ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས།
2023.08.05 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 34

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་ཕན་ཚུན་མཐུན་སྦྱོར་གྱི་དེང་རབས་ཅན་ཞིག་ཡིན་ཞེས་ནན་གྱིས་གསུངས། ད་ལོ་ནས་བཟུང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་དཔལ་ཡོན་བསྐྲུན་དགོས་ཞེས་པའི་བརྗོད་དོན་གལ་ཆེན་དེར་ཐོག་དང་པོར་རྒྱས་བཤད་གནང་བ་དང་། “ཟུང་འབྲེལ་གཉིས”ལ་རྒྱས་བཤད་གསལ་བོ་གནང་བར་མ་ཟད། “གོ་ལ་ཧྲིལ་པོའི་དཔལ་ཡོན་གྱི་གྲོས་འགོ”ཐོག་མར་བཏོན་ནས། རིག་གནས་ཀྱི་རྒྱལ་ཁབ་སྟོབས་ལྡན་ཞིག་བསྐྲུན་རྒྱུ་དང་། མིའི་རིགས་ཀྱི་སྤྱི་ཚོགས་དེང་རབས་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་ཆེད་མཛུབ་སྟོན་གལ་ཆེན་གནང་ཡོད། 

ད་ལོའི་ཟླ་དྲུག་པའི་ཚེས་གཉིས་ཉིན།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་ཀྱི་བཞུགས་མོལ་ཚོགས་འདུར་ཞུགས་ནས་གསུང་བཤད་གལ་ཆེན་གནང་།

ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་པའི་བཞུགས་མོལ་ཚོགས་འདུ་གལ་ཆེན་འདིའི་སྟེང་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ཧྭའི་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བའི་རིགས་པའི་གཞུང་ལུགས་གལ་ཆེན་དང་དོན་དངོས་ཀྱི་གནད་དོན་རབ་དང་རིམ་པར་ཁྱོན་ཡོངས་དང་བརྒྱུད་རིམ་ལྡན་པའི་ངང་ནས་རྒྱས་བཤད་གཏིང་ཟབ་གནང་བ་རེད། ཁོང་གིས་མགོ་རྩོམ་ས་གསར་པའི་སྟེང་དུ། རིག་གནས་དར་རྒྱས་དང་རིག་གནས་སྟོབས་ལྡན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ། ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་དཔལ་ཡོན་འཛུགས་སྐྲུན་བཅས་ལ་མུ་མཐུད་དུ་སྐུལ་འདེད་གཏོང་རྒྱུ་ནི། ང་ཚོའི་དུས་རབས་གསར་པའི་རིག་གནས་ཀྱི་ལས་འགན་གསར་པ་ཞིག་ཡིན་ཞེས་གསུངས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཉམ་དུ་འབད་བརྩོན་བྱས་ཏེ། ང་ཚོའི་དུས་རབས་འདིར་དབང་བའི་རིག་གནས་གསར་པ་གསར་སྐྲུན་བྱས་ནས། ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་དཔལ་ཡོན་འཛུགས་སྐྲུན་བྱ་དགོས་ཞེས་འབོད་སྐུལ་གནང་།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཞུགས་མོལ་ཚོགས་འདུའི་སྟེང་དུ་ལོ་ངོ་ལྔ་སྟོང་ལྷག་གི་རིང་ལ། ཀྲུང་ཧྭའི་དཔལ་ཡོན་གྱི་རྨང་གཞི་བརྟན་པོའི་སྟེང་དུ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་གསར་གཏོད་དང་འཕེལ་རྒྱས་སུ་བཏང་སྟེ། མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་དེ་ཀྲུང་གོའི་དོན་དངོས་ཞིབ་ཕྲ་དང་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དང་ཟུང་འབྲེལ་བྱ་རྒྱུ་ནི་ངེས་པར་དུ་བརྒྱུད་དགོས་པའི་ལམ་བུ་ཞིག་ཡིན་ཞེས་གསུངས།  ཁོང་གིས“ཟུང་འབྲེལ་གཉིས་པ་”ནི་ཡང་བསྐྱར་བསམ་བློ་བཅིངས་འགྲོལ་བཏང་བ་ཞིག་ཡིན་ཞེས་ནན་གྱིས་གསུངས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱས་བཤད་གཏིང་ཟབ་གནང་ནས། ང་ཚོར་རིག་གནས་ཀྱི་གདེང་ཚོད་སྔར་ལས་ཇེ་བརྟན་དུ་གཏོང་རྒྱུའི་ཐད་ནས་ཁྲིད་སྟོན་གང་ལེགས་གནང་བ་དང་། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་སྔར་ལས་ཁོང་དུ་གཏིང་ཟབ་ཆུད་པར་བྱས་ནས།“ཟུང་འབྲེལ་གཉིས”སྔར་ལས་ཁོང་དུ་གཏིང་ཟབ་ཆུད་པར་བྱས་ཏེ། རིག་གནས་ཀྱི་ལས་འགན་གསར་པ་སྔར་ལས་རང་རྟོགས་ངང་འཁུར་དགོས་ཞེས་གསུངས།

ད་ལོ་ནས་བཟུང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུལ་དངོས་ནས་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན་ལས་དོན་ལ་གཞིགས་ཞིབ་ཐེངས་མང་གནང་།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕྱོགས་སྟོན་གནང་བའི་ཁ་ཕྱོགས་ལྟར་དུ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་ཐོག་མཐའ་བར་གསུམ་དུ་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་རྒྱུན་འཁྱོངས་བྱེད་པ་དང་། མི་དམངས་ཀྱི་བསམ་པའི་སྟོབས་ཤུགས་སྔར་ལས་ཆེ་རུ་གཏོང་བ། དངོས་པོ་ཁྱོན་ཡོངས་ནས་ཕུན་སུམ་ཚོགས་སུ་གཏོང་བ། མི་ཁྱོན་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཀྲུང་གོའི་ས་གཞི་ཆེ་མོའི་སྟེང་ནས་ལོ་རྒྱུས་ཀྱི་རིག་གནས་རྒྱུན་མཐུད་དང་དེང་རབས་ཀྱི་ལེའུ་རྩོམ་བཞིན་ཡོད་ལ། མིའི་རིགས་ཀྱི་དཔལ་ཡོན་ལྡུམ་རར་དཔེ་རིས་གསར་པ་སྐྲུན་བཞིན་ཡོད།

བན་དེ་སྐྱབས་ཀྱིས་བསྒྱུར།