ཟླ་བརྒྱད་པའི་ཚེས་བདུན་ཉིན། ཞིང་ཆེན་སྲིད་གྲོས་ཀྱིས་མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་ཁ་ཤས་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་རྩ་འཛུགས་བྱས་ཏེ་མཚོ་སྔོན་མཛེས་རྩལ་ཁང་དུ། ཡིག་གཟུགས་རི་མོ་རོལ་མྱོང་དང་རྨ་ཆུའི་སྙིང་སྟོབས་དར་སྤེལ་བྱེད་ཅེས་པའི་ཨུ་ཡོན་བྱ་འགུལ་ཉིན་མོ་སྤེལ། ཞིང་ཆེན་སྲིད་གྲོས་ཀྱི་འགོ་ཁྲིད་ཚན་ཁག་གི་ཁོངས་མི་བྱ་འགུལ་ལ་ཞུགས།
ཞིང་ཆེན་མཛེས་རྩལ་ཁང་དུ། ཨུ་ཡོན་རྣམས་ཀྱིས་ཕྱོགས་གཅིག་ནས་ཡིག་གཟུགས་དང་རི་མོའི་བརྩམས་ཆོས་ལ་ཞིབ་ལྟ་བྱས་པ་དང་། ཕྱོགས་གཅིག་ནས་འགྲེལ་བཤད་ལ་ཉན། ཚང་མས་བཤད་རྒྱུར། རྨ་ཆུ་ནི་ཀྲུང་ཧྭ་མི་རིགས་ཀྱི་མ་ཡུམ་ཆུ་བོ་ཡིན་ལ། རྨ་ཆུའི་རིག་གནས་ནི་ཀྲུང་ཧྭའི་རིག་གནས་ཁྲོད་ཀྱི་གྲུབ་ཆ་གལ་ཆེན་ཞིག་དང་། ང་ཚོའི་རིག་གནས་རང་རྟོན་ཇེ་བརྟན་དུ་གཏོང་བའི་གཞི་རྒྱུ་གལ་ཆེན་ཞིག་ཡིན། འགྲེམ་སྟོན་ལ་ཞུགས་པའི་སྒྱུ་རྩལ་པ་རྣམས་ཀྱིས་རྨ་ཆུའི་རིག་གནས་ཁྲོད་འདུས་པའི་ཕུན་སུམ་ཚོགས་པའི་ནང་དོན་དང་དུས་རབས་ཀྱི་རིན་ཐང་སྔོག་འདོན་བྱས་ནས། ཡིག་གཟུགས་ལ་བརྟེན་ནས་ལོ་རྒྱུས་བཀོད་པ་དང་། མཛེས་རིས་ལ་བརྟེན་ནས་བརྩེ་བ་མཚོན་པར་བྱས་ཏེ། རྨ་ཆུའི་འགྲམ་རྒྱུད་ཀྱི་ལོ་རྒྱུས་རིག་གནས་དང་ཡུལ་སྲོལ་གོམས་འདྲིས། འཛུགས་སྐྲུན་འཕེལ་རིམ་བཅས་བཀོད་འབྲི་བྱས་འདུག འགྲེམ་སྟོན་གྱི་བརྩམས་ཆོས་ལ་གཞིགས་ན། བརྗོད་དོན་གསལ་ཞིང་། ནང་དོན་ཕུན་སུམ་ཚོགས་ལ། ཐུན་མིན་ཁྱད་ཆོས་ལྡན་ཞིང་རྣམ་པ་སྣ་མང་ཡིན་ལ། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་གྱི་རྨ་ཆུའི་འགྲམ་རྒྱུད་ཀྱི་ཞིང་ཆེན་སོ་སོའི་འོད་སྟོང་འབར་བའི་གྲུབ་འབྲས་ཡོངས་སུ་མཚོན་འདུག ཡིག་གཟུགས་དང་རི་མོའི་སྒྱུ་རྩལ་གྱི་ཐུན་མིན་མཚོན་ཐབས་ལ་བརྟེན་ནས། མི་སྔར་ལས་མང་པོ་ཞིག་ལ་རྨ་ཆུའི་འགྲམ་རྒྱུད་ཀྱི་ཞིང་ཆེན་དགུའི་ཁྱད་འཕགས་རིག་གནས་ཀྱི་མཛེས་པར་རྒྱུས་མངའ་ལོན་དུ་བཅུག་བྱུང་ཟེར།
ཨུ་ཡོན་རྣམས་ཀྱིས་བསྟན་དོན། ཞི་ཅིན་ཕིང་གི་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྐོར་གྱི་རྒྱས་བཤད་གལ་ཆེན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས། ཀྲུང་དབྱང་དང་ཞིང་ཆེན་གྱི་བཀོད་སྒྲིག་རེ་བ་ལྟར། རང་འགུལ་གྱིས་འགན་ཁུར་ཕྲག་ཏུ་ལེན་པ་དང་། སྲིད་གྲོས་ཨུ་ཡོན་གྱི་དགེ་མཚན་དང་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ནས། རྨ་ཆུའི་རིག་གནས་དར་སྤེལ་གཏོང་བ་དང་། རྨ་ཆུའི་གཏམ་རྒྱུད་དེ་བྱ་བའི་འགན་ནུས་གལ་ཆེན་དུ་བརྩིས་ཏེ། ཧུར་ཐག་གིས་བློ་འདོན་ཇུས་འབུལ་བྱས་ནས། མཚོ་སྔོན་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དྲང་ཕྱོགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས།
སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།