ཟླ་བརྒྱད་པའི་ཚེས་དྲུག་ཉིན། ཞིན་ཧྭ་གསར་འགྱུར་ཁང་གིས་དམངས་སེམས་གཅིག་མཐུན་དང་དཀའ་ངལ་མཉམ་སེལ་བྱས་ཏེ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག་ཏུ། ཧི་པེ་ཡི་འབྲུབ་འགོག་ཞོད་འགོག་གནོད་སེལ་ལ་བཀོད་འདོམས་ནུས་ལྡན་བྱེད་དགོས་ཞེས་པ་སྤེལ།
རྩོམ་ཡིག་ལས་བཤད་རྒྱུར། ཉེ་ལམ། ཧི་པེ་རུ་སྔར་བྱུང་མ་མྱོང་བའི་ཆུ་ལོག་གི་གནོད་འཚེ་བྱུང་ནས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག་ཏུ་བཀོད་འདོམས་ནུས་ལྡན་བྱས་ཏེ། པེ་ཅིང་དང་ཐེན་ཅིན།ཧི་པེ་སོགས་ས་གཞི་ཆེ་མོའི་སྟེང་དུ་བྲེལ་མྱུར་སྐུལ་སློང་དང་མཐུན་སྒྲིལ་འབད་འཐབ་བྱས་ནས། ནུས་ཤུགས་ཡོད་རྒུས་འབྲུབ་འགོག་གནོད་སེལ་བྱེད་ཀྱིན་ཡོད་ཟེར།
རྩོམ་ཡིག་ལས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧི་པེ་ཡི་གནོད་ཐེབས་གནས་ཚུལ་ལ་སེམས་ཁྲལ་ཆེན་པོ་གནང་ནས་དེ་འབྲེལ་གྱི་མཛུབ་སྟོན་གལ་ཆེན་གནང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ཏེ། འཕྲལ་སྡོམ་དང་ལེན་གྱི་སྦྱོར་དངོས་རབ་དང་རིམ་པ་འཕྲལ་མར་སྤེལ་མགོ་བརྩམས། འབྲེལ་ཡོད་སྡེ་ཁག་སོ་སོ་དང་ཧི་པེ་ཞིང་ཆེན་ཡོངས་ཀྱི་གོང་འོག་བར་གསུམ་ཚང་མས་ལྷོད་གཡེང་སྤུ་ཙམ་ཡང་མེད་པའི་སྒོ་ནས་དོན་འཁྱོལ་དམ་འཛིན་དང་གནོད་སེལ་བཀོད་སྒྲིག ཐོན་སྐྱེད་དང་འཚོ་བ་སླར་གསོ་བྱེད་ཤུགས་ཆེ་རུ་གཏོང་བ། ནུས་ཤུགས་ཡོད་རྒུས་འབྲུབ་འགོག་ཉེན་སེལ་དང་གནོད་འཚེ་ཕོག་པའི་མང་ཚོགས་ལ་འགན་ལེན་བྱེད་པའི་མཁྲེགས་གཏོར་དམག་འཐབ་ཡག་པོ་རྒྱག་པ་བཅས་བྱེད་ཀྱིན་ཡོད་ཟེར།
རྩོམ་ཡིག་ལས་བཤད་རྒྱུར། སྐབས་འདིར། ཧི་པེ་ཡིས་སྔར་བཞིན་ཉེན་གྱར་མི་སྣ་ཁྱོན་ཡོངས་ནས་གྲལ་བཤེར་དང་འཚོལ་སྐྱོབ་བྱས་ཏེ། གནོད་ཐེབས་མང་ཚོགས་དུས་ཐོག་ཏུ་གནས་སྤོར་དང་བཀོད་སྒྲིག་འོས་འཚམ་བྱས་ནས། ཁྱིམ་ཚང་རེའི་མི་གཅིག་ཀྱང་མི་ལུས་པར་འགན་ལེན་བྱས་ཏེ། ཉེན་སེལ་གནོད་སེལ་ལས་དོན་རྒྱུན་མཐུད་ངང་སྤེལ་བཞིན་ཡོད། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག་ཏུ། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་འགན་འཁྲི་ཕྲག་སྟེང་དུ་འཁུར་བ་དང་། ཏང་ཡོན་ལས་བྱེད་པ་ཀུན་གྱི་མདུན་གྲལ་དུ་མཆོང་བ་ཡིན་ན། གཞི་ནས་རྒྱ་ཆེའི་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་སྣེ་ཁྲིད་དེ། དཀའ་ཁག་ལས་ཐར་བར་བྱས་ནས། འབྲུབ་འགོག་གནོད་སེལ་ལ་རྒྱལ་ཁ་ལེན་ཐུབ་ངེས་ཡིན་ཟེར།
བན་དེ་སྐྱབས་ཀྱིས་བསྒྱུར།