ཟླ་བརྒྱད་པའི་ཚེས་བཅོ་ལྔ་ཉིན་གྱི་ཕྱི་དྲོར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་ཞིང་ཆེན་ཡོངས་ཀྱི་རིག་གནས་ཡུལ་སྐོར་དང་སྡོད་ཁང་མཁར་གྲོང་འཛུགས་སྐྲུན་བྱ་བར་རྟོག་ཞིབ་བྱེད་སྐབས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་ཟབ་མོ་བྱེད་པ། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་ནན་མོ་བྱེད་པ། མི་དམངས་གཙོར་འཛིན་པའི་འཕེལ་རྒྱས་བསམ་བློ་བརྟན་པོར་འཛུགས་པ། སྔར་ལས་ལྷག་པའི་སྒོ་ནས་དམངས་ཚིས་ལ་འགན་སྲུང་དང་ལེགས་བཅོས་བྱེད་པ། མི་དམངས་ཀྱི་མཚོ་བའི་སྤུས་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་གཏོང་བ་བཅས་བྱས་ཏེ་རིགས་སོ་སོའི་མང་ཚོགས་ཀྱི་ཐོབ་ཚོར་ཇེ་དྲག་ཏུ་འགྲོ་བ་དང་སྐྱིད་སྣང་རྒྱུན་མཐུད་ཐུབ་པ། བདེ་སྣང་ལ་འགན་སྲུང་ཡོད་པར་བྱེད་དགོས་ཞེས་ནན་གྱིས་བསྟན།
ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་དུ་ཝུའུ་ཞའོ་ཅུན་གཞི་གྲངས་རིག་གནས་ཡུལ་སྐོར་གྱི་གཞི་གྲངས་ཆེན་པོའི་སྟེགས་བུ་དང་འཕྲལ་བསྟུན་བཀོད་འདོམས་ལྟེ་གནས་སུ་སོང་ནས། ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་འཁོར་སྐྱོད་དང་འགྲུལ་རྒྱུན། རླངས་འཁོར་འཁོར་རྒྱུག་སོགས་ཀྱི་གནས་ཚུལ་ལ་ཡུལ་དངོས་ནས་བཀོད་གཏོང་དང་རྒྱུས་ལོན་བྱས། ཐོན་ལས་འཕེལ་རྒྱས་ཁྲུའུ་དང་གཟུགས་འདས་ཤུལ་བཞག་རིག་གནས་ཁྲུའུ་རུ་ཝུའུ་ཞའོ་ཅུན་གྱིས་རིག་གནས་ཡུལ་སྐོར་ཐོན་ལས་མཉམ་བསྲེས་གསར་སྐྲུན་འཕེལ་རྒྱས་དང་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན། འཕེལ་རྒྱས་བཅས་ཀྱི་གནས་ཚུལ་ལ་ཞིབ་ཏུ་ཉན། དེའི་རྗེས་སུ་བསྡུས་པའི་བཞུགས་མོལ་ཚོགས་འདུའི་སྟེང་ཝུའུ་ཞའོ་ཅུན་གྱིས་ཤུགས་ཆེན་པོས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ས་བསྐྲུན་པ་སོགས་བྱས་ཏེ་རིག་གནས་དང་ཡུལ་སྐོར་མཉམ་བསྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པ་དང་། སྤུས་འདེགས་ནུས་སྤེལ་འབུར་དུ་ཐོན་པར་བྱས་ཏེ་ཡུལ་སྐོར་མཉམ་བསྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཡུལ་སྐོར་ཞབས་ཞུའི་སྤུས་ཚད་མཐོར་འདེགས་གཏོང་བ། རྣམ་པ་མང་བ་དང་རིམ་པ་མང་བའི་ཡུལ་སྐོར་འཛད་སྤྱོད་དགོས་མཁོ་སྐོང་དགོས་པར་མ་ཟད། བླ་སྲོག་བསྐྲུན་པའི་བྱེད་ནུས་འབུར་དུ་ཐོན་པར་བྱས་ཏེ་ཕུལ་བྱུང་གི་རིག་རྩལ་བརྩམས་ཆོས་དང་རིག་གནས་ཐོན་རྫས་མང་བོ་བསྐྲུན་པ་དང་དེང་རབས་སྤྱི་བའི་རིག་གནས་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་དགོས་ལ། ཕན་ཚུན་བརྗེ་རེས་དང་དཔྱད་གཞིར་འཛིན་པ་འབུར་དུ་ཐོན་པར་བྱས་ཏེ་མཚོ་སྔོན་གྱི་ཁྱད་ལྡན་རིག་གནས་ཕྱོགས་ཡོངས་ནས་དྲིལ་སྒྲོག་བྱེད་པ་དང་རིགས་སོ་སོའི་མི་དམངས་མང་ཚོགས་ལ་རིག་གནས་ཡུལ་སྐོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱེད་དུ་འཇུག་དགོས་ཞེས་ནན་གྱིས་བསྟན།
ཞིང་ཆེན་སྡོད་ཁང་མཁར་གྲོང་འཛུགས་སྐྲུན་ཐིན་དུ་ཝུའུ་ཞའོ་ཅུན་གྱིས་ཞིང་ཆེན་ཡོངས་ཀྱི་མཁར་གྲོང་གི་རང་སྐྲུན་ཁང་བའི་བདེ་འཇགས་ཐད་ཀྱི་མངོན་མེད་རྐྱེན་ངན་ཞིབ་བཤེར་བཅོས་སྐྱོང་བྱས་པ་དང་གྲོང་གསེབ་འཛུགས་སྐྲུན། མཁར་གྲོང་གི་འཚོ་བའི་གད་སྙིགས་དང་བཙོག་ཆུ་བཅོས་སྐྱོང་། མཁར་གྲོང་གི་སོལ་རླངས་ཀྱི་བདེ་འཇགས་ཉེན་ཁར་ཞིབ་བཤེར་དང་དག་ཐེར་བཅོས་སྐྱོང་བྱས་པ་སོགས་ཀྱི་བྱ་བའི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་པར་མ་ཟད། བཞུགས་མོལ་ཚོགས་འདུ་བསྡུས་ཏེ་འབྲེལ་ཡོད་སྙན་ཞུ་ལ་ཉན་པ་དང་། དུས་རིམ་རྗེས་མའི་བྱ་བ་གཙོ་བོར་བཀོད་སྒྲིག་བྱས། ཁོས་ནན་གྱིས་བསྟན་དོན། ཁྱབ་ཁོངས་གཙོ་བོ་དང་ཉམས་ཞན་དུས་རིམ་ལ་དམ་དུ་དམིགས་ནས་མི་འདང་ས་ཁ་གསབ་དང་ཉམས་ཞན་ས་ཇེ་དྲག་ཏུ་གཏོང་བ། མཐོར་འདེགས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་རྒྱུན་ཆད་མེད་པར་འགན་སྲུང་ཇེ་དྲག་ཏུ་གཏོང་བ་དང་ཞབས་ཞུ་ཇེ་ལེགས་སུ་གཏོང་བ། དམངས་ཚིས་ལ་ཕན་བདེ་བསྐྲུན་དགོས། མཁར་གྲོང་གི་རང་སྐྲུན་ཁང་བའི་བདེ་འཇགས་ཐད་ཀྱི་མངོན་མེད་རྐྱེན་ངན་ལ་ཞིབ་བཤེར་ནན་མོ་བྱས་ཏེ་དག་ཐེར་བཅོས་སྐྱོང་བཟང་བོ་བྱེད་པ་དང་། རིགས་བགར་ཇུས་བསྟར་རྒྱུན་འཁྱོངས་བྱེད་པ། ལྟ་སྐུལ་མཛུབ་སྟོན་ལ་ཤུགས་སྣོན་པ། གནད་དོན་དག་ཐེར་བཅོས་སྐྱོང་བྱ་བ་དམ་འཛིན་བྱེད་པ། ཡུན་ཕན་ནང་རྐྱེན་བཙུགས་ནས་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ་སྡོད་ཁང་གི་བདེ་འཇགས་ཐད་ཀྱི་མངོན་མེད་རྐྱེན་ངན་རྩ་བའི་སྟེང་མེད་པར་བྱེད་དགོས། གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་ནན་མོ་གཏོང་བ་དང་བཟོ་སྐྲུན་སྟོང་ཁྲིའི་ཉམས་མྱོང་ལ་སློབ་སྦྱོང་དང་དེ་དཔྱད་གཞིར་འཛིན་པ། འཆར་འགོད་སྣེ་ཁྲིད་རྒྱུན་འཁྱོངས་བྱེད་པ། ཁྱད་ཆོས་འབུར་དུ་ཐོན་པར་བྱེད་པ། ལག་རྩལ་མཛུབ་སྟོན་དམ་འཛིན་བཅས་བྱས་ཏེ་བདེ་སྡོད་ལས་བརྩོན་གྱི་མཛེས་སྡུག་གྲོང་གསེབ་འཛུགས་སྐྲུན་བྱེད་དགོས། མཁར་གྲོང་གི་འཚོ་བའི་གད་སྙིགས་དང་བཙོག་ཆུ་བཅོས་སྐྱོང་ལ་ཤུགས་སྣོན་པ་དང་རྨང་གཞིའི་སྒྲིག་ཆས་ཀྱི་མི་འདང་ས་མགྱོགས་མྱུར་ངང་ཁ་གསབ་བྱས་ཏེ་མཁར་གྲོང་གི་མི་སྡོད་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་བཅོས་བྱེད་དགོས། སོལ་རླངས་ཁྱབ་ཁོངས་ཀྱི་བདེ་འཇགས་ལྟ་སྐུལ་དོ་དམ་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་པ་དང་ཞིབ་བཤེར་བཅོས་སྐྱོང་གི་སྤུས་ཚད་དང་མཁར་གྲོང་གི་སོལ་རླངས་ཀྱི་བདེ་འཇགས་ཆུ་ཚད་མཐོར་འདེགས་བཏང་སྟེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་ལ་འགན་སྲུང་བཟང་བོ་བྱེད་དགོས།
རྟོག་ཞིབ་བྱེད་སྐབས། ཝུའུ་ཞའོ་ཅུན་གྱིས་ཞིང་ཆེན་ཡོངས་ཀྱི་རིག་གནས་ཡུལ་སྐོར་དང་སྡོད་ཁང་མཁར་གྲོང་འཛུགས་སྐྲུན་མ་ལག་གིས་ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པར་སྐུལ་འདེད་གཏོང་བ་དང་གཏན་ཕབ་གཉིས་ལ་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོབ་བྱེད་པ། སྲུང་སྐྱོབ་གཉིས་བཟང་བོར་སྒྲུབ་པ། བརྗོད་དོན་སློབ་གསོ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་སྤེལ་བ། དཔེ་གཞིར་བརྟེན་ནས་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བའི་ཆེད་དོན་སློབ་གསོའི་དག་ཐེར་བཅོས་སྐྱོང་དང་སྤྱོད་ཚུལ་ཐད་ཀྱི་འབུར་ཐོན་གནད་དོན་གྱི་ཆེད་དོན་དག་ཐེར་བཅོས་སྐྱོང་བྱ་བ་ནན་མོར་སྤེལ་བ། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་པ། ནམ་ཡང་ལྷོད་གཡེང་མི་བྱེད་པའི་འགན་འཁྲིའི་བསམ་པ་དང་ཁག་ཁུར་བཟང་བོ་བྱེད་པའི་སྙིང་སྟོབས་ཀྱིས་ལས་འགན་ལག་བསྟར་བཟང་བོ་བྱེད་པ་བཅས་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ཐོད་བརྒལ་གསར་བ་ཡོད་པ་དང་མི་དམངས་ཀྱི་འཚོ་བའི་སྤུས་ཚད་ལ་མཐོར་འདེགས་གསར་བ་ཡོད་པར་བྱེད་དགོས་པའི་བླང་བྱ་བཏོན།
ཧི་ལུའུ་ཁྲུན་གྱིས་མཉམ་དུ་རྟོག་ཞིབ་བྱས།
ལྷ་མོ་ཚེ་རིང་གིས་བསྒྱུར།