ཁྲིན་ཀང་དང་ཧུའུ་ཁྲང་ཧྲིན་གྱིས་མཉམ་དུ་མཚོ་སྔོན་མེན་ཧི་རྫོང་དང་ཀན་སུའུ་ཅི་ཧྲི་ཧྲན་རྫོང་དུ་རྟོག་ཞིབ་བྱས།
2023.08.08 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 19

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྐོར་གྱི་མཛུབ་སྟོན་དགོངས་དོན་གལ་ཆེན་ལག་བསྟར་དོན་འཁྱོལ་ཟབ་མོ་བྱེད་ཆེད། ཟླ་བརྒྱད་པའི་ཚེས་བདུན་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་དང་། ཀན་སུའུ་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཧུའུ་ཁྲང་ཧྲིན་གཉིས་རྨ་ཆུའི་ཕ་རོལ་དང་ཚུར་རོལ་ཏུ་གནས་པའི་མཚོ་སྔོན་ཞིང་ཆེན་མེན་ཧི་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་དང་། ཀན་སུའུ་ཞིང་ཆེན་ཅི་ཧྲི་ཧྲན་པའོ་ཨན་རིགས་ཏུང་ཞང་རིགས་ཟ་ལར་རིགས་རང་སྐྱོང་རྫོང་དུ་སོང་ནས། མཉམ་དུ་རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གནས་ཚུལ་ལ་རྟོག་ཞིབ་བྱས།

ཁྲིན་ཀང་དང་ཧུའུ་ཁྲང་ཧྲིན་གཉིས་མེན་ཧི་རྫོང་གི་དབྱི་ཝང་འགག་དང་། ཅི་ཧྲི་ཧྲན་རྫོང་གི་ཏ་ཏུན་འགག་ཏུ་སོང་ནས། ས་དེའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་ཡུལ་སྐོར་ལྗོངས་ཁུལ་གསར་སྤེལ་གྱི་གནས་ཚུལ་ལ་ལྟ་ཞིབ་བྱས་པ་དང་། མཚོ་སྔོན་དང་ཀན་སུའུ་ཡི་ཡུལ་སྐོར་ལམ་ཐིག་མཉམ་སྐྲུན་མཉམ་སྤྱོད་གནས་ཚུལ་ལ་རྒྱུས་ལོན་བྱས།

རྨ་ཆུའི་ཆུ་རྒྱུན་མཚོ་ཤར་ཏ་ཧི་ཅ་ས་ཚིགས་ནས། ཁྲིན་ཀང་དང་ཧུའུ་ཁྲང་ཧྲིན་གཉིས་ཀྱིས་ས་མཚམས་བརྒལ་བའི་ཆུའི་བཅད་ཁའི་ཆུ་སྤུས་ལྟ་ཞིབ་ཚད་ལེན་གནས་ཚུལ་ཞིབ་འདྲི་བྱས་པ་དང་། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་ཚུན་ལ་རྨ་ཆུའི་གཞུང་རྒྱུན་ས་མཚམས་བརྒལ་བའི་ཆུ་སྤུས་བརྟན་ཞིང་བཟང་བ་ཤེས་རྗེས་ཁོ་གཉིས་དགའ་སྤྲོ་ཆེན་པོ་སྐྱེས། ཀན་སུའུ་ཕྱོགས་ནས། ཁྲིན་ཀང་དང་ཧུའུ་ཁྲང་ཧྲིན་གཉིས་ཀྱིས་མཚོ་སྔོན་དང་ཀན་སུའུ་ཞིང་ཆེན་གཉིས་བར་གྱི་མྱུར་བགྲོད་གཞུང་ལམ་སྟེ་ཏ་ཧི་ཅ་ནས་ཆིན་ཧྲོས་བར་གྱི་གཞུང་ལམ་ལས་གཞི་ལ་བལྟས་པར་མ་ཟད། ལས་གཞི་དེའི་འཕེལ་རིམ་དང་། མཚོ་སྔོན་དང་ཀན་སུའུ་ཡི་གཞུང་ལམ་ཆེན་པོའི་འཆར་འགོད་འཛུགས་སྐྲུན། ཕྱོགས་བསྡུས་འགྲིམ་འགྲུལ་མཉམ་སྦྲེལ་གནས་ཚུལ་ལ་ཉན།

ཁྲིན་ཀང་གིས་ནན་གྱིས་བསྟན་དོན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་དང་འབྲེལ་བའི་དུས་གཏན་གྱི་ཇུས་ཆེན་ཡིན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཐེངས་མང་བོར་གསུང་བཤད་གལ་ཆེན་གནང་བ་དང་མཛུབ་སྟོན་མཆན་བཀོད་གལ་ཆེན་གནང་ནས། ང་ཚོས་བྱ་བ་བཟང་བོར་སྒྲུབ་པར་ཁ་ཕྱོགས་གསལ་སྟོན་གནང་ཡོད་ལ། རྩ་བའི་བསྲུང་བྱ་འདོན་སྤྲོད་བྱས་ཡོད། མཚོ་སྔོན་དང་ཀན་སུའུ་ཞིང་ཆེན་གཉིས་ནི་རི་ཆུ་གཅིག་ཏུ་འབྲེལ་ཞིང་རིག་གནས་གཅིག་ཏུ་འདྲེས་ལ། བརྩེ་བ་གཅིག་ཏུ་འབྲེལ་བའི་རྨ་ཆུ་སྔོན་མོ་མཉམ་དུ་འཐུང་བའི་སྤུན་ཟླའི་ཞིང་ཆེན་ཡིན་པ་དང་། རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་བདེ་འཇགས་ཀྱི་ལྕགས་རི་བརྟན་པོར་བསྐྲུན་པའི་ལས་འགན་གལ་ཆེན་མཉམ་དུ་ཁོར་ཡོད། མཚོ་སྔོན་གྱིས་དུས་ནམ་ཡང་སྐྱེ་ཁམས་ཁོར་ཡུག་ནི་རྒྱལ་ཁབ་ཀྱི་དོན་ཆེན་ཡིན་པ་སེམས་ལ་བརྟན་པོར་བཅངས་པ་དང་། ཆེས་ཆེ་བ་གསུམ་གྱི་ཞིང་ཆེན་གྱི་ངེས་གནས་དང་སྔར་ལས་གལ་ཆེ་བ་གསུམ་གྱི་འཐུབ་ཇུས་གོ་གནས་ལ་གོ་བ་ཟབ་མོ་ལེན་པ། མགོ་ཁུངས་ཀྱི་འགན་འཁྲི་ཕྲག་ཏུ་ཁུར་བ་དང་། གཞུང་རྒྱུན་གྱི་ཁག་ཁུར་མངོན་པར་མཚོན་ནས། གཙང་ཆབ་སྔོན་མོ་ལྷུང་ལྷུང་ཤར་དུ་བཞུར་བར་ཁག་ཐེག་བྱས་ཏེ། བྱ་སྤྱོད་དངོས་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་སེམས་བདེ་བར་བྱེད་དགོས། ཞིང་ཆེན་གཉིས་ཀྱི་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་ཆོད་དོན་འཁྱོལ་བྱེད་པ་དང་། ལན་ཀྲིག་དང་ཟི་ལིང་གྲོང་ཁྱེར་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། ཀན་སུའུ་དང་མཉམ་དུ་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་དང་། ཐོན་ལས་མཐུན་སྦྱོར་འཕེལ་རྒྱས། ཡུལ་སྐོར་སྤུས་འདེགས་རིམ་སྤོར། མི་རིགས་སོ་སོ་འགྲོ་འོང་དང་བརྗེ་རེས། མཉམ་འདྲེས་སོགས་ཐད་ནས་མཉམ་ལས་ཟབ་སྤེལ་བྱས་ཏེ། ས་ཁོངས་འཕེལ་རྒྱས་ཀྱི་ཁྱད་སྟོབས་གསར་པ་མཐོར་འདེགས་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རིག་གནས་འཛིན་སྤེལ་བཞུགས་མོལ་ཚོགས་འདུའི་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ། རྨ་ཆུའི་རིག་གནས་དང་རྨ་ཙོང་རིག་གནས་འཛིན་སྐྱོང་སྤེལ་གསུམ་བྱེད་པ་དང་། རྨ་ཆུའི་འབབ་རྒྱུད་ཀྱི་རིག་གནས་ཡུལ་སྐོར་ཐོན་ཁུངས་སྔོག་འདོན་བེད་སྤྱོད་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གཞོགས་འདེགས་སྔར་ལས་བཟང་བོ་བྱེད་དགོས། རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་ཉམས་གསོ་དང་ཕྱོགས་བསྡུས་བཅོས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་བསྣན་ཏེ། ཆུའི་ཐོན་ཁུངས་སྲུང་སྐྱོབ་དང་། ཆུའི་འབག་བཙོག་འགོག་བཅོས། ཆུའི་ཁོར་ཡུག་ལེགས་བཅོས། ཆུའི་སྐྱེ་ཁམས་ཉམས་གསོ་བཅས་བྱས་ནས། ཆུ་སྤུས་ཚད་གཞི་དང་མཐུན་པར་བྱེད་པ་དང་། རྨ་ཆུ་དྭངས་གཙང་ཞོད་འཇགས་ཡོང་བར་སྲུང་སྐྱོབ་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་མ་ཡུམ་ཆུ་བོར་མཉམ་དུ་སྲུང་སྐྱོབ་བྱེད་དགོས།

ཧུའུ་ཁྲང་ཧྲིན་གྱིས་ནན་གྱིས་བསྟན་དོན། རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་ཏང་ཀྲུང་དབྱང་གིས་བཏོན་པའི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ཞིག་ཡིན། ཀན་སུའུ་དང་མཚོ་སྔོན་གྱིས་རྨ་ཆུ་མཉམ་འཐུང་བྱེད་ཀྱིན་ཡོད་པ་དང་། ཕན་ཚུན་སྟོད་རྒྱུད་དང་སྨད་རྒྱུད་དུ་ཆགས་ཡོད་པར་མ་ཟད། ཕན་ཚུན་གཅིག་ལ་གཅིག་འདྲེས་ཀྱི་ཁྱིམ་ཚང་གཅིག་ལྟ་བུ་ཡིན་པས། རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ཐད་དམིགས་བསལ་གྱི་ལོ་རྒྱུས་འགན་འཁྲི་དང་ཆབ་སྲིད་འགན་འཁྲི་གལ་ཆེན་མཉམ་འཁུར་བྱས་ཡོད། ཀན་སུའུ་ཞིང་ཆེན་གྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངག་བཅོལ་ཡིད་ལ་བརྟན་པོར་བཅངས་ཏེ་རྨ་ཆུའི་བཞུར་རྒྱུད་ཀྱི་ཆུ་ཁུངས་གསོག་ཉར་ཁུལ་དང་མཁོ་སྤྲོད་ཁུལ་གྱི་བྱེད་ནུས་ངེས་གནས་གལ་ཆེན་ཁོང་དུ་ཡང་དག་ཆུད་པར་བྱེད་པ། སྟོད་རྒྱུད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ། ལས་འགན་གལ་ཆེན་ལག་བསྟར་དམ་འཛིན་ཏན་ཏིག་བྱས་ཏེ། རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སླར་གསོ་དང་ས་ཆུ་སྲུང་འཛིན། འབག་བཙོག་འགོག་བཅོས་ཀྱི་འགན་འཁྲི་ལྕི་མོ་ངེས་དོན་གྱིས་འཁུར་དགོས། ཐུན་མོང་ཐོག་སྲུང་སྐྱོང་ཆེན་པོ་དམ་འཛིན་དང་བཅོས་སྐྱོང་ཆེན་པོར་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བའི་འཐབ་ཇུས་ཀྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། མཚོ་སྔོན་དང་མཐུན་སྦྱོར་འཕེལ་རྒྱས་ལ་ཤུགས་སྣོན་རྒྱག་པ་དང་ས་ཁོངས་ལས་བརྒལ་བའི་མཐུན་སྦྱོར་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས་རྨ་ཆུའི་མ་ཡུམ་གཙང་བོར་སྲུང་སྐྱོང་ཡག་པོ་བྱེད་དགོས། ཆུ་ལ་དམིགས་ནས་གྲོང་ཁྱེར་དང་ས་ཁོངས། མི་གྲངས། ཐོན་ལས་བཅས་གཏན་འཁེལ་བྱེད་པའི་རྩ་དོན་མཐའ་འཁྱོངས་ཀྱིས་རི་ཆུ་ནགས་ཞིང་དང་མཚེའུ། རྩྭ་ཐང་། བྱེ་ཐང་། འཁྱག་དར་བཅས་གཞི་གཅིག་ཅན་ལ་སྲུང་སྐྱོང་དང་བརྒྱུད་རིམ་ལྡན་པའི་ངང་བཅོས་སྐྱོང་བྱ་རྒྱུར་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། ས་ཆུ་ཤོར་བ་དང་མྱ་ངམ་ཐང་དུ་འགྱུར་བ་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པ། སྐྱེ་ཁམས་སྲུང་སྐྱོང་སླར་གསོ་བཅས་ལ་ཤུགས་སྣོན་བརྒྱབ་ནས་འབབ་རྒྱུད་ཀྱི་སྐྱེ་ཁམས་རྣམ་པ་མངོན་གསལ་དོད་པོས་ཇེ་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ་རྨ་ཆུའི་སྟོད་རྒྱུད་དང་ཐ་ན་རྒྱལ་ཁབ་ནུབ་རྒྱུད་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་ཧུར་ཐག་གིས་བསྐྲུན་དགོས། སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ནས་ལན་ཀྲིག་དང་ཟི་ལིང་གི་གྲོང་ཁྱེར་ཚོགས་བསྐྲུན་རྒྱུར་སྐུལ་འདེད་མགྱོགས་པོ་གཏོང་བ་དང་། ཀན་སུའུ་དང་མཚོ་སྔོན་གྱི་ཕྱོགས་བསྡུས་འགྲིམ་འགྲུལ་སོགས་རྨང་གཞིའི་སྒྲིག་བཀོད་ཕན་ཚུན་སྦྲེལ་མཐུད་དང་སྤྱི་པའི་ཞབས་ཞུ་མཉམ་སྐྲུན་མཉམ་སྤྱོད་ལ་སྐུལ་འདེད་གཏོང་བ། ཡུལ་སྐོར་ལམ་ཐིག་ཆེན་མོ་འཐུས་ཚང་དུ་གཏོང་བ། ལམ་རྒྱུད་ཀྱི་ཡུལ་སྐོར་ཐོན་ཁུངས་གསར་སྤེལ་ལ་སྐུལ་ཁྲིད་བྱེད་པ། རྨ་ཆུའི་མི་རིགས་ཡུལ་སྲོལ་གོམས་གཤིས་ཀྱི་ཡུལ་སྐོར་ལམ་ཐིག་རྩེ་གྲ་གཏོད་རྒྱུར་ཤུགས་རྒྱག་པ། གསར་གཏོད་མཐུན་སྦྱོར་དང་ཐོན་ལས་མཉམ་ལས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་བཅས་བྱས་ནས་རྨ་ཆུ་དེ་མི་དམངས་ལ་བདེ་སྐྱིད་བསྐྲུན་པའི་བདེ་སྐྱིད་ཀྱི་ཆུ་རུ་འགྱུར་བར་བྱེད་དགོས།

ཕྱིར་ལོག་པའི་ལམ་བར་དུ། ཁྲིན་ཀང་གིས་མིན་ཧི་རྫོང་ལོ་རྒྱུས་རིག་གནས་ཁང་དང་ལཱ་ཅ་གནའ་ཤུལ་དུ་རྟོག་ཞིབ་བྱས།

མཚོ་སྔོན་ཞིང་ཆེན་གྱི་འགོ་ཁྲིད་ཝུའུ་ལ་ཙི་པེ་ཁི་རི་སུའུ་ལེ་ཧན་དང་ཀྲུའུ་ཞང་ཧྥིན། ལིའུ་ཐའོ། ཀན་སུའུ་ཞིང་ཆེན་གྱི་འགོ་ཁྲིད་ཁྲིན་ཞའོ་པའོ་དང་ཀྲང་ཝེ་བཅས་འབྲེལ་ཡོད་བྱེད་སྒོར་ཞུགས།