ཞིང་ཆེན་ཁྲལ་དོན་ཅུའུ་ཡིས་དོན་འཁྱོལ་གསུམ་ལ་བརྟེན་ནས་ལེགས་བཅོས་ལ་གྲུབ་འབྲས་ཐོབ་པར་སྐུལ་འདེད་བཏང་།
2023.08.04 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 7

ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་སྤེལ་བའི་ཚུན་ལ། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུའུ་མཚོ་སྔོན་ཁྲལ་དོན་ཅུའུ་ཡིས་གནད་དོན་གྱི་ཕྱོགས་སྟོན་འབུར་དུ་ཐོན་པར་བྱས་ཤིང་། ཁྲལ་འཇལ་མཁན་དང་གཞི་རིམ་ཁྲལ་དོན་ལས་བྱེད་པར་བསམ་འཆར་ཆེན་པོ་ཡོད་པའི་གནད་དོན་གཙོར་བཟུང་སྟེ། གསལ་ཁྲ་གཉིས་དང་རྩིས་ཐོ་གཅིག་བཙུགས་ཏེ་ལེགས་བཅོས་དམིགས་འབེན་དང་བྱེད་ཐབས། ཚད་གཞི། ཡུན་ཚད་བཅས་གཏན་འཁེལ་གསལ་བོ་བྱས་པ་དང་། གནད་དོན་གྱི་འགན་འཁྲིའི་ལེགས་བཅོས་དངོས་འབེབས་དོ་དམ་རྐྱེན་སྲོལ་ཆགས་པར་བྱས་ནས། ལེགས་བཅོས་བྱ་བར་ཆད་ལྷག་མེད་པ་དང་ཆག་ཡང་གི་སྣང་ཚུལ་མི་འབྱུང་བར་ཁག་ཐེག་བྱས།

སྙིང་བོར་དམིགས་ནས་གནད་དོན་རྩད་ཞིབ་གང་ལེགས་བྱས། རྟོག་ཞིབ་དང་དྲ་རྒྱ་བརྒྱུད་དེ་བསམ་འཆར་དང་གྲོས་གཞི་ཐད་ཀར་འདོན་པ། སྤྱི་སྟེགས་ལས་བསམ་འཆར་བསྡུ་ལེན་གྱི་གྲོས་གཞིའི་སྤྱི་སྒྲོག་སྤེལ་བ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཁོངས་གཏོགས་སྡེ་ཁག་ལ་བསམ་འཆར་གྲོས་གཞིའི་ཡི་གེ་བསྐུར་བ། གཅིག་གཉིས་གསུམ་དྲུག་དྲུག་གི་ཞབས་ཞུའི་སྐུད་ལམ་ནུས་པ་འདོན་སྤེལ་བྱེད་པ། ཡིག་སྒམ་དང་ཁ་པར་ཁྱབ་བསྒྲགས་བྱེད་པ་སོགས་ཀྱི་བྱེད་ཐབས་སྣ་ཚོགས་ལ་བརྟེན་ནས། ཕྱོགས་སོ་སོའི་རེ་འདུན་ལ་རྒྱ་ཆེར་ཉན་ནས་རྒྱུས་ལོན་བྱེད་པ་དང་། ཁྲལ་འཇལ་མཁན་དང་གླ་སྤྲོད་མཁན་ལ་བསམ་འཆར་ཆེ་བའི་དོན་དག་ལ་དམ་པོར་དམིགས་པ་དང་། དཀའ་གནད་དང་ཁེགས་གནད་ཡང་དག་པར་བཙལ་ཏེ། དམངས་ཀྱི་དགོས་མཁོ་ཤེས་པར་བྱས་ནས་དམངས་ཀྱི་རེ་བ་བསྐངས།

གནད་ལ་དམིགས་ནས་བྱེད་ཐབས་བཏོན་པས་གནད་དོན་ལེགས་བཅོས་དོན་འཁྱོལ་བྱས། ཐབས་ལམ་མི་འདྲ་བའི་གནད་དོན་ཁུངས་སྣེ་ལ་དོ་དམ་ནན་མོ་བྱེད་པ་དང་། རིགས་དགར་ནས་གསལ་ཁྲ་བཀོད་པར་མ་ཟད། ཁུངས་སྣེ་ལ་བསྟུན་ནས་གཏིང་ཟབ་ཏུ་དབྱེ་ཞིབ་བྱས་པ་དང་། གནད་དོན་གཞིར་བཟུང་ནས་དེའི་འབྱུང་རྩ་སྔོག་བཤེར་བྱས་ཏེ། བཅོས་སྒྱུར་བསམ་ཕྱོགས་དང་བྱེད་ཐབས་ཆགས་པར་བྱས་ལ། ཁྲལ་བསྡུའི་འཕེལ་རྒྱས་དགོས་མཁོ་དང་ཁྲལ་བསྡུའི་བཅོས་སྒྱུར་གནད་ས། གཞི་རིམ་གྱིས་རེ་སྒུག་བྱེད་ཅིང་དམངས་ཀྱི་འདོད་བློ་དང་མཐུན་པའི་གནད་དོན་སྐོར་ཞིག་ཐག་གཅོད་བྱེད་པར་སྐུལ་འདེད་བཏང་སྟེ། གནད་དོན་ཐག་གཅོད་བྱེད་པའི་ཕན་འབྲས་ཀྱིས་བརྗོད་དོན་སློབ་གསོའི་ཕན་འབྲས་ལ་ཚད་འཇལ་ཞིབ་བཤེར་བྱས།


བསོད་ནམས་ཚེ་རིང་གིས་བསྒྱུར།