མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་ངོ་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་གུང་ཧོ་ནས་བསྡུས།
2023.08.02 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 23

ཟླ་བརྒྱད་པའི་ཚེས་གཅིག་ཉིན། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་ངོ་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་གུང་ཧོ་རྫོང་གི་ཁུལ་ལུས་རྩལ་ར་བ་ནས་གཟབ་རྒྱས་ངང་བསྡུས།  ཀྲུང་དབྱང་འབྲེལ་ཡོད་སྡེ་ཁག་གི་རྟེན་འབྲེལ་ཞུ་བའི་འཐུས་ཚབ་ཚོགས་པའི་ཚོགས་གཙོ།   རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཆེད་བསྐོས་ཨུ་ཡོན་ཆིན་དབྱི་ཀྲི། མཚོ་སྔོན་ཞིང་ཆེན་ཏང་སྲིད་དམག་གསུམ་གྱི་འཐུས་ཚབ་ཚོགས་པའི་ཚོགས་གཙོ། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས། ཞིང་ཆེན་ཏང་སྲིད་དམག་གསུམ་གྱི་འཐུས་ཚབ་ཚོགས་པའི་ཚོགས་གཙོ་གཞོན་པ།  ཞིང་ཆེན་གྱི་འགོ་ཁྲིད་ཚེ་རིང་ཐར་དང་པད་ཁོ།     དབྱང་ཧྥིན་ཁྲུན་བཅས་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ལ་ཞུགས།  ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ།   མཚོ་ལྷོ་ཁུལ་ཏང་ཨུའི་ཧྲུའུ་ཅི་ལོའུ་ཀང་གིས་ཤིས་ཚིག་ཕུལ།  ཞིང་ཆེན་ཏང་སྲིད་དམག་གསུམ་གྱི་འཐུས་ཚབ་ཚོགས་པའི་ཚོགས་གཙོ་གཞོན་པ།   ཞིང་ཆེན་དམག་ཁུལ་གྱི་ཧྲའོ་ཅང་དམག་སྤྱི་གཞོན་པ་རྣམ་རྒྱལ་དང་།   ཀྲུང་གོ་ཐེ་ཕིང་དབྱང་ཉེན་ཚབ་མ་རྐང་ཚད་ཡོད་ཀུང་ཟིའི་ཏང་ཨུའི་ཧྲུའུ་ཅི།   རྐང་གཉེར་དབུ་གཙོ་ཁུང་ཆིན་ཝེ།   བློ་མཐུན་རྒན་པ་སུང་རུའེ་ཞང་དང་བློ་བཟང་ལྷུན་གྲུབ་རྡོ་རྗེ།   སྟག་འབུམ་ཐར། ཏུའུ་ཅེ།  ཀྲང་ཝུན་ཁུའེ་བཅས་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ལ་ཞུགས།

སྔ་དྲོའི་དུས་ཚོད་དགུ་དང་སྐར་མ་སུམ་ཅུའི་སྟེང་།  རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དངོས་སུ་འགོ་བརྩམས་པ་དང་།  མཚོ་ལྷོ་ཁུལ་གྱི་ལོ་ངོ་བདུན་ཅུའི་འོད་སྟོང་འབར་བའི་གྲུབ་འབྲས་དང་རིགས་སོ་སོའི་བུ་དང་བུ་མོའི་དྲིན་གཟོ་འབད་འཐབ་མངོན་པར་མཚོན་པའི་རུ་དཔུང་རིམ་བཞིན་ལུས་རྩལ་ར་བར་ཡོང་ཞིང་།   གུས་སྲོལ་མེ་སྒྱོགས་བདུན་ཅུ་གྲགས་ལ། ཚོགས་ར་ཡོངས་སུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་མཉམ་དུ་བླངས་པ་དང་།   ཁ་མདོག་རྣམ་པར་བཀྲ་བའི་སྐར་ལྔའི་དར་དམར་མཁའ་དབྱིངས་སུ་ལྷབ་ལྷུབ་ཏུ་བསྐྱོད།

ཆིན་དབྱི་ཀྲི་ཡིས་ཀྲུང་དབྱང་འབྲེལ་ཡོད་སྡེ་ཁག་གི་རྟེན་འབྲེལ་ཞུ་བའི་འཐུས་ཚབ་ཚོགས་པའི་ཚབ་བྱས་ནས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས།   མཚོ་ལྷོ་ཁུལ་དུ་སྡོད་པའི་མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ།   དྲག་ཆས་ཉེན་རྟོག་དམག་དཔུང་གི་དཔོན་དམག    སྲིད་ཁྲིམས་ཉེན་རྟོག་པ་བཅས་ལ་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་དང་།   མཚོ་ལྷོ་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བའི་ལས་རིགས་སོ་སོའི་མི་སྣར་ལྷག་བསམ་ཟོལ་མེད་ཀྱིས་བཀའ་དྲིན་ཞུས་པར་མ་ཟད།   ལོ་ངོ་བདུན་ཅུའི་རིང་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ།  མཚོ་ལྷོ་ཁུལ་གྱིས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་བླངས་པའི་གྲུབ་འབྲས་ལ་གདེང་འཇོག་ཆེན་པོ་བྱས།     ཁོས་བསྟན་དོན།    མཚོ་ལྷོ་ནི་རྒྱལ་ཡོངས་ཀྱི་མི་རིགས་རང་སྐྱོང་ཁུལ་སུམ་ཅུའི་གྲས་ཀྱི་གཅིག་ཡིན་པའི་ཆ་ནས།    འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་བསུས་ཤིང་།   འགན་འཁྲི་གསར་པ་ཕྲག་ཏུ་ཁུར་ཡོད།   ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་སློབ་སྦྱོང་དང་ལག་བསྟར་བྱེད་པ།   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་ཟབ་མོ་དང་ལག་བསྟར་ནན་མོ་བྱེད་པ།   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་གནང་བའི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་ཟབ་མོ་བྱེད་པ།    ཐོག་མཐའ་བར་གསུམ་དུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་དེ་ཁུལ་ཡོངས་ཀྱི་བྱ་བ་སོ་སོའི་གཙོ་ཐིག་ཏུ་བྱེད་པ་བཅས་བྱས་ཏེ་ཀྲུང་ཧྭ་མི་རིགས་ཀྱི་བསམ་པའི་ཁྱིམ་གཞིས་འཛུགས་སྐྲུན་བྱེད་པར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་མི་རིགས་སོ་སོ་ཐུན་མོང་སྒོས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་བསྐྱོད་པར་སྐུལ་འདེད་གཏོང་བ།   མི་རིགས་སོ་སོས་བརྗེ་རེས་དང་འབྲེལ་འདྲིས། མཉམ་འདྲེས་བཅས་བྱེད་པ།   མི་རིགས་ལས་དོན་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་དེང་རབས་ཅན་གྱི་ཆུ་ཚད་མཐོར་འདེགས་གཏོང་བ་བཅས་ཀྱི་སྟེང་དཔེ་སྟོན་བཟང་བོ་བྱེད་པ་དང་།  དུས་རབས་གསར་པའི་ཏང་གི་མི་རིགས་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པར་མཚོ་ལྷོའི་ཤེས་རིག་དང་སྟོབས་ཤུགས་འབུལ་དགོས།

མགོན་པོ་བཀྲ་ཤིས་ཀྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས།   ཞིང་ཆེན་དམག་ཁུལ་བཅས་ཀྱི་ཚབ་བྱས་ཏེ་མཚོ་ལྷོ་ཁུལ་གྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས།  བཅའ་སྡོད་དམག་དཔུང་གི་བཀོད་འཐབ་པ།  དྲག་ཆས་ཉེན་རྟོག་དཔོན་དམག ལས་རིགས་སོ་སོའི་མི་སྣ་བཅས་ལ་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་དང་ལྷག་བསམ་རྣམ་དག་གིས་འཚམས་འདྲི་ཞུས་པར་མ་ཟད།   དུས་ཡུན་རིང་བོར་མཚོ་ལྷོ་ཁུལ་གྱི་འཛུགས་སྐྲུན་ལས་དོན་ཐད་བྱས་རྗེས་འབུར་ཐོན་བཞག་པའི་ལས་འཁྱུར་ངལ་གསོ་བྱས་ཟིན་པའི་བློ་མཐུན་རྒན་པ་དང་།   མཚོ་ལྷོའི་བཅོས་སྒྱུར་འཕེལ་རྒྱས་ཐད་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བའི་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་པུའུ་ཨུ་སོ་སོ།   ཁ་གཏད་རོགས་སྐྱོར་བྱེད་པའི་ཞིང་ཆེན་དང་རྒྱལ་དབང་ཁེ་དབང་།  སྨྱན་བྱད་སྡེ་ཁག དེ་མིན་ལས་རིགས་སོ་སོའི་མི་སྣ་བཅས་ལ་ལྷག་བསམ་ཟོལ་མེད་ཀྱིས་བཀའ་དྲིན་ཞུས།    མགོན་པོ་བཀྲ་ཤིས་ཀྱིས་མཚོ་ལྷོ་ཁུལ་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཁུལ་ཡོངས་ཀྱི་བྱ་བའི་ལག་ལེན་ཁྲོད་ལག་བསྟར་དོན་འཁྱོལ་བཟང་བོ་བྱེད་ཐུབ་པར་བྱེད་དགོས།   བློ་བརྟན་འགྱུར་མེད་ངང་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་བསྣན་ནས་གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ།   རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་བཟང་བོར་སྒྲུབ་དགོས།   བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ་གཙང་ཆབ་སྔོན་མོ་ལྷུང་ལྷུང་ཤར་དུ་རྒྱུ་བར་འགན་སྲུང་བྱེད་དགོས།  བློ་བརྟན་འགྱུར་མེད་ངང་དཔལ་འབྱོར་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་གུང་ཧོ་གཤོང་སའི་ལྗང་མདོག་འཕེལ་རྒྱས་ཀྱི་འཕར་སྣེ་གསར་པ་མགྱོགས་མྱུར་སྒོས་བསྐྲུན་པ་དང་།   དམངས་ཚིས་འགན་སྲུང་དང་ལེགས་བཅོས་བྱས་ཏེ་རིགས་སོ་སོའི་མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་སྣང་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།  བློ་བརྟན་འགྱུར་མེད་ངང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་།   རིགས་སོ་སོའི་མང་ཚོགས་ཀྱི་རིག་སྟོབས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་སྐུལ་འདེད་གཏོང་བའི་ལས་དོན་སྟེང་གཅིག་བསྡུས་བྱས་ཏེ་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ཐད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་པའི་རེ་བ་བཏོན།

ཀྲུང་དབྱང་འབྲེལ་ཡོད་སྡེ་ཁག་གི་རྟེན་འབྲེལ་ཞུ་བའི་འཐུས་ཚབ་ཚོགས་པའི་ཚོགས་གཙོ་གཞོན་པ།   དྲུང་ཡིག་ཆེན་མོ། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་མཐུན་སྦྱོར་སྐུལ་འདེད་ཟི་ཡི་རིམ་པ་དང་པོའི་སྐོར་ཞིབ་པ་ཝང་ཧེ་ཆིན་གྱིས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྟེན་འབྲེལ་ཞུ་བའི་གློག་འཕྲིན་སྒྲོག་འདོན་བྱས།   མཚོ་སྔོན་ཞིང་ཆེན་ཏང་སྲིད་དམག་གསུམ་གྱི་འཐུས་ཚབ་ཚོགས་པའི་དྲུང་ཡིག་ཆེན་མོ།   ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི།   ཀྲུའུ་རིན་ཝུའུ་ཏི་ཅུན་གྱིས་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་།   མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།   སྲིད་གྲོས་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་།   མཚོ་སྔོན་ཞིང་ཆེན་དམག་ཁུལ་བཅས་ཀྱི་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་སྒྲོག་འདོན་བྱས།  མཚོ་ལྷོ་ཁུལ་གྱི་རིགས་སོ་སོའི་མང་ཚོགས་ཀྱིས་ངོ་མཚར་ཆེ་བའི་རིག་རྩལ་འཁྲབ་སྟོན་བྱས།

ཀྲུང་དབྱང་འབྲེལ་ཡོད་སྡེ་ཁག་གི་རྟེན་འབྲེལ་ཞུ་བའི་འཐུས་ཚབ་ཚོགས་པའི་ཁོངས་མི་གཞན་པ་དང་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཁ་ཤས།   ཁེ་ལས་དང་ལས་རིགས་སྡེ་ཁག་གི་འགན་ཁུར་བློ་མཐུན།   ཅང་སུའུ་ཞིང་ཆེན་གྱི་ཁ་གཏོད་རོགས་སྐྱོར་ས་ཁུལ་དང་སྡེ་ཁག་གི་འགན་ཁུར་བློ་མཐུན།   ཁྱིམ་མཚེས་ས་ཁུལ་གྱི་འཐུས་ཚབ་ཚོགས་པའི་འགོ་ཁྲིད་སོགས་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ལ་ཞུགས།

                                                                                                              ལྷ་མོ་ཚེ་རིང་གིས་བསྒྱུར།