ཉིས་སྟོང་ཉེར་གསུམ་ལོའི་མཚོ་སྔོན་པོའི་རོལ་དབྱངས་དུས་ཆེན་འགོ་བརྩམས།
2023.08.12 ཁུངས། ཀློག་གྲངས། 20

ཟླ་བརྒྱད་པའི་ཚེས་བཅུ་གཅིག་ཉིན། ཉིས་སྟོང་ཉེར་གསུམ་ལོའི་མཚོ་སྔོན་པོའི་རོལ་དབྱངས་དུས་ཆེན་དེ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མཚོ་སྔོན་པོའི་འགྲམ་དུ་འགོ་བརྩམས། ཀྲུང་གོ་རྩོམ་པ་པོ་མཐུན་ཚོགས་སྙན་ངག་ཨུ་ཡོན་ཚོགས་པའི་ཀྲུའུ་རིན། ཀྲུང་གོ་གྲངས་ཉུང་མི་རིགས་རྩོམ་པ་པོ་མཐུན་ཚོགས་ཀྱི་མཚན་འཛིན་ཚོགས་གཙོ་ཅི་ཏེ་མ་ཅཱ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཀྲང་ཧོང་ཡོན། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཀྲིན་ཁྲང་བཅས་ཚོགས་འདུར་ཞུགས། ཧྲིན་ཀྲང་གཞོན་པ་ཧི་ལུའུ་ཁྲུན་གྱིས་མཛད་སྒོ་འགོ་བརྩམས་པ་ཁྱབ་སྒྲོག་བྱས། 

ཐེངས་འདིའི་རོལ་དབྱངས་དུས་ཆེན་གྱིས་ཆུ་དང་གཙང་བོའི་འགོ་ཁུངས་སུ་ཚེ་སྲོག་གི་དོན་སྙིང་རེག་པ་ཞེས་པ་བརྗོད་དོན་དུ་བཟུང་ནས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱས་ཏེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དྲིལ་སྒྲོག་གཏིང་ཟབ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་དེང་རབས་ཅན་དྲུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་སྤྱིའི་བླང་བྱ་ལྟར། ཕྱི་ཕྱོགས་ཁྱབ་སྒྲོག་དང་རིག་གནས་བརྗེ་རེས་ལ་ཤུགས་བསྣན་ནས། དུས་རབས་གསར་བའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་མཚོ་སྔོན་སྙིང་སྟོབས་ལེགས་པར་མངོན་ཏེ། ཆུ་ཚད་མཐོ་བའི་ཁྱད་ལྡན་རིག་གནས་མིང་གྲགས་འཛུགས་སྐྲུན་བྱེད་པ་དང་། མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་གྲུབ་འབྲས་དང་ཐུན་མིན་ཁྱད་ཆོས་ལྡན་པའི་མི་རིགས་རིག་གནས་དྲིལ་སྒྲོག་དང་འགྲེམ་སྟོན། ཁྱབ་རྡལ་བཅས་སུ་བཏང་ནས། མཚོ་སྔོན་འཛུགས་སྐྲུན་དེ་མཛེས་སྡུག་དང་ཁྱད་མཚར། མཛའ་བརྩེ་དང་འཆམ་མཐུན་བཅས་ལ་དམ་པོར་སྦྲེལ་ནས། རིག་གནས་དང་ཆ་འཕྲིན་བརྗེ་རེས་བྱེད་པའི་རྒྱལ་སྤྱིའི་གར་སྟེགས་སུ་འགྱུར་བར་བྱས་ནས། འཛམ་གླིང་འཛིན་མའི་ཁྱོན་ཡོངས་ལ་གཙང་གསུམ་འགོ་ཁུངས་ཀྱི་གླུ་སྐད་སྙན་མོ་ཐོས་སུ་འཇུག་རྒྱུ་དེ་རེད། 

སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།