ཧྲང་ཧེ་འགྲིམ་འགྲུལ་སློབ་ཆེན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པའི་བརྗོད་དོན་སློབ་གསོ་ཏན་ཏིག་ངང་སྤེལ་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སློབ་གསོ་དང་ཚན་རྩལ། འཇོན་མིའི་ལས་དོན་བཅས་སྐོར་གྱི་རྒྱས་བཤད་གལ་ཆེན་ཁྲིད་སྟོན་དུ་བཟུང་ནས། བྱ་བའི་བསམ་ཕྱོགས་གསར་གཏོད་དང་ཕྱོགས་བསྡུས་བཅོས་སྒྱུར་གཏིང་ཟབ་ཏུ་བཏང་སྟེ། རྩེར་སོན་གྱི་གསར་གཏོད་འཇོན་མི་གསོ་སྐྱོང་དང་ཆུ་ཚད་མཐོ་བའི་ཚན་རྩལ་རང་སྟོབས་རང་སྤེལ་ལ་ཞབས་འདེགས་ཞུ་བའི་ཐད་ནས་ནུས་པ་འདོན་སྤེལ་གང་ལེགས་བྱས།
བརྗོད་དོན་སློབ་གསོ་སྤེལ་བ་ནས་བཟུང་། ཧྲང་ཧེ་འགྲིམ་འགྲུལ་སློབ་ཆེན་གྱིས་ཆེད་དོན་དཔེ་ཀློག་འཛིན་གྲྭ་དང་རྟོག་ཞིབ་གྲུབ་འབྲས་བརྗེ་རེས་སོགས་ཀྱི་རྣམ་པ་བརྒྱུད་དེ། ཏང་གི་གསར་གཏོད་གཞུང་ལུགས་མི་སེམས་སུ་ཟུག་པར་སྐུལ་འདེད་བཏང་། ཚན་རིག་ཞིབ་འཇུག་དང་འཇོན་མི་གསོ་སྐྱོང་སོགས་ཀྱི་གནད་དོན་ལ་དམིགས་ནས་བརྟག་དཔྱད་ཞིབ་འཇུག་བྱ་གཞི་བཞི་བརྒྱ་དང་ཉེར་བདུན་དངོས་སུ་གཏན་འཁེལ་བྱས་ཏེ། ཆུ་ཚད་མཐོ་བའི་ཚན་རྩལ་ལ་ཞབས་འདེགས་ཞུས་ནས། རང་སྟོབས་རང་སྤེལ་གྱི་སྒོ་ནས་ཐབས་ཇུས་འཚོལ་བ་དང་ཇུས་ཤུགས་མཉམ་འདོན་བྱས།
བརྟག་དཔྱད་ཞིབ་འཇུག་ལས་གྲུབ་པའི་ལས་འགན་གསལ་ཐོར་དམིགས་ཏེ། ཧྲང་ཧེ་འགྲིམ་འགྲུལ་སློབ་ཆེན་གྱིས་བཅོས་སྒྱུར་གྲུབ་འབྲས་ཚུལ་སྒྱུར་བྱེད་ཤུགས་ཇེ་མགྱོགས་སུ་བཏང་ནས། གནད་དོན་ཐག་གཅོད་དང་ལས་དོན་ཇེ་ལེགས་སུ་གཏོང་བའི་བྱེད་ཐབས་དངོས་རབ་དང་རིམ་པ་མགྱོགས་མྱུར་ངང་གྲུབ་པར་བྱེད་བཞིན་ཡོད། དུས་རིམ་རྗེས་མར་སློབ་གསོ་དང་ཚན་རྩལ། འཇོན་མི་བཅས་ཀྱི“ཕྱོགས་གསུམ་གཞི་གཅིག”ལ་དམ་པོར་དམིགས་ཏེ། བརྒྱུད་རིམ་ལྡན་པའི་སྒོ་ནས་ཇུས་འགོད་ཞིབ་ཚགས་བྱས་ནས། གསར་གཏོད་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་བསྐྲུན་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད།
བན་དེ་སྐྱབས་ཀྱིས་བསྒྱུར།