སྡེ་ཁག་གཉིས་ཀྱིས་པེ་ཅིང་དང་ཐེན་ཅིན། ཧི་པེ་བཅས་ས་ཁུལ་གྱི་ཆུ་ལོག་གིས་གཏོར་སྐྱོན་བཟོས་པའི་ཆུ་བེད་བཟོ་སྐྲུན་སྒྲིག་ཆས་ཞིག་གསོ་སོགས་ཀྱི་འབྲུབ་འགོག་གནོད་སེལ་ལས་དོན་ཐད་མ་དངུལ་སྒོར་དུང་ཕྱུར་བཞི་དང་བྱེ་བ་ལྔ་བཏང་།
2023.08.05 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 16

ཉེ་ལམ། པེ་ཅིང་དང་ཐེན་ཅིན། ཧི་པེ་བཅས་ས་ཁུལ་དུ་རྒྱ་མཚོའི་རླུང་འཚུབ་ཀྱི་ཤུགས་རྐྱེན་ཐེབས་ནས་ཆུ་བེད་བཟོ་སྐྲུན་སྒྲིག་ཆས་ལ་གཏོར་སྐྱོན་ཕོག་པར་དམིགས་ཏེ། ནོར་སྲིད་པུའུ་དང་ཆུ་བེད་པུའུ་ཡིས་ཟླ་བརྒྱད་པའི་ཚེས་བཞི་ཉིན། ཀྲུང་དབྱང་ནོར་སྲིད་ཀྱི་ཆུ་བེད་གནོད་སེལ་མ་དངུལ་སྒོར་དུང་ཕྱུར་བཞི་དང་བྱེ་བ་ལྔ་བྱིན་ནས། པེ་ཅིང་དང་ཐེན་ཅིན། ཧི་པེ་བཅས་ཀྱི་གནོད་འཚེ་ཐེབས་པའི་ས་ཁུལ་གྱི་ཆུ་རགས་དང་ཆུ་མཛོད། ཆུ་འཐེན་འཕྲུལ་འཁོར། ཆུ་ལམ་བཟོ་སྐྲུན་སོགས་ཀྱི་ཞིག་གསོའི་ལས་དོན་ཐད་བཀོལ་རྒྱུ་རེད།

བན་དེ་སྐྱབས་ཀྱིས་བསྒྱུར།