རྒྱལ་ཡོངས་ཀྱིས་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཉེན་མཚམས་གཏན་འཁེལ་བྱས་པའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ས་ཡ་གསུམ་དང་འབུམ་གཅིག་ཁྲི་དགུ་ལ་སླེབས་པར་བྱེད་རྒྱུ་རེད།
2023.08.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 17

ཟླ་བརྒྱད་པའི་ཚེས་བཅོ་ལྔ་ཉིན། རང་བྱུང་ཐོན་ཁུངས་པུའུ་ཡིས་རང་རྒྱལ་གྱི《ཀྲུང་གོའི་སྐྱེ་ཁམས་སྲུང་སྐྱོབ་ཉེན་མཚམས་ཀྱི་རྒྱབ་ཤ་སྔོན་པོའི་དེབ》ཅེས་པ་ཐོག་མར་ཁྱབ་སྒྲོག་བྱས། རྒྱབ་ཤ་སྔོན་པོའི་དེབ་ནང་རང་རྒྱལ་གྱིས་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཉེན་མཚམས་གཏན་འཁེལ་བྱས་པའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ས་ཡ་གསུམ་དང་འབུམ་གཅིག་ཁྲི་དགུ་ལ་སླེབས་པར་བྱེད་པའི་ཁྲོད་དུ། སྐམ་སའི་ས་ཁོངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ས་ཡ་གསུམ་དང་ཁྲི་བཞི་ཡོད་ཅིང་། དེས་སྐམ་སའི་ས་ཁོངས་རྒྱ་ཁྱོན་གྱི་བརྒྱ་ཆའི་སུམ་ཅུ་ཡན་ཟིན་པར་མ་ཟད། རང་རྒྱལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་གཟིགས་སྐྱོང་ས་ཁོངས་སོ་ལྔ་དང་དཔེ་མཚོན་སྐྱེ་ཁམས་མ་ལག་གི་རིགས་བརྒྱ་ཆའི་དགུ་བཅུ་ཡན་ཁེབས་པར་བྱས་ཡོད།

སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཉེན་མཚམས་དེ་མཐོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་ས་ཁུལ་དང་རྨ་ཆུའི་གཙོ་གནད་སྐྱེ་ཁམས་སྲུང་སྐྱོབ་ས་ཁུལ། འབྲི་ཆུའི་གཙོ་གནད་སྐྱེ་ཁམས་སྲུང་སྐྱོབ་ས་ཁུལ། བྱང་ཕྱོགས་ཀྱི་བྱེ་འགོག་ས་ཁུལ་དང་མཚོ་རྒྱུད་ས་ཁུལ་སོགས་ས་ཁོངས་དུ་མར་ཁྱབ་ཡོད། ཞིབ་ཕྲའི་དབྱེ་མཚམས་འབྱེད་པའི་བརྒྱུད་རིམ་ཁྲོད་དུ། རྒྱལ་ཁབ་ཀྱིས“དབྱེ་འབྱེད་ནན་མོ”དང་དངོས་ཐོག་བདེན་འཚོལ་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། སྐྱེ་ཁམས་ནུས་པའི་གཙོ་གནད་ཁུལ་དང་སྐྱེ་ཁམས་ཀྱི་ཆེས་ཉམས་ཞན་ཁུལ་དབྱེ་འབྱེད་བྱས་ནས། སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཉེན་མཚམས་ཁྲོད་འཇོག་བཞིན་ཡོད།

བན་དེ་སྐྱབས་ཀྱིས་བསྒྱུར།