོས་ཚོགས་ཀྱི་བླང་བྱ་དམིགས་འབེན་དངོས་འབེབས་བྱས་ཏེ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་པར་སྐུལ་འདེད་གཏོང་དགོས་ཟེར།

ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་ཁྲིམས་སྐྱོང་ཁྲུའུ་ཡི་ཁྲུའུ་ཀྲང་ཀྲའོ་དབྱི་ཅིན་གྱིས་བསྟན་དོན། ཚང་འཛོམས་གྲོས་ཚོགས་ཀྱིས་བཏོན་པའི་བླང་བྱ་ལྟར། ཞིང་ཆེན་སྲིད་ཁྲིམས་བྱ་བའི་སྤྱི་ཡོངས་ལ་དམིགས་ནས་བརྗོད་དོན་སློབ་གསོའི་གྲུབ་འབྲས་མུ་མཐུད་སྲ་བརྟན་དུ་བཏང་ནས་མི་དམངས་མང་ཚོགས་ཀྱི་བྲེལ་དཀའ་འཕྲལ་སྒུག་གི་གནད་དོན་ཐག་གཅོད་པར་དམིགས་ཏེ། སྲིད་ཁྲིམས་བཅོས་སྒྱུར་མུ་མཐུད་གཏིང་ཟབ་ཏུ་བཏང་ནས་ཁྲིམས་བསྟར་ཁྲིམས་འཛིན་འགན་འཁྲིའི་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་བྱེད་ཐབས་དོན་འཁྱོལ་བྱས་ནས་ཆུ་ཚད་མཐོ་བའི་ཁྲིམས་སྐྱོང་གིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་དགོས།

ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་གྱོད་དོན་ཐག་གཅོད་ཁང་གི་ལས་བྱེད་མི་སྣ་སུན་ཕིན་གྱིས་བསྟན་དོན། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཀྱི་ན་གཞོན་ལས་བྱེད་པ་ཞིག་ཡིན་པའི་ཆ་ནས་བསམ་བློ་སྦྱོང་བརྡར་ཇེ་དྲག་ཏུ་གཏོང་བ་དང་འགན་སྒྲུབ་ནུས་པ་ཕྱོགས་ཡོངས་ནས་མཐོར་འདེགས་གཏོང་བ། ཆབ་སྲིད་ལ་བློ་དཀར་བ་དང་ནུས་པ་ལྡན་པའི་གཤིས་སྤྱོད་ལྡན་པར་བྱས་ཏེ་ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་སོ་སོར་ཕན་འབྲས་ཐོབ་པར་ལྟ་ཞིབ་དང་མཛུབ་སྟོན་བྱེད་པར་སྐུལ་འདེད་བཏང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཀོད་པའི་དེང་རབས་ཅན་གྱི་མཚོ་སྔོན་གསར་བའི་རླབས་ཆེན་འཆར་འགོད་འགྲུབ་ཆེད་ན་གཞོན་གྱི་སྟོབས་ཤུགས་འབུལ་དགོས།

མི་ཕམ་མགོན་པོས་བསྒྱུར།