ཟླ་བརྒྱད་པའི་ཚེས་བཅུ་དྲུག་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མིག་སྔའི་དཔལ་འབྱོར་གནས་བབ་དང་དཔལ་འབྱོར་ལས་དོན་སྐོར་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ནས། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། མ་འོངས་པའི་ལས་དོན་ཡག་པོ་བསྒྲུབ་རྒྱུར་ཡང་བསྐྱར་བཀོད་སྒྲིག་བྱས་པ་དང་སླར་ཡང་སྐུལ་འདེད་བཏང་། ལིས་ཆང་གིས་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཚན་རིག་དང་མཐུན་པའི་བརྡར་གཅོད་དང་ཇུས་ཆོད་བཀོད་སྒྲིག་སྟེང་དུ་གཅིག་གྱུར་ཡོང་བར་བྱེད་པ་དང་། བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱེད་པ། ཡིད་ཆེས་སྔར་ལས་ཇེ་བརྟན་དུ་གཏོང་བ། ངེས་ཤུགས་རྒྱུན་འཁྱོངས་བྱེད་པ། མཁྲེགས་གཏོར་དཀའ་སེལ་བྱེད་པ། གནད་ཁེལ་ནུས་ལྡན་གྱི་སྒོ་ནས་སྤྱི་ཁོག་སྙོམས་སྒྲིག་ལག་བསྟར་བྱེད་པ། སྲིད་ཇུས་སྣ་ཚོགས་མཐུན་སྦྱོར་དང་གཞོགས་འདེགས་བྱ་རྒྱུར་ཤུགས་སྣོན་པ་བཅས་བྱས་ནས། ལོ་ཧྲིལ་པོའི་དམིགས་འབེན་ལས་འགན་ཡོངས་འགྲུབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས་ཞེས་ནན་གྱིས་གསུངས།
ལིས་ཆང་གིས་རྒྱལ་ནང་གི་དགོས་མཁོ་རྒྱ་སྐྱེད་གཏོང་རྒྱུར་ཤུགས་སྣོན་པ་དང་འཛད་སྤྱོད་མུ་མཐུད་རྒྱ་སྐྱེད་གཏོང་བ། དངུལ་གཏོང་སྲིད་ཇུས་ཀྱི་བར་སྟོང་ལ་སྐུལ་འདེད་གཏོང་བ། འཛད་སྤྱོད་ཆེན་མོར་སྐུལ་འདེད་གཏོང་བ། དམངས་ཁྲོད་ཀྱི་དངུལ་གཏོང་བརྩོན་སེམས་བསྐྱེད་པ། གཙོ་གནད་ལས་གཞིའི་བཟོ་སྐྲུན་ཞིབ་འཇུག་དང་གསོག་ཉར་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་པ་བཅས་བྱེད་དགོས། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་རྒྱུར་ཤུགས་བསྣན་ནས། ལག་རྩལ་གསར་པ་དང་ལས་རྣམ་གསར་པ་སྤྱད་དེ། སྲོལ་རྒྱུན་ཐོན་ལས་སྒྱུར་བཀོད་དང་རིམ་སྤོར་བྱེད་ཤུགས་སྔར་ལས་ཇེ་མགྱོགས་སུ་གཏོང་བ་དང་། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་གཅིག་སྡུད་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། བཟོ་སྐྲུན་ལས་རིགས་ཀྱི་གཞི་གྲངས་ཅན་གྱི་ཚུལ་སྒྱུར་གོམ་སྟབས་ཁྱོན་ཡོངས་ནས་ཇེ་མགྱོགས་སུ་གཏོང་བ་བཅས་བྱེད་དགོས། བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་རྒྱུར་ཤུགས་བསྣན་ནས། རེས་སྐོར་གསར་བའི་རྒྱལ་དབང་ཁེ་ལས་ཀྱི་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བ་དང་རིམ་སྤོར་བྱེད་སྒོ་ལག་བསྟར་གཏིང་ཟབ་བྱས་ཏེ། དམངས་གཉེར་ཁེ་ལས་ཀྱི་འཕེལ་རྒྱས་ཁོར་ཡུག་སྔར་ལས་ཇེ་ལེགས་སུ་གཏོང་བ་དང་། ཕྱི་ཕྱོགས་ཚོང་དོན་གཞི་ཁྱོན་བརྟན་ལ་གྲུབ་ཆ་ཇེ་ལེགས་སུ་གཏོང་རྒྱུར་སྐུལ་འདེད་ནུས་ལྡན་བཏང་སྟེ། ཕྱི་ཕྱོགས་ཀྱི་མ་དངུལ་བསྡུ་འགུག་དང་སྤྱོད་ཤུགས་སྔར་ལས་ཆེ་རུ་གཏོང་དགོས། ས་ཁོངས་གྲོང་ཁྱེར་དང་གྲོང་གསེབ་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུར་ཤུགས་སྣོན་པ་དང་། གཙོ་ནུས་ཐོན་ཁུལ་གྱི་འཐབ་ཇུས་དོན་འཁྱོལ་གཏིང་ཟབ་བྱེད་པ། གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་བའི་འཐབ་ཇུས་དང་གྲོང་གསེབ་དར་སྤེལ་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་པ། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་དགོས། ཉེན་ཁ་ཆེ་བའི་རིགས་འགོག་སེལ་མཐའ་གཅིག་ཏུ་བྱེད་པར་ཤུགས་བསྣན་ནས། ནུས་ལྡན་དང་གོ་རིམ་ལྡན་པ། ཕན་འབྲས་ལྡན་པ་བཅས་ཀྱི་སྒོ་ནས་གཙོ་གནད་ཁྱབ་ཁོངས་ཀྱི་ངོ་བོའི་རང་བཞིན་གྱི་ཉེན་སེལ་ལས་དོན་ལ་སྐུལ་མ་ནན་མོ་གཏོང་དགོས། དམངས་ཚིས་འགན་ལེན་དང་ཇེ་ལེགས་སུ་གཏོང་རྒྱུར་ཤུགས་སྣོན་པ་དང་། དཀའ་ངལ་ཡོད་པའི་མང་ཚོགས་ལ་སྤྱི་ཚོགས་རོགས་སྐྱོབ་མཐའ་སྐྱོང་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ། ཐབས་ལམ་མང་པོར་བརྟེན་ནས་ལས་ཞུགས་བརྟན་གཏོང་དང་ཡོང་འབབ་འཕར་སྣོན་ཡོང་བར་སྐུལ་མ་གཏོང་བ་བཅས་བྱེད་དགོས། གནོད་འགོག་གནོད་སེལ་དང་བདེ་འཇགས་ཐོན་སྐྱེད་ཀྱི་ལྟ་སྐུལ་དོ་དམ་ལ་ཤུགས་བསྣན་ནས། གནོད་འཚེའི་རྗེས་ཀྱི་སླར་གསོའི་ལས་དོན་ཡག་པོ་སྒྲུབ་པ་དང་བདེ་འཇགས་ཐོན་སྐྱེད་ཀྱི་ཉེན་ཁའི་འགལ་རྐྱེན་ཅི་རིགས་ལ་གྲལ་བཤེར་བཅོས་སྒྲིག་གཏིང་ཟབ་བྱས་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་ཚད་གཞི་མཐོ་བའི་སྒོ་ནས་འགན་ལེན་བྱེད་དགོས་ཞེས་ནན་གྱིས་གསུངས།
ལིས་ཆང་གིས་སྲིད་འཛིན་གྱི་ཕན་ནུས་ཆེ་རུ་བཏང་ནས་ལས་འགན་ཁག་ཡོངས་འགྲུབ་ཐད་འགན་ལེན་ནུས་ལྡན་བྱེད་དགོས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྡེ་ཁག་སོ་སོས་ཁྱོན་ཡོངས་ཀྱི་འདུ་ཤེས་ཇེ་དྲག་ཏུ་བཏང་ནས། “རྒྱལ་ཁབ་ཀྱི་དོན་ཆེན”བློ་ལ་བཅངས་ཏེ་བྱ་བའི་འཇུག་སྒོ་གནད་འཁེལ་ངང་བཙལ་ནས་བྱ་བའི་རྣམ་པ་གསར་པ་བསྐྲུན་དགོས། རང་རྟོགས་སྒོས་གོམ་པ་བརྟན་པོ་སྤོ་བ་དང་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་བསྣན་ནས། “ཕན་འབྲས་ལྡན་པའི་སྒོ་ནས་ལས་དོན་གཅིག་ཡོངས་འགྲུབ་བྱེད་པའི”མཉམ་ཤུགས་མཁྲེགས་གཏོར་ལ་དམ་པོར་དམིགས་ཏེ། མང་ཚོགས་དང་ཁེ་ལས་ཀྱི་ཐོབ་ཚོར་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། བསམ་བློ་གཏོང་སྟངས་ལ་འགྱུར་ལྡོག་བཏང་ནས། བྱ་བ་ཐམས་ཅད་དོན་དངོས་དང་བསྟུན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། བྱ་བའི་བརྒྱུད་རིམ་དང་སྐུལ་སྤེལ་བྱེད་སྟངས་རྒྱུན་ཆད་མེད་པར་ཇེ་ལེགས་སུ་གཏོང་དགོས། འགན་འཁྲི་སྔར་ལས་ཡག་པོ་འཁུར་བ་དང་། ལྟ་སྐུལ་དོ་དམ་དང་ཞབས་ཞུ། བདེ་འཇགས་འགན་ལེན་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཟུང་འབྲེལ་དམ་ཟབ་བྱེད་པ། འཕེལ་རྒྱས་ལ་ཐབས་ཤེས་གང་མང་འདོན་པ་དང་ཁེ་ལས་ལ་རོགས་རམ་གང་མང་བྱེད་པ། སྤྱི་ཚོགས་ཧྲིལ་པོར་ལས་སྒྲུབ་ལས་སྐྲུན་དང་འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་གཏོང་བ་བཅས་ཀྱི་རྣམ་པ་བཟང་པོ་ཞིག་གྲུབ་པར་བྱེད་དགོས་ཞེས་ནན་གྱིས་གསུངས།
རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚང་འཛོམས་གྲོས་ཚོགས་ཀྱི་ཁོངས་མི་ཚོགས་འདུར་ཞུགས་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྡེ་ཁག་དང་ལས་ཁུངས་གཞན་པའི་འགན་འཁུར་བ་ཚོགས་འདུར་ཟུར་ཞུགས་བྱས། ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཀྱི་སྲིད་གཞུང་དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་གི་འགན་འཁུར་བ་གཙོ་བོ་བརྙན་ལམ་ནས་ཚོགས་འདུར་ཟུར་ཞུགས་བྱས།
བན་དེ་སྐྱབས་ཀྱིས་བསྒྱུར།