ཟླ་བརྒྱད་པའི་ཚེས་བཅུ་གཉིས་ཉིན། གསར་འགོད་པས་རྒྱལ་ཁབ་དངུལ་རྩ་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཟླ་བརྒྱད་པའི་ཚེས་བཅུ་གཉིས་ཉིན་གྱི་སྔ་དྲོའི་དུས་ཚོད་བཅུའི་བར་དུ། ཧི་པེ་སོགས་གནོད་ཐེབས་ས་ཁུལ་གྱི་ཉེན་ཚབ་ལས་ཁུངས་བཅུ་དྲུག་ལ་ཉེན་ཚབ་དོན་རྐྱེན་འབུམ་གཉིས་དང་ཁྲི་གཉིས་ལྷག་འབྱོར་བ་དང་། ཚོད་དཔག་བྱས་ན་གྱོང་གུད་ཐེབས་ཚད་སྒོར་དུང་ཕྱུར་བདུན་དང་བྱེ་བ་བརྒྱད་ས་ཡ་གཉིས་ལ་སླེབས་ཡོད་ཅིང་། མིག་སྔར་དོན་རྐྱེན་འབུམ་གཅིག་དང་ཁྲི་གཅིག་སྟོང་བཞི་ལ་དངོས་སུ་སྐྱིན་ཚབ་བྱིན་ཟིན་པ་དང་། སྐྱིན་ཚབ་བྱིན་པའི་དངུལ་གྲངས་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་བཞི་བྱེ་བ་ལྔ་ལ་སླེབས་ཡོད།
ངོ་སྤྲོད་བྱས་པ་ལྟར་ན། གནོད་ཐེབས་ས་ཁུལ་གྱི་ཉེན་ཚབ་ལས་ཁུངས་ལ་འབྱོར་བའི་འགན་བཅོལ་གྱོད་དོན་ཁྲོད་དུ། ཧེ་ལུང་ཅང་དང་ཅི་ལིན་ཞིང་ཆེན་གཉིས་ཀྱི་ཉེན་ཚབ་དོན་རྐྱེན་ཁྲི་གཅིག་དང་སྟོང་དྲུག་སུམ་བརྒྱ་ཡོད་ཅིང་། ཚོད་དཔག་བྱས་ན་སྟེར་དགོས་པའི་སྐྱིན་ཚབ་མ་དངུལ་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་བདུན་བྱེ་བ་གཅིག་ས་ཡ་བརྒྱད་ལ་སླེབས་རྒྱུ་རེད།
བན་དེ་སྐྱབས་ཀྱིས་བསྒྱུར།