རྒྱལ་ནང་གི་མཐོ་རིམ་སློབ་གྲྭ་མང་པོས་མཚོ་སྔོན་དགེ་འོས་སློབ་ཆེན་བར་དུ་ཁ་གཏད་རོགས་སྐྱོར་དང་མཉམ་ལས་མཉམ་འཛུགས་ཀྱི་ལོ་ལྔའི་གྲོས་མཐུན་ཡང་བསྐྱར་བཀོད།
2023.08.18 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 17

ཟླ་བརྒྱད་པའི་ཚེས་བཅུ་བདུན་ཉིན་བསྡུས་པའི་མཚོ་སྔོན་དགེ་འོས་སློབ་ཆེན་ལ་ཁ་གཏོད་རོགས་སྐྱོར་བྱེད་པའི་མཐོ་རིམ་སློབ་གྲྭའི་མཉམ་འབྲེལ་གྲོས་ཚོགས་སྐབས་དྲུག་པའི་སྟེང་།   པེ་ཅིང་དགེ་འོས་སློབ་ཆེན་སོགས་ཁ་གཏད་རོགས་སྐྱོར་བྱེད་པའི་མཐོ་རིམ་སློབ་གྲྭ་ལྔ་དང་ལྷོ་ཕྱོགས་ཚན་རྩལ་སློབ་ཆེན་སོགས་མཉམ་ལས་མཉམ་འཛུགས་སློབ་ཆེན་དགུ་ཡིས་མཚོ་སྔོན་དགེ་འོས་སློབ་ཆེན་བར་དུ་རྗེས་ཕྱོགས་ཀྱི་ལོ་ལྔའི་ཁ་གཏད་རོགས་སྐྱོར་གྱི་མཉམ་ལས་མཉམ་འཛུགས་གྲོས་མཐུན་ཡང་བསྐྱར་བཀོད།  ཧྲིན་ཀྲང་གཞོན་པ་ལིའུ་ཐའོ་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།  པེ་ཅིང་དགེ་འོས་སློབ་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཅན་ཕིང་གིས་གྲོས་ཚོགས་ལ་འགོ་འཛིན་བྱས།

གྲོས་ཚོགས་སྟེང་མཚོ་སྔོན་དགེ་འོས་སློབ་ཆེན་དང་ཁ་གཏད་རོགས་སྐྱོར་གྱི་མཐོ་རིམ་སློབ་གྲྭ་སོ་སོ་དང་མཉམ་ལས་མཉམ་འཛུགས་ཀྱི་མཐོ་རིམ་སློབ་གྲྭ་སོ་སོའི་འཐུས་མིས་ཉིས་སྟོང་བཅོ་བརྒྱད་ལོའི་ཚུན་གྱི་ཁ་གཏོད་རོགས་སྐྱོར་དང་མཉམ་ལས་མཉམ་འཛུགས་བྱ་བའི་གནས་ཚུལ་ཐད་བརྗེ་རེས་བྱས་པར་མ་ཟད།   ཉིས་སྟོང་ཉེར་གསུམ་ལོ་ནས་ཉིས་སྟོང་ཉེར་བརྒྱད་ལོའི་བར་གྱི་ཁ་གཏད་རོགས་སྐྱོར་དང་མཉམ་ལས་མཉམ་འཛུགས་གྲོས་མཐུན་ཡང་བསྐྱར་བཀོད།   ཁ་གཏད་རོགས་སྐྱོར་དང་མཉམ་ལས་མཉམ་འཛུགས་ཀྱི་མཐོ་རིམ་སློབ་གྲྭ་སོ་སོས་ལས་འགན་དང་བྱེད་ཐབས་སོ་སོ་ཇེ་ཞིབ་ཏུ་བཏང་ནས་གྲོས་མཐུན་དོན་འཁྱོལ་བྱེད་པ་དང་མཚོ་སྔོན་དགེ་འོས་སློབ་ཆེན་གྱི་འཕེལ་རྒྱས་ལ་གྲུབ་འབྲས་གསར་བ་ཐོབ་པར་རོགས་འདེགས་བྱེད་པའི་ཚུལ་བསྟན།

སློབ་གསོ་པུའུ་དགེ་རྒན་བྱ་བའི་སི་དང་པེ་ཅིང་དགེ་འོས་སློབ་ཆེན།  ཧྲན་ཏུང་སློབ་ཆེན།   ལན་ཀྲི་སློབ་ཆེན།  ཧྲའན་ཞི་དགེ་འོས་སློབ་ཆེན།   ཧྭ་ཀྲུང་དགེ་འོས་སློབ་ཆེན།  ལྷོ་ཕྱོགས་ཚན་རྩལ་སློབ་ཆེན།  ཡུན་ནན་དགེ་འོས་སློབ་ཆེན། ནང་སོག་དགེ་འོས་སློབ་ཆེན།  པེ་ཅིང་ལུས་རྩལ་སློབ་ཆེན།   ནུབ་བྱང་དགེ་འོས་སློབ་ཆེན།  ནན་ཅིན་ཆ་འཕྲིན་བཟོ་སྐྲུན་སློབ་ཆེན།   ཅང་སུའུ་དགེ་འོས་སློབ་ཆེན།   ཧྲིན་ཀྲིན་སློབ་ཆེན་བཅས་དང་།  དེ་མིན་ཞིང་ཆེན་ནང་ཁུལ་གྱི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་མི་སྣ་གྲོས་ཚོགས་ལ་ཞུགས།

                                                                                                       ལྷ་མོ་ཚེ་རིང་གིས་བསྒྱུར།